མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེམས་སྒོ་ལྔའི་ཤེས་པ་ཁོ་ནར་བརྟེན་བསྡད་ན་དུད་འགྲོ་དང་གཅིག་མཚུངས་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནས་མགོ་འཛུཊ་ཀྱིས་ཉིན་གསུམ་རིང་། ༸གོང་ས་མཆོག་གིས་བཞུཊ་སྒར་དུ་ལྷོ་ཤར་ཨེ་ཤ་ཡ་གཙོས་པའི་རྒྱལ་ཁབ་ ༥༧ ནས་བཅར་བའི་ཕྱི་རྒྱལ་བ་ ༩༠༠། བཞུཊ་སྒར་ཁུལ་གྱི་སེར་སྐྱ་མང་ཚོཊ་བཅས་ཁྱོན་མི་ ༥༠༠༠ བརྒལ་བར་༼སྤྱོད་འཇུག་ཆེན་མོ་༽བཀའ་ཁྲིད་གནང་མགོ་བཙུཊ་ཡོད།

ལྷོ་ཤར་ཨེ་ཤ་ཡའི་ནང་པའི་དད་ལྡན་པ་ཁག་ཅིག་གིས་གསོལ་འདེབས་ཞུས་དོན་ལྟར། དེ་རིང་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་བཞུཊ་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་མཆོག་གིས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཝེ་ཊི་ནམ་དང་སིང་གྷ་ཕོར། མཱ་ལེ་ཤི་ཡཱ། ཐེ་ཝན། ཧོང་ཀོང་། རྒྱ་ནག་སྐམ་ཆེན་མོ་ནས་བཅར་བའི་དད་ལྡན་ཆོས་ཞུ་བ་ ༤༠༠ ཙམ་དང་། འཛམ་གླིང་རྒྱལ་ཁབ་ཁག་ ༥༧ ནས་བཅར་བའི་ཕྱི་རྒྱལ་ཆོས་ཞུ་བ་ ༩༠༠། དེ་བཞིན་བཞུཊ་སྒར་ཁུལ་གྱི་བོད་རིཊ་སེར་སྐྱ་མང་ཚོཊ་བཅས་ཁྱོན་མི་ ༥༠༠༠ བརྒལ་བར། དུས་ཡུན་ཉིན་གསུམ་རིང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་༼སྤྱོད་འཇུག་ལེའུ་ལྔ་བ་༽བཀའ་ཁྲིད་གནང་མགོ་བཙུཊ་ཡོད།

གསུང་ཆོས་མགོ་མ་བཙུཊ་གོང་༸གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་བཀའ་སློབ་བསྩལ་དོན། “སྔོན་ལ་ངོས་ཀྱིས་ནང་ཆོས་ཀྱི་སྤྱི་བཤད་ཅིག་འགྲེལ་བཤད་རྒྱག་རྒྱུ་ཡིན། སངས་རྒྱས་པའི་ཆོས་དེ་ཡོངས་གྲཊ་བྱས་ན་ལོ་ ༢༦༠༠ གོང་སངས་རྒྱས་བཅོམ་ལྡན་འདས་རྒྱ་གར་ལ་ཕེབས་ཏེ། རིམ་བཞིན་ཆོས་ཀྱི་འཁོར་ལོ་བསྐོར་ནས་བྱུང་བ་ཞིག་རེད། ད་ལྟ་ང་ཚོ་དུས་རབས་ ༢༡ ནང་བསླེབས་ཡོད་ལ། ལོ་སྟོང་ཕྲག་གཉིས་གསུམ་གྱི་གོང་བྱུང་བའི་ཆོས་བརྒྱུད་གཙོ་ཆེ་བ་མང་པོ་ཞིག དུས་ད་ལྟ་ཡང་འཛམ་གླིང་འདིའི་མི་མང་པོ་ཞིག་གི་སེམས་ཀྱི་རེ་བ་བཅོལ་ས་ཆཊ་ཡོད། སྤྱིར་ཆོས་ཟེར་བ་དེ་མི་ལ་དཀའ་ངལ་འཕྲད་དེ། སོ་སོས་ཐབས་ཤེས་མ་ཐུབ་པར་ཛ་དྲག་ཆཊ་སྐབས་རེ་བ་བཅོལ་ས་ཞིག་ཏུ་བྱེད་ཀྱི་ཡོད། དེའི་སྟབས་ཀྱིས་ཆོས་ལུཊ་ཁག་གི་ནང་རང་ལས་ནུས་པ་ཆེ་བ་ཞིག་སྐྱབས་གནས་སུ་བརྩིས་ཏེ། སོ་སོའི་བློ་གཏད་བཅོལ་ས་ཡུལ་ལྷ་གཞིས་བདག་བྱས་ཏེ་ལྷ་གསོལ་བ་སོཊ་ཡོང་གི་ཡོད། སོ་སོ་དཀའ་ངལ་འཕྲད་དུས་དེས་རོཊ་པ་བྱེད་ཀྱི་རེད། དེས་སྐྱོབ་ཀྱི་རེད་ཟེར་གྱི་ཡོད། ཆོས་ལུཊ་ནང་ལྟ་གྲུབ་ཡོད་བསྡད་པ་དང་། དད་པ་ཙམ་མིན་པར་དད་པ་བྱེད་སའི་ཡུལ་དེ་འགྲེལ་བཤད་རྒྱག་རྒྱུ་ཡོད་པ། ལྟ་གྲུབ་ཡོད་པའི་ཆོས་ལུཊ་དེ་ཧིན་རྡུའི་གྲངས་ཅན་པ་སྔ་ཤོས་ཆཊ་ཡོད། དེ་ལོ་ ༣༠༠༠ ལྷག་ཕྱིན་ཡོད་པ་རེད། དེ་བཞིན་ཨ་རབ་དཔལ་ཡོན་ནང་དུའང་ཆོས་ལུཊ་དེར་ལོ་ ༤༠༠༠ གི་སྐད་ཆ་བཤད་ཀྱི་ཡོད། དེ་བཞིན་རྒྱ་ནག་ཏུའང་དེ་འདྲའི་དད་པ་བྱེད་མཁན་ཡོང་བཞིན་ཡོད་ ”ཅེས་གསུངས་སོང་།

རྒྱ་གར་གྱི་ཆོས་ལུཊ་མཐུན་སྒྲིལ་སྐོར་ལ། “ལྟ་གྲུབ་ཤུཊ་ཆེན་པོ་ཡོད་མཁན་མང་ཆེ་བ་རྒྱ་གར་ནས་རེད། ལོ་ ༢༦༠༠ གོང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལུཊ་དང་། སྟོན་པ་མཱ་ཧཱ་བྷེ་རིའི་ཇེན་ཆོས་ལུཊ་བཅས་བྱུང་ཡོད། ཨ་རབ་ནང་ཇོ་ཌེ་ཛིན་དང་ཡི་ཤུ། ཁ་ཆེ་ཆོས་ལུཊ་སོཊ་བྱུང་ཡོད་ལ། གནའ་རབས་གྱི་ཨི་རན་ནས་ཛོ་རཱ་ཛོ་ཌིན་གྱི་ཆོས་ལུཊ་བྱུང་ཡོད། དེང་སྐབས་རྒྱ་གར་ནང་འཛམ་གླིང་ཆོས་ལུཊ་ཚང་མ་ཡོད་བསྡད་པ་ཞིག་རེད། རྒྱ་གར་རང་ནས་གྲངས་ཅན་པ་དང་མི་རྟག་པའི་གྲུབ་མཐའ་མང་པོ་ཞིག་དང་། སངས་རྒྱས་ཀྱི་གྲུབ་མཐའ་དང་སིག་ཆོས་ལུཊ་སོཊ་བྱུང་ཡོད། དེ་ནས་ཛོ་རཱ་ཛོ་ཌིན་དང་ཡི་ཤུ། འཇེའུ། ཁ་ཆེ་སོཊ་རྒྱ་གར་ཕྱི་ལོཊ་ནས་ཡོང་བའི་ཆོས་ལུཊ་ཆཊ་ཡོད། གང་ལྟར་འཛམ་གླིང་འདིའི་ཆོས་ལུཊ་གཙོ་ཆེ་བ་རྣམས་རྒྱ་གར་ནང་ཡོད་བསྡད་པ་ཞིག་རེད། ཛོ་རཱ་ཛོ་ཌིན་ལ་དད་པ་བྱེད་མཁན་རྒྱ་གར་ནང་འབུམ་ ༡ དང་། དེའི་ནང་མུམ་བྷེ་ཕྱོཊ་སུ་ཁྲི་བདུན་བརྒྱད་ཙམ་ལས་མེད། དེ་ཚོ་གྲངས་ཀ་ཧ་ཅང་ཉུང་ཉུང་ཆཊ་ཡོད་ཀྱང་། སོ་སོའིོ་ཕ་མེས་ཀྱི་ཆོས་ཉམས་ལེན་བྱས་ཏེ་འགྲོ་བསྡད་པ་ཞིག་རེད། དེར་ཞེད་སྣང་དང་ཐུབ་ཚོད་གཏོང་མཁན་སུ་གཅིག་ཡོིད་པ་མ་རེད། དེ་ཚོ་ནི་ཧ་ཅང་ཡག་པོ་རེད། རྒྱ་གར་གྱི་ཆོས་ལུཊ་ཚང་མ་ཆབ་སྲིད་ཀྱི་ཁ་ཐུག་གི་དཔལ་འབྱོར་དང་། དབང་ཆའི་འཐབ་རྩོད་ཐོག་ཆོས་ལུཊ་ཀྱི་མིང་འཁྱེར་མཁན་ལོ་རྒྱུས་ཐོག་བྱུང་ཡོད་ལ། དེང་སང་ཡང་རེ་ཟུང་ཡོང་བསྡད་པ་ཞིག་རེད། སྤྱི་ཡོངས་ཀྱི་ཆ་ནས་རྒྱ་གར་ནང་གི་ཆོས་ལུཊ་ཚང་མ་ཞི་མཐུན་མཉམ་གནས་ཆཊ་ཡོད་ ”ཅེས་གསུངས།

འཛམ་གླིང་ཆོས་ལུཊ་དད་མོས་ཐོག་གསུངས་དོན། “ད་ལྟ་དུས་རབས་ ༢༡ ནང་བསླེབས་ཡོད་ཀྱང་ཆོས་ལུཊ་གཙོ་ཆེ་བ་དེ་ཚོས། འཛམ་གླིང་འདིའི་མི་མང་པོ་ཞིག་ཕན་ཐོཊ་ཡོང་གི་ཡོད། ངོས་ཀྱིས་ནམ་རྒྱུན་འདི་ལྟར་བཤད་ཀྱི་ཡོད། འཛམ་གླིང་འདིར་མི་དུང་ཕྱུར་ ༧༠ ཡོད་པ་དེ། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ཤ་སྟག་ཆཊ་ཡོད། དེར་རྩོད་པ་གང་ཡང་ཡོད་པ་མ་རེད། མི་ཚང་མས་བདེ་བ་འདོད་ཀྱི་ཡོད་པ་རེད། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་མི་དུང་ཕྱུར་ ༧༠ ཡོད་པ་རྣམས། ངོས་ཀྱིས་ནམ་རྒྱུན་དུམ་བུ་གསུམ་དུ་དབྱེ་བཞིན་ཡོད། དུམ་བུ་གཅིག་ཆོས་ཟེར་བ་དེ་ཡོད་མ་རེད། ཆོས་མི་ལ་མགོ་སྐོར་གཏོང་བྱེད་དང་བཤུ་གཤོག་གཏོང་བྱེད་རེད་ཟེར་མཁན་དང་། དུམ་བུ་གཉིས་པ་དེ་བཏང་སྙོམས་སུ་སྡོད་མཁན་དང་ཆོས་ལ་དོ་སྣང་མེད་མཁན། ཆོས་ལ་མཐའ་གཅིག་ཏུ་ངོ་རྒོལ་མེད་མཁན་གྱི་རིཊ་རེད། གསུམ་པ་དེ་ཁ་ནས་ང་རང་ཆོས་བརྒྱུད་འདི་ཡིན་ཞེས་བཤད་ཀྱི་ཡོད་པ་མ་གཏོཊ། ངོ་གདོང་མི་ཚེ་སྐྱེལ་སྐབས་དོ་སྣང་དེ་ཙམ་མེད་མཁན་གྲས་རེད། དེ་གསུམ་པོ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་འདྲ་འདྲ་རེད། དེ་ཚོར་ཞིབ་འཇུག་བྱས་ན། ཆོས་ཟེར་བ་དེར་ཕན་ཐོཊ་ཡོད་མ་རེད་ཟེར་མཁན་ཚོས། འགག་ལ་ཐུག་ན་དྲང་པོ་དང་བདེན་པ། བྱམས་པ་དང་བརྩེ་བ་སོཊ་ལ་དོ་སྣང་མེད་པའི་བཟོ་འདྲ་བོ་རེད། དེའི་རྐྱེན་པས་ཆོས་མེད་མཁན་དེ་ཚོ། སོ་སོར་སྐྱིད་པོ་ཡོད་པ་མ་རེད་ལ་སྤྱི་ཚོཊ་ནང་དུའང་སྐྱིད་པོ་ཡོད་པ་མ་རེད་ ”ཅེས་གསུངས།

སོ་སོའི་ཆོས་ལུཊ་དེར་ཡིད་ཆེས་གཙང་མ་བྱེད་དགོས་སྐོར་ལ། “ཆོས་ཁས་ལེན་མཁན་ཞིག་ཡིན་ན། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་པ་ཞིག་གི་ངོས་ནས། ངས་མ་རུང་པ་བྱས་ན་དཀོན་མཆོག་ཐུཊ་ཁྲོ་གི་རེད་ཟེར་ནས། འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ལ་ཞེད་སྣང་སྐྱེས་ཏེ་བག་ཡོད་བསྟེན་གྱི་རེད། ཆོཊ་བརྒྱུད་གཙོ་ཆེ་བ་དེ་ཚོས། གཞན་ལ་དྲང་པོ་དང་བྱམས་པ། བརྩེ་བ་བྱ་དགོས་པ་རེད་ཅེས་བཤད་ཀྱི་ཡོད། དེ་འདྲའི་ཐོག་རང་རང་གི་ཆོས་ལུཊ་ལ་དོན་དམ་གྱི་ཡིད་ཆེས་བྱེད་མཁན་དང་། ལག་ལེན་དུ་བསྟར་མཁན་ཚོ་ཏན་ཏན་སེམས་སྐྱིད་པོ་ཡོད་པའི་བཟོ་འདྲ་འདུག ངོས་ཀྱིོ་ངོ་ཤེས་ཡི་ཤུ་དང་ཁ་ཆེ། འཇེའུ་སོཊ་ཀྱི་ཆོས་པ་མང་པོ་ཡོད། སོ་སོའི་ཆོས་ལུཊ་ལ་ཡིད་ཆེས་ཀྱིས་ལག་ལེན་བསྟར་མཁན་དེ་དག སེམས་བག་ཕེབས་ཡོད་བསྡད་པ་ཞིག་དང་དཀའ་ངལ་འཕྲད་སྐབས་སེམས་ནང་དཀའ་སྡུག་མེད་པར་གནས་ཐུབ་ཀྱི་འདུག ”ཅེས་གསུངས།  

ནང་པའི་ཆོས་ལུཊ་ཀྱི་བདེ་སྐྱིད་འཚོལ་སྟངས་སྐོར་ལ། “ཆོས་ཀྱི་དགོས་དོན་ག་རེ་ཟེར་ན། མིའི་བདེ་སྐྱིད་བསྐྲུན་རྒྱུ་དེ་རེད། སངས་རྒྱས་པའི་ཆོས་ལ་ཆ་བཞག་ན། འཕྲལ་མངོན་མཐོ་བསྒྲུབ་རྒྱུ་དང་ཕུཊ་ངེས་ལེཊ་བསྒྲུབ་རྒྱུ་དེ་རེད། དེ་གཉིས་ཀ་བདེ་སྐྱིད་ཀྱི་རྩ་བ་རེད། མངོན་མཐོ་བསྒྲུབ་དགོས་ན། ཕྱི་མའི་མངོན་མཐོ་བསྒྲུབ་དགོས་ཀྱི་ཡོད་ལ། ཕྱི་མའི་མངོན་མཐོ་བསྒྲུབ་རྒྱུ་དང་ཆབས་ཅིག་ཚེ་འདིའི་མངོན་མཐོ་བསྒྲུབ་དགོས་པ་རེད། ཕྱི་མའི་མངོན་མཐོ་དེར་མིང་མངོན་པར་མཐོ་བ་ཟེར་གྱི་ཡོད་དུས། སོ་སོའི་སྒོ་གསུམ་གྱི་སྤྱོད་པ་དེའང་མིང་དོན་མཚུངས་པའི་མངོན་པར་མཐོ་བ་ཞིག་བྱ་རྒྱུ་གལ་ཆེན་རེད། ལུས་མངོན་པར་མཐོ་བའི་མི་ལུས་ཐོབ་ཡོད། སེམས་དེ་དུད་འགྲོ་དང་འདྲ་བར་ཆཊ་སྡང་གིས་གཞན་དབང་དུ་སོང་སྟེ། སྒོ་ལྔའི་ཤེས་པ་ཁོ་ནར་བརྟེན་བསྡད་ན། དུད་འགྲོ་དང་གཅིག་པ་ཆཊ་པ་རེད། དུད་འགྲོ་ལས་ཁྱད་འཕཊ་ཀྱི་སེམས་མངོན་པར་མཐོ་བ་ཞིག་ཡོང་བར། མི་ཚེ་ཧྲིལ་པོ་སྒོ་ལྔའི་ཤེས་པ་ཁོ་ནར་མ་བརྟེན་པར། གཙོ་བོ་ཡིད་བློ་རྟོཊ་པའི་སྒང་བསམ་བློ་བཏང་སྟེ། ཡིད་བློ་རྟོཊ་པའི་སྒང་སེམས་ཀྱི་བདེ་སྐྱིད་འཚོལ་རྒྱུ་དང་། དཀའ་ངལ་ལ་གདོང་ལེན་བྱ་རྒྱུ་ཡིད་བློ་རྟོཊ་པའི་སྒང་ཡོང་དགོས་རྒྱུ་ལས་སྒོ་ལྔའི་ཤེས་པར་རག་ལས་ཡོད་པ་མ་རེད། ཡིད་བློ་རྟོཊ་པའི་སྒང་བསམ་བློ་བཏང་ཡོང་དུས་བློ་དཀྲུག་ཡོང་མཁན་དེ། ཉོན་མོངས་ཆཊ་སྡང་རྨོངས་གསུམ་ཆཊ་ཡོད། ཆཊ་སྡང་རྨོངས་གསུམ་སེམས་དཀྲུག་མཁན་ཡིན་པ་ངོ་ཤེས་ཏེ་དེར་གདོང་ལེན་བྱས་ན། དུད་འགྲོ་ལས་ལྷག་ཅིག་ཆཊ་པ་རེད། དུད་འགྲོས་བསམ་བློ་གཏོང་ཐུབ་ཀྱི་ཡོད་པ་མ་རེད། དུད་འགྲོས་སྒོ་ལྔའི་ཤེས་པར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པ་མ་གཏོཊ། ཡིད་བློ་རྟོཊ་པ་ཡོད་ཀྱང་བེད་སྤྱོད་གཏོང་ཐུབ་ཀྱི་མེད་ལ། ཉོན་མོངས་ངོས་འཛིན་བྱ་རྒྱུ་དེ་བས་ཀྱང་ཡོད་པ་མ་རེད ”ཅེས་གསུངས།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

སྐར་མ ༦ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༣ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡

མཆན། 2

  1. བོད་པ་ཚང་། says:
    ལོ་ 14 སྔོན།

    གསར་འགོད་པར་རེ་བ་དང་དྲི་བ་གཉིས་ཡོད།བཀའ་སློབ་ཀྱི་སྐོར་ངེས་པར་དུ་ཡེ་གེ་ལ་དག་ཆ་དགོས་རྒྱུ་གལ་ཆེན་པོ་རེད། འདིར་ཡིད་ལུས་རྟོགས་པ་ཟེར་བ་ཞིག་བྲིས་འདུག འདི་ཕལ་ཆེར་ཡིག་ནོར་ཡིན་ཁ་རེད། ཡིན་མིན་གསལ་བོ་ཞིག་གང་མགྱོགས་གསལ་བོར་འདིར་འགོད་རོགས།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ༸ཞབས་པད་སྲིད་མཐའི་བར་དུ་བརྟན་འགྱུར་ཅིག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese