མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒན་གྱའི་ཕ་སྐད་དོ་དམ་ཚན་ཆུང་སྒོ་རྒྱག་ཏུ་བཅུག་སོང་།

བོད་ཀྱི་དུས་བབ།
༢༠༡༢/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp


སྔར་ལོའི་ཕྱི་ཟླ་བདུན་པའི་ནང་རྒྱ་ནག་གཞུང་གིས་བླ་བྲང་བསང་ཆུ་རྫོང་༼རྒན་གྱའི་ཕ་སྐད་དོ་དམ་ཚན་ཆུང་༽ཞེས་པའི་བོད་ཀྱི་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཕྱག་ལས་གནང་བཞིན་པའི་ཚོགས་པའི་ཚོགས་མི་ཁག་ཅིག་བཀག་ཉར་འདྲི་བརྩད་བྱས་མཐར། ཚོགས་པའི་ཡིག་ཆ་དང་ཐམ་ཀ་སོགས་གཞུང་བཞེས་བཏང་སྟེ་ལས་མཚམས་འཇོག་ཏུ་བཅུག་ཡོད་འདུག

ངྷ་རམ་ས་ལའི་དབུས་སྣེ་ལེན་ཁང་ལ་བོད་ནས་གསར་དུ་འབྱོར་བའི་གྲྭ་བསོད་ནམས་རྒྱ་མཚོ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༡༧ ཉིན་རྒན་གྱ་བྲག་དཀར་དགོན་པའི་དགེ་འདུན་པ་ཁག་ཅིག་གིས་མ་སྐུལ་དང་བླངས་ཐོག་༼རྒན་གྱའི་ཕ་སྐད་དོ་དམ་ཚན་ཆུང་༽ཞེས་པ་ཞིག་བཙུགས་ཡོད་པ་དང་། ཚན་ཆུང་དེས་དེང་གི་གསར་བྱུང་དངོས་པོ་མང་པོ་ཞིག་ལ་བོད་པ་རང་གི་བརྡ་དང་ཐ་སྙད་བེད་སྤྱོད་མ་བྱས་པར་རྒྱ་སྐད་དང་བསྲེས་ལྷད་ཅན་གྱི་སྐད་སྤྱོད་ཀྱི་ཡོད་པ་དང་། དམངས་ཁྲོད་ཀྱི་ཁ་བརྡའི་ནང་རྒྱ་སྐད་ཀྱི་ཐ་སྙད་མང་པོ་ཞིག་རྒྱུན་འབྱམས་སུ་སོང་སྟེ་མི་རིཊ་རང་གི་སྐད་ཡིན་མིན་ཐེ་ཚོམ་སྐྱེ་དགོས་པའི་གནས་སྟངས་ལ་སླེབས་པ་སོགས་ལ་གཞིགས་ཏེ། རྒན་གྱ་ས་ཁུལ་གྱི་སློབ་མ་རྒན་པ་ཚོས་གཞོན་པ་རྣམས་ལ་གུང་གསེང་སྐབས་དང་བསྟུན་ནས་ཟབ་སྦྱོང་འཛིན་གྲྭ་བཙུགས་ཏེ། བོད་ཡིག་བོད་སྐད་གཙང་མ་ཡོང་ཐབས་སུ་འབད་འབུང་བྱེད་ཀྱི་ཡོད་པར་རམ་འདེགས་བཅས་ཀྱི་ཆེད་དུ་ཡིན་འདུག 

 

༢༠༠༩ ལོ་ནས་བཟུང་ལོ་རེར་ཚོགས་མི་རེ་ལ་རྒྱ་སྒོར་ ༡༥ ནས་ ༢༠ བསྡུ་བཞིན་པའི་མ་དངུལ་གྱིས་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དང་། རྭ་རྒྱ་ཤེས་རིག་ནོར་བུའི་གླིང་གཉིས་ཀྱིས་པར་བསྐྲུན་བྱས་པའི་༼ ཐ་སྙད་ཕྱོགས་བསྒྲིགས༽ཀྱི་དེབ་ཕྲེང་གཉིས་ལས་རྒྱུན་སྤྱོད་ཀྱི་ཐ་སྙད་ ༢༠༠  ལྷག་ཟུར་འདོན་གྱིས་༼རྒྱུན་བཀོད་ཐ་སྙད་ཕྱོགས་བསྒྲིགས༽ ཞེས་པའི་དེབ་ཆུང་ ༢༠༠༠ ལྷག་པར་བསྐྲུན་གྱིས་རྒན་གྱའི་ཚོ་བ་དྲུག་གི་སྡེ་བ་ ༡༤ ཙམ་ནང་འགྲེམས་སྤེལ་དང་། ཟླ་ངོ་གཉིས་གསུམ་རེའི་མཚམས་སུ་སྡེ་བ་ཁག་ནང་འཚོགས་བཞིན་པའི་ཟབ་སྦྱོང་འཛིན་གྲྭར་ཕྱིན་ཏེ། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་བོད་སྐད་ཡིག་སྲུང་སྐྱོབ་ཐོག་གནང་བའི་བཀའ་སློབ་དང་། རྒྱ་ནག་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐོབ་ཐང་སྐོར་སོགས་ངོ་སྤྲོད། བོད་སྐད་གཙང་མའི་ཐ་སྙད་བློ་འཛིན་དང་བེད་སྤྱོད་ཡག་པོ་གཏོང་མཁན་དག་ལ་དཔེ་དེབ་དང་འབྲི་དེབ་ཀྱི་གསོལ་རས་གནང་བ་སོགས་ཀྱི་ཕྱག་ལས་གནང་ཡོད་འདུག

 

ཉིས་སྟོང་བཅུ་ལོར་ས་གནས་མང་ཚོགས་ཚོས་ཕ་སྐད་དོ་དམ་ཚན་ཆུང་དེས་སྐད་ཡིག་སྲུང་སྐྱོབ་གཅིག་པུ་མིན་པར། ས་གནས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་བྱ་འགུལ་ཞིག་སྤེལ་དགོས་པའི་རེ་བ་བཏོན་པ་ལྟར། ༢༠༡༠ ལོའི་ཟླ་ ༣ ཚེས་ ༢༤ ཉིན་ཕ་སྐད་དོ་དམ་ཚོགས་ཆུང་གི་གོ་སྒྲིག་འོག རྒན་གྱའི་ཚོ་བ་དྲུག་གི་སྡེ་བ་ ༡༤ དང་དགོན་སྡེ་ཁག་ ༣ བཅས་ཀྱི་མི་སྣ་བསྐངས་ཏེ། སུ་རུག་སྡེ་བའི་ནང་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཚོགས་འདུ་ཚོགས་རྒྱུའི་གྲ་སྒྲིག་བྱས་སྐབས། ཞང་སྲིད་གཞུང་གིས་བཀག་སྡོམ་བྱས་སྟབས། ཞང་སྲིད་གཞུང་གི་ཚོགས་ཁང་དུ་སྐྱ་སེར་མི་སྣ་ ༦༠ ཙམ་འདུ་འཛོམས་ཀྱིས་ལོ་རེའི་བོད་ཟླ་ ༤ ཚེས་ ༡ ནི་རྒན་གྱའི་ས་ཁུལ་ཡོངས་ཀྱི་ཁོར་ཡུག་གཙང་བཟོའི་ཉིན་མོར་གཏན་ཁེལ་བྱས་ཡོད་འདུག

 

ལོ་དེའི་བོད་ཟླ་ ༤ བའི་ཚེས་ ༡ ཉིན་ཕ་སྐད་དོ་དམ་ཚན་ཆུང་གིས་རྒྱན་གྱའི་སྡེ་བ་ཡོངས་སུ་ལྕགས་སྡོང་སྟེང་༼ ང་ཚོའི་ཁོར་ཡུག་ལ་འབག་བཙོག་བཟོ་མི་ཆོག ༽ཞེས་བསྐོས་ཡོད་པ་བཙུགས་ཏེ་ལས་འགུལ་དངོས་སུ་ལག་བསྟར་བྱས་ཡོད་པ་དང་། གཞན། སྡེ་བ་ཁག་ཏུ་ཡིག་རྨོངས་སེལ་ཆེད་༼ ཡིག་རྨོངས་སེལ་བའི་སྒྲོན་མེ། ༽ ཞེས་པའི་དེབ་ཆུང་ ༥༠༠ ཙམ་བཀྲམས་ཏེ་སློབ་ཁྲིད་མགོ་འཛུགས་ཀྱིས་ལོ་དེའི་ཕྱི་ཟླ་ ༡༢ པའི་ཚེས་ ༨ ཉིན་མཇུག་བསྡུ་རྒྱུའི་འཆར་གཞི་ཡོད་ཀྱང་། ཕྱི་ཚེས་ ༧ ཉིན་བླ་བྲང་བསང་ཆུ་རྫོང་བདེ་འཇགས་ལས་ཁུངས་དང་ཆོས་ལུགས་ལས་ཁུངས། རྒན་རྒྱ་ཞང་སྲིད་གཞུང་གི་ལས་བྱེད་བཅས་བྲག་དཀར་དགོན་པར་ཡོང་སྟེ། ཕ་སྐད་དོ་དམ་ཚན་ཆུང་གི་བྱ་འགུལ་དེ་དག་རྒྱལ་ཁབ་ཁ་བྲལ་དང་མང་ཚོགས་བསླུ་བྲིད་གཏོང་བའི་བྱ་འགུལ་ཡིན་སྐོར་བརྗོད་དེ། ཚོགས་མི་ཁག་ཅིག་ལ་ཚོཊ་པས་མ་དངུལ་གྱི་འབྱུང་ཁུངས་དང་ཕྱི་རྒྱལ་ལ་འབྲེལ་བ་ཡོད་མེད། གསེར་རྟ་དང་ར་རྒྱའི་དགེ་རྒན་ཚོས་བཀོད་འདོམས་བྱས་མིན། ཚོགས་མིའི་ཡོང་ཁུངས་སོགས་འདྲི་ཞིབ་དང་། གོང་རིམ་གྱི་ཆོག་མཆན་མེད་པར་བྱ་འགུལ་སྤེལ་བའི་ནག་ཉེས་འོག་གྲྭ་བ་ ༤ ལ་སྐྱོན་ངོས་ལེན་གྱི་ཡི་གེ་འབྲི་རུ་བཅུག་སྟེ། ཉིན་དེར་ཕ་སྐད་དོ་དམ་ཚན་ཆུང་གི་ལས་ཐམ་དང་ཡིག་ཆ་ཁག དཔེ་དེབ་སོགས་གཞུང་བཞེས་བཏང་ཡོད་པ་མ་ཟད། རྗེས་ཕྱོགས་དགོན་པའི་ནང་སློབ་མ་གཅིག་ལའང་སློབ་ཁྲིད་བྱེད་མི་ཆོག་པ་དང་། སོ་སོའི་ནང་མིར་ཡང་སློབ་ཁྲིད་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག

 

དེའི་རྗེས་སླར་ཡང་ལས་བྱེད་ ༢༠ ལྷག་ཡོང་སྟེ། དགོན་པ་ཁག་དྲུག་ཏུ་བགོས་རྗེས་ཉིན་བཅུ་ལྷག་གི་རང་༼ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་ལུགས་ལས་དོན་སྲོལ་ཡིག་ཨང་ ༤༢༦ པ། ༽ དང་༼ རྒན་གྱ་ཞང་བྲག་དཀར་དགོན་པའི་དོ་དམ་སྲོལ་ཡིག༽བཅས་པ་གཉིས་ཀྱི་ཐོག་ནས་སློབ་གསོ་བརྒྱབ་པ་མ་ཟད། ཕ་སྐད་དོ་དམ་ཚན་ཆུང་གི་ནག་ཉེས་དང་འབྲེལ་ཏེ། དགོན་པའི་གྲྭ་བ་ ༨༧ ལྷག་ལ་ངོས་ལེན་ཡི་གེ་འབྲི་རུ་བཅུག་ཡོད་འདུག

 

དེ་མིན། བཀའ་བློན་ཁྲི་པའི་དམ་འབུལ་ཉིན་མོ་དང་ཕྱི་ཕྱོགས་ཀྱི་དུས་དྲན་མཛད་སྒོའི་ཉིན་མོ་ཁག་ཏུ་གྲྭ་བ་ཚོ་མི་མང་འདུ་འཛོམས་སར་སོང་མི་ཆོག་པ་དང་། མི་མང་གི་བསང་གསོལ་གཏོང་སར་འགྲོ་མི་ཆོག་པ་བཅས་ཀྱི་བཀའ་བཏང་ཡོད་པ་མ་ཟད། སྐབས་དེ་ནས་བཟུང་དགོན་པའི་ནང་དུ་དོ་དམ་པ་སོགས་མི་གསུམ་དང་རྫོང་གི་མི་གསུམ། ཞང་གི་མི་གསུམ་བཅས་མི་ ༩ ཆེད་དུ་བསྐོ་བཞག་བྱས་ཏེ། ནམ་རྒྱུན་གྲྭ་བ་ཚོས་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་བྱེད་ཀྱི་ཡོད་འདུག་ལ། ད་ལོའི་ལོ་མགོར་བསང་ཆུ་རྫོང་གི་རྫོང་དཔོན་གཞོན་པ་ཀླུ་འབུམ་ཐར་དགོན་པར་ཡོང་སྟེ། གྲྭ་མང་ལ་ ༢༠༠༨ ལོའི་ཚུན་ནས་བླ་བྲང་དགོན་པ་ལས་གཞན་ཡར་ལངས་བྱེད་མཁན་འབོ་ར་དགོན་ཡིན་པ་དང་། དེ་ལས་གཞན་ཞིག་ཡོད་པ་དེ་བྲག་དཀར་དགོན་པའི་ནང་ཕ་སྐད་གཙང་མ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་ཐོག་ནས་སྤྱི་ཚོགས་བརྟན་བརླིང་ལ་གནོད་པའི་བྱེད་སྒོ་རིགས་སྤེལ་ཡོད་ཚུལ་གྱི་སྐྱོན་བརྗོད་བཅས་བྱས་ཡོད་འདུག 

གསར་འགོད་པ། དོན་གོ

༼ བོད་ཀྱི་དུས་བབ་ཚགས་པར་ལས་བདམས་བཀོད་བྱས། ༽

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 1

  1. གནས་ཚང་། says:
    ལོ་ 14 སྔོན།

    རྒན་གྱའི་སྒྲིག་འཛུགས་གཏོར་བར་སྐྱོ་སོང་།
    རྡ་སར་ནང་འཁྲུག་མང་བར་སུན་སོང་།
    བོད་གཞུང་གཤེད་དུ་སྒྲུབ་པར་ཞེད་སོང་།
    རང་བཙན་ཉེས་པར་བཤད་པར་འཇིགས་སོང་།

    བོད་ལ་དཔའ་རྒོད་མང་བར་གུས་སོང་།
    རང་སྲོག་མེ་རུ་བསྒྲོན་པར་དད་སོང་།
    རང་བཙན་གློད་ཀྱི་མེད་པར་དགའ་སོང་།
    ཕྱིས་འབྱུང་བོད་ལ་ཐུག་པས་སྐྱིད་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese