མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོན་གྲུབ་དབང་ཆེན་ཕྱི་རྒྱལ་དུ་ལེན་རོཊ།

བོད་ཀྱི་དུས་བབ།
༢༠༡༢/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

གློག་བརྙན་༼འཇིགས་བྲལ༽བཟོ་མཁན་དོན་འགྲུབ་དབང་ཆེན་ལགས་ ༢༠༠༨ ཟླ་ ༣ ཚེས་ ༢༦ ཉིན་རྒྱ་གཞུང་གིས་འཛིན་བཟུང་གིས་ལོ་ ༦ གི་ཁྲིམས་ཐག་བཅད་དེ་ད་བར་ལོ་ ༤ ལྷག་འགྲོ་བཞིན་ཡོད། ཕྱི་ཚེས་ ༢༣ཉིན་འདི་གའི་གསར་འགོད་པ་ངྷ་སར་གནས་སྡོད་དོན་གྲུབ་དབང་ཆེན་ལཊ་ཀྱི་ཆུང་མ་ལྷ་མོ་འཚོ་ལཊ་དང་ཁོང་གི་ཕ་མ་གཉིས་བཅས་ཀྱི་སར་བསྐྱོད་དེ། ཁོང་ཅག་གི་ད་ལྟའི་གནས་སྟངས་དང་། དོན་གྲུབ་དབང་ཆེན་ལཊ་ད་ལྟ་རྒྱའི་བཙོན་ཁང་དུ་གང་འདྲ་ཡོད་མེད་བཅས་ཀྱི་སྐོར་རྒྱུས་ལོན་བྱས་ཡོད།

    དོན་གྲུབ་དབང་ཆེན་ལཊ་ཀྱི་ཆུང་མ་ལྷ་མོ་འཚོ་ལཊ་ཀྱིས་བརྗོད་པ་ལྟར་ན། དོན་གྲུབ་དབང་ཆེན་ལཊ་རྒྱ་གཞུང་གིས་འཛིན་བཟུང་མ་བྱས་གོང་ཁོང་གིས་བོད་དོན་ཐོག་ལས་འགུལ་སྤེལ་རྒྱུའི་འཆར་གཞི་སྔ་ས་ནས་བཟོས་ཡོད་པ་དང་། འཆར་གཞི་དེ་ལམ་ལྷོངས་ཡོང་བ་དང་ནང་མི་བུ་ཕྲུག་ཚོར་དཀའ་ངལ་མི་འབྱུང་ཆེད། ཁོང་གིས་ནང་མི་བུ་ཕྲུག་དང་ཕ་མ་སྤུན་མཆེད་རྣམས་སྔ་རྗེས་སུ་རྒྱ་གར་དུ་བཏང་ཡོད་སྐོར་དང་། ཁོང་འཛིན་བཟུང་བྱས་རྗེས་ཀྱི་ཟླ་ཤས་རིང་ནང་མི་བུ་ཕྲུག་ཚོས་སེམས་སྡུག་གི་མིག་ཆུའི་ཁྲོད་ནས་མི་ཚེ་བསྐྱལ་ཡོད་པ་དང་། ལྷག་པར་དུ་ཆུང་མ་ལྷ་མོ་འཚོ་ཡིས་ས་མཐའ་ནས་ལོ་མང་རིང་བག་ལེབ་བཙོང་སྟེ་དཀའ་སྡུག་དང་ཁེར་རྐྱང་གི་འཚོ་བ་བསྐྱལ་ཡོད་ཚུལ། དེ་བཞིན། ཁོང་གི་ཨ་མའི་ནད་རྙིང་འཕར་ཏེ་སྙིང་གཤག་བཅོས་གཏོང་དགོས་པའི་ཛ་དྲག་གནས་སྟངས་སོཊ་བྱུང་ཡོད་སྐོར་ངོ་སྤྲོད་གནང་སོང་།

    ལྷ་མོ་འཚོ་ལཊ་ཀྱིས་མུ་མཐུད་དུ་བརྗོད་ན། ད་ལྟ་དོན་གྲུབ་དབང་ཆེན་ལཊ་ཀྱི་གཅེན་མོ་ཞིག་གིས་བཙོན་ཁང་དུ་ཟླ་རེར་ཐེངས་གཅིག་ལ་ཁོང་ལ་ཐུག་འཕྲད་དུ་འགྲོ་བཞིན་ཡོད་ཀྱང་། ཐུག་འཕྲད་སྐབས་ཤེལ་སྒོའི་ཕྱི་ལོཊ་ནས་ཁ་པར་བརྒྱུད་སྐར་མ་ ༡༠ ཙམ་ལས་ཁ་བརྡ་བྱེད་ཆོག་གི་མེད་པ་དང་། སྐད་ཆའི་ནང་དོན་ལ་ཚད་བཀག་ཡོད་པ། ཕན་ཚུན་བར་སྐད་ཆ་གང་བཤད་པ་ཚང་མ་བཙོན་སྲུང་བས་ཟིན་ཐོར་འགོད་པ་སོགས་བྱེད་ཀྱི་ཡོད་འདུག་ལ། ཐུག་འཕྲད་དུ་ཡོང་མཁན་ཚོའི་ཟ་མར་བཀག་འགོག་བྱེད་པ་དང་། སྒེར་ངོས་ནས་སྨན་བཅོས་རོཊ་རམ་བྱེད་མཁན་ཚོར་ངོས་ལེན་བྱེད་ཀྱི་མེད་འདུག བཙོན་ཁང་དུ་འགྲོ་ཐེངས་རེར་དོན་གྲུབ་དབང་ཆེན་ལཊ་ཀྱི་ཁ་བརྡ་གཙོ་བོ་ནི། ད་ལྟ་དགུང་ལོ་ ༧༠ བརྒལ་བའི་ཁོང་གི་བགྲེས་སོང་ཕ་མ་གཉིས་ཀྱི་འཕྲོད་བསྟེན་གནས་བབ་དང་། རྒྱ་གར་དུ་སློབ་སྦྱོང་བྱེད་བཞིན་པའི་ཕྲུ་གུ་ཚོའི་སློབ་སྦྱོང་གི་མདུན་ལམ་སྐོར་ཡིན་འདུག

    ལྷ་མོ་འཚོ་ལཊ་ཀྱིས་བརྗོད་གསལ་ལྟར་ན། དེ་སྔོན་དོན་གྲུབ་དབང་ཆེན་ལཊ་བཙོན་འཇུག་བྱེད་སའི་བཙོན་ཁང་གི་བཙོན་པ་ཚོས། ཉིན་རེར་ཆུ་ཚོད་ ༡༧ རིང་ལས་ཀ་བྱ་དགོས་ཀྱི་ཡོད་ཅིང་། བཙོན་པ་ཚོའི་ལས་ཀ་གཙོ་བོ་ནི་ཁང་པ་རྒྱག་རྒྱུ་དང་ཞིང་ལས། འཚེམ་བུ་རྒྱག་རྒྱུ་སོཊ་ཡིན་འདུག་ཅིང་། ད་ཆར་བཙོན་ཁང་གི་བཙོན་པ་ཚོའི་ལས་ཀའི་དུས་ཚོད་ལ་འགྱུར་བ་ཐེབས་ཏེ་ཅུང་གུ་ཡངས་སུ་སོང་ཡོད་ཀྱང་། དོན་གྲུབ་དབང་ཆེན་ལཊ་སུ་མཆིན་པའི་གཉན་ཚད་ཀྱི་ནད་གཞི་ཕོག་ཡོད་པ་ཤེས་བཞིན་དུ་དུས་ཐོག་སྨན་བཅོས་བྱེད་མ་བཅུག་པ་དང་། ཟས་བཅུད་མ་འདང་བ། བསམ་བློ་བསྒྱུར་བཅོས་སློབ་གསོ་སྤྲོད་དགོས་པ་སོཊ་ཀྱིས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

    གསར་འགོད་པས་ལྷ་མོ་འཚོ་ལཊ་སུ་བཅར་འདྲི་ཞུས་པར། “ ངའི་ཁྱོ་ག་དོན་གྲུབ་ལ་བཙོན་འཇུག་ཁྲིམས་ཐག་བཅད་རྗེས། འཛམ་གླིང་རྒྱལ་ཁབ་ཁག་གི་གཞུང་དང་གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་མི་སྣ་མང་པོ་ཞིག་ངྷ་སར་ཡོང་སྟེ། ང་རང་ལ་གནས་ཚུལ་དེའི་སྐོར་ཡང་ཡང་དྲིས་སོང་། ༢༠༡༠ ལོ་ནས་ད་བར་ང་རང་སུད་སི་དང་ཧྥ་རན་སི། དབྱིན་ཇི། ཧོ་ལན་ཊི། འཇར་མན། བྷེལ་ཇམ། ཨ་རི་དང་ཁེ་ཎ་ཌ་བཅས་ལ་འགྲོ་རྒྱུའི་གོ་སྐབས་བྱུང་། ཕར་སྐད་ཆ་བཤད་དུ་འགྲོ་སྐབས་གཞུང་གི་ལས་བྱེད་དང་གྲོས་ཚོཊ་འཐུས་མི། འགྲོ་བ་མིའི་ཐོབ་ཐང་ཚོཊ་པ། གློག་བརྙན་བཟོ་མཁན། གསར་འགོད་པ། ཉམས་ཞིབ་པ་སོཊ་ལ་ཐུག་རྒྱུ་བྱུང་། སྐབས་དེར་ང་རང་གིས་ངའི་ཁྱོ་ག་གློག་བརྙན་བཟོ་མཁན་ཞིག་ཡིན། ཆབ་སྲིད་ཀྱི་ནག་ཉེས་གང་ཡང་མེད། རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་ཁོང་ཀློད་གྲོལ་ཡོང་ཐབས་བྱས་ཏེ་ཕྱི་རྒྱལ་དུ་སྨན་བཅོས་རོཊ་རམ་གནང་རྒྱུ་དང་། དེ་ལྟར་མ་བྱུང་ཡང་ཕྱི་རྒྱལ་ཁག་ནས་བཙོན་ཁང་དུ་ཁོང་ལ་སྨན་བཅོས་བྱེད་དུ་གཏོང་རོཊ། དེའི་མཉམ་དུ་ཁོང་གི་ནང་མི་ཡང་ཐུག་འཕྲད་དུ་འགྲོ་ཆོག་པ་གནང་རོཊ་ཞེས་འབོད་སྐུལ་ཞུས་པ་ཡིན” ཟེར།

གསར་འགོད་པས་དོན་གྲུབ་དབང་ཆེན་གྱི་ཕ་མ་གཉིས་བཅར་འདྲི་ཞུས་པར། ཨ་ཕ་རྡོ་རྗེ་ཚེ་རིང་ལཊ་ཀྱིས་བརྗོད་དོན།“ བུ་རྟ་མགྲིན་དབང་ཆེན་གྱིས་བག་ལེབ་བཙོང་གི་ཡོད་སྟབས། ད་ལྟ་འཚོ་བའི་ཐོག་དཀའ་ངལ་ཆེན་པོ་མི་འདུག རྒན་མོར་སྙིང་གཤག་བཅོས་བཏང་ནས་ཡར་མར་འགྲོ་རྒྱུར་དཀའ་ངལ་འདུག” ཅེས་དང་། “ དོན་གྲུབ་དབང་ཆེན་བཙོན་དུ་བཅུག་སྟེ་ལོ་༤དང་ཕྱེད་ཀ་ལྷག་འགྲོ་བཞིན་ཡོད།ད་ལྟ་ཁོང་ལ་མཆིན་པའི་ན་ཚ་ཞིག་ཡོད་པ་རེད་ཟེར་གྱི་འདུག ཡིན་ནའང་། ཁོང་ལ་བཙོན་ཁང་ནང་སྨན་བཅོས་རག་གི་ཡོད་ས་མ་རེད། སྨན་བཅོས་མ་རག་པ་དེ་ངེད་ཕ་མ་གཉིས་ཀྱི་སེམས་ཁྲལ་ཆེ་ཤོས་རེད། དེང་སྐབས་བོད་ནང་ལང་ཚོ་མེ་ཏོག་རྒྱས་བཞིན་པ་མང་པོ་ཞིག་གིས་རང་ལུས་མེར་བསྲེཊ་གཏོང་གི་ཡོད་པ་རེད། དེ་ཚོར་བསམ་བློ་བཏང་ན་ངའི་བུའི་གནས་སྟངས་དེ་ཚབས་ཆེན་ཞིག་མ་རེད། ཁོང་ཐོག་མར་བཙོན་འཇུག་སྐབས། རྒན་མོ་ངེད་གཉིས་བོད་ལ་ལོག་སྟེ། བཙོན་ཁང་དུ་བུ་ལ་བལྟ་རུ་འགྲོ་རྒྱུར་སེམས་ཐག་བཅད་པ་ཡིན། དོན་གྲུབ་དང་བུ་མོ་ཚོས་བོད་དུ་རྩ་བ་ནས་མ་ལོཊ་ཟེར་ནས་ཞུ་བ་འཐེན་ཏེ། ངེད་གཉིས་བོད་དུ་འགྲོ་རྒྱུའི་འཆར་གཞི་དེར་འགྱུར་བ་ཐེབས་པ་རེད། ད་ལྟ་ཕ་མ་གཉིས་ཀྱི་རེ་བ་ཆེ་ཤོས་དེ་ཁོང་ཀློད་གྲོལ་འཐོབ་ན། ཕྱི་ལོཊ་སུ་ཡོང་སྟེ་ནང་མི་ལྷན་འཛོམས་འབྱུང་རྒྱུ་དེ་ཡིན” ཞེས་བརྗོད།

༼ བོད་ཀྱི་དུས་བབ་ཚགས་པར་ལས་བདམས་བཀོད་བྱས། ༽

                                                                                                                                                               གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༤ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ༼འཇིགས་བྲལ༽ཞེས་པའི་གློག་བརྙན་བཟོ་བསྐྲུན་པ་དོན་འགྲུབ་དབང་ཆེན་ལགས་ཀྱི་ནད་གདོན་བར་ཆད་ཞི་ནས། ཁོང་གི་ཕ་མ་གཉིས་ཀྱི་བསམ་དོན་མྱུར་དུ་གྲུབ་པ་དང་། གང་མྱུར་བཙོན་གྲོལ་ཐོབ་ནས། རང་གི་བཟའ་ཟླ་བུ་ཕྲུག་དང་མྱུར་དུ་ཐུག་འཕྲད་ཡོང་བའི་སྨོན་མཆོག་གསུམ་རྒྱལ་བ་རྒྱ་མཚོར་རེ་འདུན་ཤུགས་དྲག་དང་སྨོན་འདུན་ཞུའོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese