མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཡི་ཐུག་འཕྲད་ཕྱིར་འཐེན།

བོད་ཀྱི་དུས་བབ།
༢༠༡༢/༠༩/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞི་ཅིན་ཕེན་གྱི་ཕྱི་རྒྱལ་དཔོན་རིགས་ཚོར་ཐུག་འཕྲད་ཀྱི་ལས་རིམ་ཡོངས་ རྫོགས་ཕྱིར་འཐེན་བྱས་ཡོད་པ་དང་། དེ་ནི་ཞི་ཅིན་ཕེན་གྱི་ལྟག་རྒྱབ་ལ་རྨས་ཕོག་པས་རེད་ཟེར། 

དེ་རིང་ཕྱི་ཚེས་ ༥ ཉིན། རྒྱ་གཞུང་གིས་སྲིད་འཛིན་གཞོན་པ་ཞིས་ཅིན་པེན་གྱི་ཕྱི་རྒྱལ་དཔོན་རིགས་ཁག་ལ་ཐུག་འཕྲད་ཀྱི་ལས་རིམ་ཡོངས་རྫོགས་གློ་བུར་ཕྱིར་འཐེན་བྱས་ཡོད་པ་དང་། ཉིན་དེའི་ལས་རིམ་ཁྲོད་ད་ལྟ་རྒྱ་ནག་ཏུ་གཟིགས་སྐོར་བྱེད་བཞིན་པའི་ཨ་རིའི་རྒྱལ་དོན་དྲུང་ཆེ་ཧེ་ལི་རའེ་དང་། སིན་གྷ་པོའི་སྲིད་བློན་ལིས་སིན་ལཱོན། ཨུ་རུ་སུའི་འཐུས་ཚབ་ཚོགས་པ་ཞིག་ལ་ཐུག་འཕྲད་བྱ་རྒྱུ་བཅས་ཚུད་ཡོད་འདུག

ཁ་སང་རྒྱ་གཞུང་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུའང་། ཨ་རིའི་རྒྱལ་དོན་དྲུང་ཆེ་ཧེ་ལི་རའེ་ཡིས་ཐེངས་འདིའི་གཟིགས་སྐོར་སྐབས། རྒྱ་གཞུང་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་། སྲིད་བློན་ཝུན་ཇ་པའོ། སྲིད་འཛིན་གཞོན་པ་ཞིས་ཅིན་ཕེན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐུས་མི་ཏེ་པེན་ཀོ   ཕྱི་འབྲེལ་དྲུང་ཆེ་ཡཱང་ཅེ་ཁྲི་བཅས་ལ་ཐུག་འཕྲད་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་མ་ཟད། དེ་རིང་སྔ་དྲོ་ཧེ་ལི་རའེ་དང་ཧུའུ་ཅིན་ཐའོ་གཉིས་ཐུག་འཕྲད་བྱས་ཡོད་པ་རེད།

ཨ་རིའི་ཕྱི་འབྲེལ་མགྲིན་ཚབ་པས།  ཕྱི་ཚེས་ ༤ ཉིན་གྱི་དགོང་མོ་གློ་བུར་དུ་རྒྱ་གཞུང་གིས་སྐབས་འཕྲལ་ལས་རིམ་གོ་སྒྲིག་གི་དབང་གིས།  ཧེ་ལི་རའེ་དང་ཞི་ཅིན་ཕེན་གྱི་ཐུག་འཕྲད་ཕྱིར་འཐེན་བྱ་དགོས་བྱུང་བའི་གནས་ཚུལ་འབྱོར་སྐོར་བརྗོད་འདུག

ཧྭ་ཨར་ཅའེ་གསར་ཤོག་གིས་ཨ་རིའི་དཔོན་རིགས་ཤིག་གི་སྐད་ཆ་ལུང་འདྲེན་བྱས་ཏེ། གློ་བུར་བའི་གནས་ཚུལ་གྱི་དབང་གིས་ཧེ་ལི་རའེ་དང་ཞི་ཅིན་ཕེན་གྱི་ཐུག་འཕྲད་དེ་ཕྱིར་བསྡུ་བྱེད་དགོས་བྱུང་པ་དང་། རྒྱུ་རྐྱེན་གཙོ་བོ་ནི་ཞི་ཅིན་ཕེན་གྱི་ལུས་པོའི་ལྟག་རྒྱབ་ལ་རྨས་སྐྱོན་ཕོག་པས་ཡིན་ཚུལ་བརྗོད་འདུག ཡིན་ནའང་། ཞི་ཅིན་ཕེན་ལ་ཕོག་པའི་རྨས་སྐྱོན་གྱི་ལྕི་ཡང་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོག་བྱུང་མི་འདུག 

རྒྱ་གཞུང་ཕྱི་འབྲེལ་སྡེ་ཁག་གི་དྲུང་ཆེ་ཡཱང་ཅེ་ཁྲི་ཡིས་དེ་རིང་ཉིན་གུང་གི་གསར་འགོད་ལྷན་ཚོགས་ཐོག ཕྱི་རྒྱལ་གྱི་གསར་འགོད་པ་དག་གི་དོགས་འདྲིར་ལན་འདེབས་སྐབས། རྒྱ་གཞུང་གིས་ཧེ་ལི་རའེ་གྱི་གཟིགས་སྐོར་ལ་བརྩི་མཐོང་ཆེན་པོ་བྱེད་བཞིན་ཡོད་ལ། གཟིགས་སྐོར་གྱི་ལས་རིམ་ཡོངས་རྫོགས་ཕྱོགས་གཉིས་ཀྱི་གྲོས་བསྡུར་བརྒྱུད་གནང་གི་ཡོད། དེའི་ཐད་ཕྱི་ཕྱོགས་ནས་དོགས་སློང་གནང་དགོས་གང་ཡང་མེད་སྐོར་བརྗོད་འདུག

རྒྱལ་ཁབ་ཕྱི་ནང་གི་གསར་ལམ་ཁག་དང་གནས་འཕྲིན་དྲ་རྒྱའི་ནང་གནས་ཚུལ་དེའི་ཐད་དོ་སྣང་དང་གླེང་སློང་ཤུགས་ཆེན་པོ་བསླེབས་བཞིན་པར་བརྟེན། རྒྱ་གཞུང་གིས་ཞིན་ལཱང་ཝེ་པའོ་ཡི་དཔྱད་གླེང་བཀག་སྡོམ་བྱས་པར་མ་ཟད། རྒྱ་ནག་ནང་ཤུགས་རྐྱེན་ཆེ་བའི་ཝེ་པའོ་ཟིན་བྲིས་རྣམས་ཐད་ཀར་སྒོ་གཏན་ཡོད་འདུག

རྒྱ་ནག་པེ་ཅིན་གྱི་ཆབ་སྲིད་ཐད་དབྱེ་ཞིབ་གནང་མཁན་དག་གིས། མ་འོངས་པའི་རྒྱ་གཞུང་གི་སྲིད་འཛིན་ཞིས་ཅིན་ཕེན་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་དེས། བསླེབ་ལ་ཉེ་བའི་རྒྱ་དམར་ཚོགས་ཆེན་ ༡༨ པར་འགལ་རྫས་ཆེན་པོ་ཞིག་བཞག་ཡོད་པར་བརྗོད། 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༡ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 7

  1. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    ཨ་ལ། ད་དུང་བཤད་རྒྱུ་ཞིག་ལ། རྒྱ་གཞུང་ཕྱི་འབྲེལ་སྡེ་ཁག་གིས་ཉིན་དེར་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ཚོར་ཤོག་ཅེས་ད་ཐེངས་སྐད་གཏོང་གི་ཡོད་འདུག འགྲོ་མཁན་ཡོད་ན་ལམ་ལ་ལོངས་ར། ཧཧཧ

    Reply
  2. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    ཞིས་ཅིན་ཕེན་གྱི་ལུས་པོའི་ལྟག་རྒྱབ་ལ་རྨས་ཕོག་པའི་རྒྱུ་མཚན་དེ་ཁ་གསལ་གང་ཡང་མི་འདུག སྐད་ཆ་འདི་བསླེབས་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ་ནི། ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཞིས་ཅིན་ཕེན་དང་ཧེ་ལི་རའེ་གཉིས་སྒེར་གྱི་ཐུག་འཕྲད་ལས་རིམ་གཏན་ཁེལ་ཡོད་པ་དེ་གློ་བུར་ཕྱིར་འཐེན་བྱ་དགོས་བྱུང་འདུག དེའང་རྒྱ་གཞུང་གིས་ཕྱོགས་ནས་ཕྱི་ཚེས་ ༤ དགོང་མོའི་ཆུ་ཚོད་ ༡༡ ཙམ་ལ་གློ་བུར་དུ་ཨ་རིའི་ཕྱོགས་ལ་སྔར་གཏན་ཁེལ་ཡོད་པའི་ཐུག་འཕྲད་དེ་ཕྱིར་བྱ་དགོས་བྱུང་བའི་གནས་ཚུལ་བརྗོད་འདུག ཡིན་ནའང་། ཕྱིར་འཐེན་དགོས་པའི་རྒྱུ་མཚན་གནས་ལུགས་ཇི་ལྟར་འགྲེལ་བརྗོད་བྱས་ཡོད་མེད་གསར་ལམ་ཁག་ཏུ་ཁ་གསལ་བརྗོད་མི་འདུག གསར་ལམ་ཁག་ཏུ་ཐུག་འཕྲད་ཕྱིར་འཐེན་བྱ་དགོས་བྱུང་བའི་རྒྱུ་མཚན་ཐད། ཨ་རི་ཕྱོགས་ནས་སྔ་ཕྱིར་འགྲེལ་བཤད་རིགས་གཉིས་བརྗོད་འདུག དང་པོ་དེ། གློ་བུར་བའི་ལས་རིམ་གོ་སྒྲིག་གི་རྐྱེན་པས་ཐུག་འཕྲད་ཕྱིར་འཐེན་བྱུང་ཚུལ་བརྗོད་འདུག གཉིས་པ་དེ། ཞི་ཅིན་ཕེན་གྱི་ལུས་པོའི་ལྟག་རྒྱབ་ཏུ་རྨས་སྐྱོན་ཕོག་རྐྱེན་ཐུག་འཕྲད་ཕྱིར་འཐེན་བྱ་དགོས་བྱུང་ལུགས་བརྗོད་འདུག རྒྱ་གཞུང་གིས་གསར་ལམ་ཁག་ཏུ་འགྲེལ་བརྗོད་བྱེད་སྟངས་ནི། ལས་རིམ་གྱི་མགོ་མཇུག་བར་གསུམ་ཕྱོགས་གཉིས་ཀྱིས་གོ་སྡུར་ནང་བཞིན་འགྲོ་གི་ཡོད་པས། ཕྱི་ཕྱོགས་ནས་དོགས་སྣང་བྱ་དགོས་མེད་ལུགས་བརྗོད་འདུག གཞི་རྩ་གཙོ་བོ་གོང་གི་འདི་དག་ལ་ཐུག་ཡོད་པ་རེད།
    དེས་རྐྱེན་གྱིས་གསར་ལམ་ཁག་གིས་དོགས་སློང་བདའ་འདེད་ཀྱི་དྲི་བ་མང་པོ་བསླེབས་པ་རེད། དེ་བཞིན། དབྱེ་ཞིབ་པ་དག་དང་གནས་འཕྲིན་དྲ་རྒྱའི་ཐོག་དེ་འབྲེལ་གྱི་གནས་ཚུལ་སྣ་ཚོགས་ཐོན་འདུག དོགས་སློང་གཙོ་བོ་རིགས་གསུམ་རེད། གཅིག ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་གླིང་ཕྲན་བདག་དབང་རྩོད་རྙོག་ཐད་ཨ་རིའི་ལངས་ཕྱོགས་ལ་རྒྱ་གཞུང་གིས་མི་འདོད་པའི་རྣམ་འགྱུར་བསྟན་པ། གཉིས། ཞིས་ཅིན་ཕེན་ལ་མེ་མདའ་དང་གྲི་སོགས་ཀྱི་རྨས་སྐྱོན་ཕོག་པ། གསུམ། རྒྱ་ནང་གློ་བུར་བའི་ཆབ་སྲིད་ཀྱི་རྙོག་དྲ་ཆེན་པོ་ཤིག་བསླེབས་པ་བཅས་རེད། དོགས་སློང་དང་པོ་དེར་གནས་ལུགས་རྒྱུ་མཚན་མང་པོ་ཞིག་གི་ཐོག་ནས་བདེན་ཤོས་ཆེན་པོ་མི་འདུག ཉིན་དེར་གཞན་པའི་ལས་རིམ་ཁག་ཅིག་ཀྱང་ཕྱིར་འཐེན་བྱས་འདུག ཧུའུ་དང་ཝུན། ལི་ཚང་མས་སྣེ་ལེན་བྱས་འདུག རྒྱུ་མཚན་རེ་རེ་འདིར་བཀོད་ན་རིང་དྲགས་རྒྱུ་རེད། དོགས་སློང་གཉིས་པ་དེ་གཞི་འཛིན་ས་གཙོ་བོ་ཨ་རིའི་དཔོན་རིགས་ཀྱི་འབྲེལ་བརྗོད་དེ་ཆགས་ཡོད། དེ་བཞིན། གནས་འཕྲིན་དྲ་རྒྱ་ཁག་ཏུ་ཞིས་ཅིན་ཕེན་ལ་མེ་མདའ་ཕོག་སྟེ། ༣༠༡ སྨན་ཁང་དུ་ཁྱེར་ཡོད་ཚུལ་དང་། ད་ལྟ་སྨན་ཁང་དེར་བཀག་སྡོམ་ནན་མོ་བྱས་ཡོད་སྐོར་གྱི་སྐད་ཆ་རླུང་ཁུར་གྱང་སྣ་ཚོགས་ཤིག་འདུག དོགས་སློང་གསུམ་པ་དེ་སྤྱི་ཡོངས་ཀྱི་ཆ་ནས་བལྟས་ནས་རྒྱུ་མཚན་ཆེ་ཙམ་འདུག གཅིག་ནས། ཧེ་ལི་རའེ་དང་ཞི་ཅིན་ཕེན་སྒེར་གྱི་ཐུག་འཕྲད་སྐབས། ཧེ་ལི་རའེ་ཡིས་དེ་སྔོན་ཝང་ལི་ཅོན་གྱིས་ཨ་རིའི་གཞུང་ཚབ་ཚང་ལ་བརྗོད་ཟིན་པའི། ཅཱང་དང་ཀྲིག པའོ་གསུམ་ལྐོག་འབྲེལ་གྱིས་ཞིས་ཅིན་ཕེན་གྱི་དབང་ཆ་རྩིས་ལེན་ལ་བར་ཆད་བཟོ་འཆར་གྱི་གསང་བ་སྣེ་ཤོར་མ་དེའི་རྒྱུ་རྙོག་ཡོད་ཚད་བརྗོད་འཆར་ཡོད་པར། རྒྱ་གཞུང་དཔོན་རིགས་ནང་ཁུལ་དོགས་སློང་དང་འགའ་བ་ཛ་དྲག་བྱུང་བའི་ཉེར་ལེན་ལ་བརྟེན་ནས། ཞིས་དང་ཧེ་ལི་རའི་ཐུག་འཕྲད་ཕྱིར་འཐེན་དགོས་པ་ཆགས་སྲིད་པ་རེད། ཕྱི་ཚེས་ ༤ ནས་༥ བར་གློ་བུར་ཀྲིག་ཡུང་ཁང་ཨན་ཧེ་ཧི་ཧྥེ་རུ་བསྐྱོད་དེ། ཉེ་སྔོན་ཀུའུ་ཁའེ་ལའེ་ལ་ཁྲིམས་ཐག་གཅོད་སའི་ཁྲིམས་ཁང་ལ་ལྟ་སྐོར་བྱས་འདུག གཞན་ཡང་། ཉེ་ཆར་པེ་ཅིན་ནས་ཨ་རིའི་བསྐྱོད་པའི་གནམ་གྲུ་ཕྱིར་ལོག་དགོས་བྱུང་བ་དེའི་ནང་གི་བྲོས་བྱོལ་བ་དེ་ནི། འདི་ལོའི་ཕྱི་ཟླ་ ༧ ནང་ལས་གནས་སྤོར་བའི་པེ་ཅིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཟུར་པ་ལིག་ཆི་ཡིན་སྐོར་གྱི་གནས་ཚུལ་ཤིག་ཀྱང་གླེང་གི་འདུག གཞན་ཡང་། ཉེ་ཆར་རྒྱ་ནག་གི་གནད་ཡོད་དཔོན་རིགས་བརྗེ་སྤོར་གྱི་གནས་ཚུལ་ཀྱང་བྱུང་བ་རེད། དེའི་ཐད་ནས་དཔྱད་ཞིབ་གླེང་སློང་སྣ་ཚོགས་འདུག དེ་དག་ཚང་མར་གཞིགས་ན། དོགས་སློང་གཉིས་པ་དང་གསུམ་པ་གང་རུང་ཞིག་ལ་བདེན་ཤོས་ཆེ་ཙམ་སྣང་། ཡིན་ནའང་། མཐའ་གཅིག་ཏུ་འདི་རེད་ཅེས་གནད་དོན་དེ་དང་ཐད་ཀར་འབྲེལ་མེད་ཀྱི་མི་སུས་ཀྱང་བརྗོད་ཐུབ་ཀྱི་མ་རེད། ཞིས་ཅིན་ཕེན་དང་རྒྱ་གཞུང་མཐོ་རིམ་དཔོན་རིགས་ཚོའི་སེམས་ན་གསལ་ལེར་ཡིན་རྒྱུ་རེད། ད་ཉོག་ཐལ། འདི་ཁ་སང་གི་གནས་ཚུལ་རེད།

    དེ་རིང་གནས་ཚུལ་གསར་བ་ཞིག་ཐོན་འདུག རྒྱ་གཞུང་ཞིན་ཧྭ་གསར་ཁང་གིས་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཞིས་ཅིན་ཕེན་གྱིས་ཌན་མག་སྲིད་འཛིན་ལ་རྒྱ་ནག་མི་དམངས་ཚོགས་ཁང་ནང་ཐུག་འཕྲད་བྱ་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དག་གི་དྲི་བ་དང་ལེན་བྱ་ཡིན་པ་བསྒྲགས་འདུག དེ་དུས་གནས་ཚུལ་དེར་འགྲེལ་བཤད་ཅིག་ཏན་ཏན་བསླེབས་རྒྱུ་རེད། ད་གནས་སྐབས་རིམ་པས་དེ་ཙམ་བྱེད།

    Reply
  3. ཨ་རིག་འགྱུར་མེད། says:
    ལོ་ 14 སྔོན།

    “རྒྱུ་རྐྱེན་གཙོ་བོ་ནི་ཞི་ཅིན་ཕེན་གྱི་ལུས་པོའི་ལྟག་རྒྱབ་ལ་རྨས་སྐྱོན་ཕོག་པ”འི་སྐོར་འདི་ཤེས་འདོད་ཆེན་པོ་འདུག་ལགས།
    སྐུ་ཉིད་ཀྱིས་ཐུགས་ངལ་ལ་མི་འཛེམ་པར་འདིའི་ཐད་ཀྱི་གསར་འགྱུར་ཞིབ་ཚགས་ཤིག་བསྒྱུར་གནང་མཛད་པའི་རེ་བ་ཅི་ནས་ཀྱང་ཆེ།
    གུས་བཅས། ལས་གྲོགས་ཨ་རིག་གིས།

    Reply
  4. ཤིག། says:
    ལོ་ 14 སྔོན།

    ཨ་ཁ། ཞི་ཅིན་ཕེན། རྨ་ཕོགས་ནས་ཤི་ན་རྒྱ་འདྲེ་གང་བྱེད་ཀྱི་རེད། དེ་རིང་ཁ་སང་རྒྱ་འདྲེ་རྣམ་ལ་ལས་བྲས་འཁོར་བའི་རྟག་མང་པོ་ཐོང་རྒྱུ་འདུག་པའི་འོ་ཅག་བོད་ཚོར་སྐྱིད་པའི་ཉི་མ་ཤར་བའི་རེ་བ་སྨོན་ཡོད་དོ།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    དེ་རིང་ཞི་ཅིན་ཕེན་གྱི་ལྟག་རྒྱབ་ལ། ལྷ་ལུང་དཔལ་གྱི་རྡོ་རྗེའི་མདའ་ཕོག་པ་རེད་ཟེར།

    Reply
  6. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    ཁ་གསལ་དགོས་ན་་་་་་ངས་ཁོའི་མགོ་ལྟག་ལ་སོ་རྒྱག་ཅིག་བྱས་ཡོད་པ་དེ་ལ་ཟེར་གི་ཡོད་པ་རེད་་་

    Reply
  7. དུག་མདུང་རྩེ་དགུ། says:
    ལོ་ 14 སྔོན།

    ལྟག་རྒྱབ་ལ་རྨག་ཕོག་ལབ་ན་ག་རེ་གསུང་གི་ཡོད་རེད། ཁ་གསལ་ཙམ་གསུང་རོགས་གནང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese