མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལྟ་བར་ཚོགས་ཆེན་ཚོགས་པ་དེ་ཚོ་འདོད་བློ་ཁེངས་པ་ཞིག་བྱུང་མ་སོང་།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

མི་འགྱང་པར་བཞུགས་སྒར་ངྷ་རམ་ས་ལར་འཚོགས་འཆར་གྱི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་གྲོས་གཞི་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་གཙང་ཕྲུག་སྟོབས་ལགས་སུ་བཅར་འདྲི་ཞུས།

དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་ཐད་བོད་གཞུང་མང་གཉིས་ཀྱིས་གདོང་ལེན་ཇི་ལྟར་གནང་དགོས།

ལན། བོད་འདི་ཕྱི་ལོ་ ༡༩༥༩ ལོར་ཛ་དྲག་གི་གནས་སྟངས་འོག་ལྷུང་བ་ནས་ད་ལྟའི་བར་གཞུང་དམངས་རིམ་པས་གདོང་ལེན་གནང་བསྡད་ཡོད་སྟབས། ཐོག་མར་ཛ་དྲག་གི་གནས་སྟངས་ཞེས་པར་ངོས་འཛིན་ཡག་པོ་ཞིག་བྱེད་དགོས་པ་རེད་སྙམ། ང་ཚོས་བོད་ནས་གནས་ཚུལ་རིམ་པ་ཐོན་སྐབས་ཧབ་ཐོབ་ཀྱིས་འདྲོགས་མགོ་རེ་བསླངས་རྗེས་དྲན་པ་གཏིང་བརྗེད་ལ་གཏོང་གི་འདུག གནས་ཚུལ་ཐོན་རིམ་བཞིན་ཛ་དྲག་ལ་རྩིས་ནས། བྱུང་ཟིན་པའི་ཛ་དྲག་ཅན་གྱི་གནས་ཚུལ་རྙིང་པ་ཐམས་ཅད་བརྗེད་ན་རྩ་བ་ནས་འགྲིག་གི་མ་རེད། དེ་ང་ཚོའི་གཞུང་ཚོགས་སྒེར་གསུམ་གྱི་ནོར་འཁྲུལ་ཆེ་ཤོས་ཤིག་ཏུ་མཐོང་གི་འདུག ༡༩༥༩ ནས་ད་ལྟའི་བར་ཛ་དྲག་ལས་ཛ་དྲག་མ་ཡིན་པའི་སྐབས་ཤིག་རྩ་བ་ནས་བྱུང་མེད། ༡༩༥༩ ༸གོང་ས་མཆོག་དང་བོད་གཞུང་ཕྱོགས་གཡོལ་དུ་ཕེབས་དགོས་བྱུང་ཉིན་ནས། བོད་ཀྱི་ཆབ་སྲིད་ཀྱི་རང་དབང་དེ་ཛ་དྲག་གི་གནས་སྟངས་འོག་ལྷུང་ཡོད། ༡༩༨༧ ལོར་༸གོང་ས་མཆོག་གིས་ཨ་རིར་ཞི་བདེའི་དོན་ཚན་ལྔ་འདོན་གནང་མཛད་པ་དང་། ལོ་དེའི་ཟླ་ ༩ ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་སྒེར་ལངས་བྱུང་བ་ནས། རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་སླར་ཡང་གཡོན་དུ་ལྷུང་བས། བོད་མིས་རང་གི་རིག་གཞུང་རྒྱུན་འཛིན་དང་དར་སྤེལ་བའི་གཏོང་བའི་རིགས་དང་མཐུན་པའི་ལས་ཀ་ཐམས་ཅད། རྒྱ་ནག་ཁ་བྲལ་གཏོང་བའི་བྱ་སྤྱོད་དུ་བསྙོན་དཀྲི་བྱེད་པའི་ཛ་དྲག་གི་སྲིད་ཇུས་ཤིག་མགོ་ཚུགས་ཡོད།

ཆབ་སྲིད་དང་རིག་གཞུང་གི་རང་དབང་ཛ་དྲག་གི་གནས་སྟངས་འོག་ལྷུང་སྟབས།  ༢༠༠༨ ལོ་ནས་ད་ལྟའི་བར་བོད་ས་སྟོད་སྨད་བར་གསུམ་ནས་མི་རིགས་དང་ཆོས་ལུགས། རིག་གཞུང་དང་བཅས་པ་རང་དབང་དགོས་པའི་འབོད་སྒྲ་བསྒྲཊ་ཤིང་། ཚེ་སྲོག་བློས་གཏོང་གི་ལས་འགུལ་ཛ་དྲག་ཅན་ཞིག་འགྲོ་དང་འགྲོ་བཞིན་པ་རེད། དེར་བརྟེན། ང་ཚོས་ཁ་ཐུག་ད་ལྟའི་ཛ་དྲག་གི་གནས་ཚུལ་ལ་གདོང་ལེན་བྱ་དགོས་ལ། དེ་བས་ཀྱང་ད་ལྟའི་ཛ་དྲག་གི་གནས་ཚུལ་དེ་བྱུང་བའི་རྒྱུ། ༡༩༥༩ ནས་ཛ་དྲག་གི་གནས་སྟངས་ཆགས་པ་དེ། ད་ལྟ་ཡང་ཞི་མ་འཇམ་པར་ལྷག་ཡོད་པའི་ལོ་རྒྱུས་ཀྱི་བྱུང་རིམ་ཛ་དྲག་ལ་གདོང་ལེན་བྱ་དགོས། དེ་ནི་ངའི་ངོས་ནས་བོད་ཀྱི་ཛ་དྲག་གི་གནས་སྟངས་ངོས་འཛིན་བྱེད་ཚུལ་ཡིན། གདོང་ལེན་ཇི་ལྟར་བྱེད་དགོས་པའི་སྐོར་ནས། ལོ་རྒྱུས་ཀྱི་བདེན་དོན་བརྩད་ནས་རང་དབང་རང་བཙན་རྩོད་ལེན་དགོས་པ་ཞིག་ཡིན་མོད། དེ་ནི་སེམས་ཤུཊ་དང་མངོན་འདོད་ཙམ་ལས་དངོས་ཡོད་གནས་སྟངས་མང་པོ་ཞིག་གི་ཆ་ནས་ཧ་ཅང་གི་དཀའ་ལས་ཁག་པོ་ཞིག་རེད་སྙམ། ངས་བལྟས་ན་ད་ལྟའི་བོད་ཀྱི་ཛ་དྲག་གི་གནས་ཚུལ་ལ་བོད་གཞུང་དམངས་གཉིས་ཀྱིས་བསམ་བློ་གཅིག་གྱུར་གྱི་ཐོག་ནས་ཁ་ཡོད་ལག་ཀྱིས་གདོང་ལེན་བྱ་ཐུབ་པ་དང་། རྒྱ་ནག་གཞུང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་། ༡༩༥༩ ནས་ད་ལྟའི་བར་རྒྱ་མིས་རང་ཁྲིམས་རང་གིས་རྩིས་མེད་དུ་གཏོང་བའི་སྐྱོན་ཆ་ཐེར་འདོན་གྱིས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱིས་བོད་མིའི་རང་དབང་དང་། ཆོས་ལུགས། རིག་གཞུང་དང་བཅས་པ་སྲུང་སྐྱོབ་ཐུབ་ཐབས་བྱ་རྒྱུ་དེ་དོན་ལ་སྨིན་ཐུབ་པའི་གདོང་ལེན་ཞིག་རེད་དྲན་གྱི་འདུག

 

དྲི་བ། ད་ལྟའི་བར་གྱི་རྒྱལ་ཡོངས་ཚོགས་ཆེན་དང་དམིགས་བསལ་ཆོགས་ཆེན་རིམ་པའི་གྲོས་ཆོད་ལག་བསྟར་གནང་ཕྱོགས་ཐོག་དགོངས་ཚུལ་ག་རེ་ཡོད།

ལན། ངའི་ངོས་ནས་ད་ལྟ་བར་ཚོགས་ཆེན་ཚོགས་པ་དེ་ཚོ་འདོད་བློ་ཁེངས་པ་ཞིག་བྱུང་མ་སོང་། ད་དུང་ཚོགས་ལུགས་ཚོགས་སྟངས་དེ་ག་རང་ལ་ཕྱིན་ན་མོས་མཐུན་མེད། རྒྱུ་མཚན་གང་ལ་ཞེ་ན། གྲོས་ཆོད་ཇི་བཞིན་ལག་ལེན་བསྟར་ནས་མཇུག་འབྲས་གང་ཡིན་གོ་རྒྱུ་མི་འདུགམི་མང་པོ་ཞིག་གིས་དུས་ཚོད་དང་འགྲོ་སོང་བཏང་ནས་ཚོགས་པའི་ཚོགས་ཆེན་ལ་ལྗིད་ཁོག་མི་འདུག འགྲོ་སོང་དང་དུས་ཚོད་དེ་དག་ཤེས་ཡོན་སློབ་གསོའི་ཐོག་བཏང་ནས་རྒྱ་ནག་ཉམས་ཞིབ་པའི་མི་སྣ་བཅུ་ཙམ་ཞིག་གསོ་སྐྱོང་བྱས་ཚེ་ཕན་ཐོགས་ཆེ་བ་ཡོད་པ་རེད། ༢༠༠༨ ལོ་ནས་ད་ལྟའི་བར་ཚོགས་ཆེན་ཐེངས་གཉིས་ཚོགས་སོང་། ངའི་བསམ་ཚོད་ལ་ད་རེབ་ཀྱང་ཚོགས་ཟིན་པའི་ཚོགས་ཆེན་གྱི་གྲོས་ཆོད་ལ་ཕྱོགས་བསྡོམས་ཡིད་ཚིམ་པ་ཞིག་ཡོད་ཀྱི་མ་རེད་དྲན་གྱི་འདུག དེ་མེད་ཚེ་ཚོགས་ཆེན་ཚོགས་པའི་འབྲས་བུ་སྟོང་པ་ཡིན་པར་ངོས་འཛིན་མི་ཞུ་ཀ་མེད་རེད། ཚོགས་ལ་ཉེ་བའི་ཚོགས་ཆེན་གྲོས་ཆོད་ཀྱི་ཐད་ནས། ངའི་བསམ་པར་བོད་ཀྱི་གནས་བབ་དངོས་དང་། རྒྱ་མའི་ཆབ་སྲིད་འགྱུར་འགྲོས་ལ་བསམ་གཞིཊ་གཏིང་ཟབ་གནང་རྗེས། རྣག་ཐོག་གཙག་འཁེལ་ལམ། ནད་ཐོག་སྨན་འཁེལ་གྱི་གྲོས་ཆོད་འགའ་བཞག་ནས། ལག་ལེན་ཐོག་ལག་བསྟར་ཁུངས་འཁྱོལ་བྱེད་དགོས། དེ་མིན་གྲོས་ཆོད་རྫིག་པོ་འཇོག་སྐབས་སྣང་བ་སྐྱིད་པོ་འདྲ་ཡོང་སྲིད། འོན་ཀྱང་། དངོས་གཞི་ལག་ལེན་ལ་འཁྱོལ་ཐུབ་ཀྱི་མེད་པ་ཤེས་གསལ་ལྟར་རེད། དེ་ལྟར་མུ་མཐུད་ཕྱིན་ན་འཆར་ཅན་གྱི་ཚོགས་ཆེན་དང་འཆར་ཅན་གྱི་གྲོས་ཆོད་ཕན་ཐོགས་མེད་པ་ཞིག་ཆགས་ཀྱི་རེད། དེས་མི་རྒྱུ་གཉིས་ཀའི་འགྲོ་སོང་གྱོང་གུན་ལས། རྩ་དོན་ཐོག་ཕན་པ་ཏིལ་འབྲུ་ཙམ་ཡང་མེད།

 

ད་ལྟ་ཆབ་སྲིད་ཀྱི་རང་དབང་ཤོར་ཚར་བ་རེད། རིག་གཞུང་གི་རང་དབང་ཡང་བརླག་འགྲོ་ཡི་འདུག  གནད་དོན་དེ་༸གོང་ས་མཆོག་གི་ཐུགས་འཚབ་ཆེ་ཤོས་གནང་ས་ཞིག་རེད། ༸པཎ་ཆེན་བཅུ་པ་ཆེན་པོས། མི་རིཊ་ལས་བྱེད་པ་ཞིག་གིས། མི་རིཊ་རང་གི་སྐད་ཡིག་ཐོག མི་རིཊ་དེའི་ཆབ་སྲིད་དང་དཔལ་འབྱོར། རིག་གཞུང་འཛིན་སྐྱོང་མ་ཐུབ་ན། ཇི་ལྟར་བྱས་ཏེ་མི་རིཊ་རང་སྐྱོང་རྩོད་ལེན་བྱེད་རྒྱུ་ཡིན་ནམ་གསུངས་ཡོད། བཀའ་གསུང་དེ་ལ་གོ་རྒྱུ་ཆེན་པོ་ཡོད། ཡིན་ནའང་། ད་ལྟ་བོད་ཀྱི་ཕྱི་ཕྱོཊ་སུ་ཡོད་པའི་ལས་ཀྱི་སྣེ་མོར་གཏོཊ་པའི་དབུ་ཁྲིད་དང་ན་གཞོན་ཕལ་མོ་ཆེའི་སེམས་སུ། བོད་སྐད་ཡིག་དང་བོད་ཀྱི་རིག་གཞུང་ལས། དབྱིན་ཇིའི་སྐད་ཡིག་དང་ནུབ་ཕྱོཊ་པའི་རིག་གཞུང་ལ་སེམས་ཐག་ཉེ་བ་ཆཊ་ཡོད། དེར་བརྟེན། ༸རྒྱལ་བ་ཡབ་སྲས་རྣམ་གཉིས་ཀྱི་དགོངས་གཞི་དང་མཐུན་པའི་སྲིད་ཇུས་འཛིན་མཁན་ཞིག་དཀོན་པོ་ཞེ་དྲག་མཐོང་གི་འདུག སྤྱིར་བཏང་བོད་མིའི་སྒྲིག་འཛུཊ་ཕྱི་དྲིལ་ལས་ཁུངས་ཀྱི་དྲིལ་བསྒྲཊ་ཡིག་ཆ་དང་གསར་འགོད་གསལ་བསྒྲཊ་སོགས་ཡིག་ཆ་ཨ་མའི་ཁུངས་བཅོལ་ས་ཡོད་ཚད་བོད་ཡིག་ནང་ཡིན་དགོས་མོད། ངའི་གོ་ཚོད་ལ་ལོ་སྔོན་མ་ནས་ཡིག་ཆའི་ཁུངས་བཅོལ་ས་ཨ་མ་དེ་དབྱིན་ཡིག་ཆཊ་པ་རེད་ཟེར། སྐད་ཆ་ཁ་ཐུག་ལ་བཤད་ན་དབྱིན་ཡིག་གི་བཙན་འཛུལ་སླེབས་པ་རེད། ང་ཚོའི་ཆབ་སྲིད་ཀྱི་རང་དབང་ཡོངས་རྫོཊ་ང་དགུ་ལོར་རྒྱ་གཞུང་གིས་ཕྲོགས་པ་རེད། ད་ལྟ་བོད་ཕྱི་ལོཊ་སུ་ཡོད་པའི་བོད་མིའི་བསམ་བློའི་འདུ་ཤེས་དང་རིག་གཞུང་གི་རང་དབང་དེ། ནུབ་ཕྱོགས་རིག་གཞུང་གི་ཕྲོགས་དང་འཕྲོག་བཞིན་ཡོད་ལ། བོད་ནང་གི་བསམ་བློའི་འདུ་ཤེས་དང་རིག་གཞུང་གི་རང་དབང་ཡོད་ཚད་རྒྱ་རིཊ་ཆེན་པོས་འཕྲོག་བཞིན་ཡོད། ངས་གུང་ཁྲན་ཏང་གིས་ཕྲོགས་པའི་ཆབ་སྲིད་ཀྱི་རང་དབང་ལས། ནུབ་ཕྱོཊ་པ་དང་རྒྱ་རིཊ་ཆེན་པོས་འཕྲོག་བཞིན་པའི་རིག་གཞུང་གི་རང་དབང་ཤོར་བཞིན་པ་དེ་ཉེན་ཁ་ཆེ་བ་མཐོང་གི་ཡོད། འགྲོ་འདུག་སྤྱོད་གསུམ་དང་འབྲེལ་བའི་རིག་གཞུང་ཡོད་ཚད་བརླག་སོང་ན། བོད་ལ་རང་བཙན་ཐོབ་ཀྱང་དགོས་པ་ཏིལ་འབྲུ་ཙམ་མཐོང་གི་མི་འདུག བོད་ཀྱི་ཁྱད་ཆོས་མེད་པའི་བོད་ཀྱི་རང་དབང་ངམ་རང་བཙན་སླར་གསོ་བྱུང་བ་ནི། ས་ཞིང་བཙོང་ནས་རྨོ་གླང་ཉོ་བ་ཞེས་པའི་དཔེ་ལྟར་རེད། གནད་དོན་དེའི་ཐོག་དོ་ནན་ཆེན་པོས་གྲོས་མོལ་གནང་སྟེ། ལག་ལེན་ལ་འཁྱོལ་བའི་གྲོས་ཆོད་འཇོག་རྒྱུ་གལ་ཆེན་པོ་རེད།

 

དྲི་བ། བོད་ནང་རང་ལུས་མེར་བསྲེགས་འགྲོ་བཞིན་པའི་ཛ་དྲག་གནས་བབས་དང་མེ་བསྲེགས་གཏོང་མཁན་རྣམས་ཀྱི་མངོན་འདོད་ལ་གཞིཊ་ཏེ་ཕྱི་ཕྱོཊ་ནས་སྲིད་བྱུས་འཛིན་སྟངས་དང་ལས་དོན་སྤེལ་ཕྱོགས་ཐད་འགྱུར་བ་གཏོང་དགོས་པ་དེ་འདྲ་གཟིཊ་ཀྱི་ཡོད་དམ།

ལན། ངས་བོད་ནང་གི་ཞི་རྒོལ་བའི་འབོད་ཚིག་བྱེ་བྲག་པར་བལྟས་ཏེ། བོད་དོན་འཐབ་རྩོད་ཀྱི་སྲིད་ཇུས་དང་ལས་དོན་སྤེལ་ཕྱོཊ་འགྱུར་བ་གཏོང་དགོས་པར་མཐོང་གི་མེད། ང་ཚོས་ངེས་པར་དུ་བོད་ནང་གི་གཞི་རྩའི་དཀའ་ངལ་དང་ཛ་དྲག་གི་གནས་ཚུལ་དངོས་ངོས་འཛིན་ཐུབ་པའི་ཐོག དཀའ་ངལ་དང་ཛ་དྲག་གི་གནས་བབ་དེ་ལས་སྐྱོབ་ཐུབ་པའི་ཕུཊ་རྩ་འཕེར་བའི་སྲིད་ཇུས་ཤིག་འཛིན་དགོས་པ་ལས། ད་ལྟའི་ཕྱི་ལོཊ་སུ་ཡོད་པའི་ང་ཚོའི་ཁྲ་ཁྲ་ཟིང་ཟིང་དང་། འགྲོགས་མགོ་སློང་བ། ཨ་གསར་ཚ་པོ། ཧོལ་རྒྱུག་གི་ལངས་ཕྱོགས་དང་། སྲིད་ཇུས། ལས་འགུལ་དེ་དག་གིས་ཁུངས་འཁྱོལ་གྱི་མ་རེད། ད་ལྟ་བོད་ནང་གི་མེ་བསྲེགས་གཏོང་མཁན་གྱི་མངོན་འདོད་གང་ཡིན་ལ་ཧབ་ཐོབ་ཀྱི་རྩོད་པ་རྒྱག་རྒྱུ་དེ་གལ་ཆེན་པོ་མ་རེད། དེ་ལས་བོད་ནང་གི་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ཛ་དྲག་གི་གནས་བབ་འོག་ཚུད་ཡོད་པ་དེ་ཛ་དྲག་རེད་ལ། ཛ་དྲག་གི་གནས་བབ་དེ་ལས་སྐྱོབ་ཕྱིར། ཕྱི་ཕྱོཊ་སུ་ཡོད་པའི་བོད་མི་སྦར་མོ་གང་པོ་དེའི་བསམ་ཕྱོཊ་གཅིག་གྱུར་མེད་པ་དེ། དེ་བས་ཀྱང་ཛ་དྲག་གི་གནས་ཚུལ་རེད།སྤྱིར་སྟངས་མང་གཙོའི་རྒྱལ་ཁབ་དང་། རང་དབང་རྩོད་ལེན་བྱེད་པའི་བྱུང་རབས་ཁྲོད། བསམ་བློ་མི་འདྲ་བ་དང་ལངས་ཕྱོགས་མི་འདྲ་བ་ཡོང་ཆོག་གི་རེད་ལ། ཡོད་དགོས་ཀྱི་ཡོད་པའང་གསུང་གི་ཡོད།ཡིན་ནའང་། ཤེས་བྱ་ཐམས་ཅད་རིལ་རིལ་མ་ཡིན་ཙང་། དངོས་ཡོད་ཀྱི་གནས་ཚུལ་ལ་བསྟུན་ནས་སྲིད་ཇུས་འཛིན་རྒྱུ་དེ་གལ་འགངས་ཆེ་ཤོས་རེད། ད་ལྟའི་བོད་ཀྱི་གནས་སྟངས་དང་རྒྱ་མིའི་གནས་སྟངས་ལས། བོད་དོན་འཐབ་རྩོད་ཀྱི་གནས་སྟངས་དེ། འདས་པའི་རང་བཙན་རྩོད་ལེན་པའི་རྒྱལ་ཁབ་སུ་གང་དང་རྣམ་པ་མཚུངས་བསྡུར་བྱེད་པའི་ཆ་བསྡད་མེད། ངས་བསམ་ན་ང་ཚོའི་ཁ་ཚ་དགོས་གཏུཊ་ཀྱི་འགྱུར་བ་གཏོང་དགོས་པ་དེ། ཕྱི་ཕྱོཊ་སུ་ཡོད་པའི་བོད་མི་རྣམས་ཀྱི་བསམ་འདུན་གཅིག་གྱུར་དང་། ལངས་ཕྱོཊ་གཅིག་གྱུར་གྱི་སྒོ་ནས་བོད་དོན་འཐབ་རྩོད་བྱེད་དགོས་པ་དེ་རེད། དེ་མིན་ཕྱི་ཕྱོཊ་སུ་ཡོད་པའི་བོད་མི་སྦར་མོ་གང་དེས། མི་རེས་ལངས་ཕྱོགས་རེ་ཟིན་ནས་འདྲོཊ་མགོ་སླངས་ན། ཀུན་སློང་ལ་ལྷད་མེད་ཀྱང་རྩ་དོན་དང་ཆིག་སྒྲིལ་ལ་གནོད་སྐྱོན་ཐེབས་ནས། ཁ་གཏད་ཀྱི་མཐུན་རྐྱེན་དུ་གྱུར་བཞིན་འདུག

དྲི་བ། ཐེངས་འདིའི་ཚོགས་ཆེན་གྱི་གོ་སྒྲིག་དང་ཚོགས་མི་འདེམས་སྒྲིག་བྱེད་ཕྱོགས་ཐད་བསམ་ཚུལ་གང་འདྲ་ཡོད་དམ།

ལན། གོ་སྒྲིག་གི་ཐད་ནས་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོཊ་ཀྱི་གཙོ་སྐྱོང་འོག གྲོས་གཞི་གནད་ལ་འཁེལ་བ་ཞིག་བྱུང་ན། ཤུཊ་ཆེ་བའི་འཐུས་ཤོར་འགྲོ་ཁུངས་ཤིག་ཡོད་མི་སྲིད། མི་སྣ་འདེམས་སྒྲུག་ཐད་ཨང་དང་པོ། བོད་ཀྱི་འདས་དང་ད་ལྟ། མ་འོངས་གསུམ་གྱི་གནས་བབས་ལ་ཕུཊ་རྩ་འཕེར་བའི་ཉམས་ཞིབ་པ་དང་། ཨང་གཉིས་པ། རྒྱ་ནག་གི་སྲིད་ཇུས་ཉམས་ཞིབ་པ། ཨང་གསུམ་པ། རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་ཀྱི་ཉམས་ཞིབ་པ། ཕྱོགས་གསུམ་གྱི་ཉམས་ཞིབ་པས་ལྟ་ཚུལ་དང་བསམ་ཚུལ་གཞི་ལ་བཞག་ནས། མཐོ་རིམ་སློབ་གྲྭའི་དགེ་རྒན། གཞིས་ཆགས་ཁག་གི་འཐུས་མི་དང་། བོད་མིའི་སྒྲིག་འཛུཊ་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། བདེ་སྲུང་། ཕྱི་དྲིལ་བཅས་ཀྱི་ལས་བྱེད་གང་མང་འདེམས་སྒྲུག་བྱེད་དགོས་པ་མཐོང་གི་ཡོད། དེ་མིན། དུས་བབ་ལ་དཔྱད་ཞིབ་བྱེད་པའི་བློ་གྲོས་ཞན་པའི་ཚོགས་བཅར་བ་ཞེ་ཅིག་ཕེབས་ཚེ། བོད་ནང་གི་ཛ་དྲག་གནས་སྟངས་ལ་ཁ་ཚ་དགོས་གཏུཊ་ཀྱི་གདོང་ལེན་ཆེད། ལག་ལེན་ལ་འཁྱོལ་ཐུབ་པའི་ཁ་ཡོད་ལག་ཡོད་ཀྱི་གྲོས་ཆོད་ཅིག་འཇོག་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད་སྙམ།

གསར་འགོད་པ། དོན་གོ

༼ བོད་ཀྱི་དུས་བབ་ཚགས་པར་ལས་བདམས་བཀོད་བྱས། ༽

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༣ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 8

  1. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 14 སྔོན།

    གཙང་ཕྲུག་སྟོབས་ལགས། ཁྱེད་རང་གི་ཛ་དྲག་ཅན་གྱི་གནས་ཚུལ་རྙིང་པ་ཐམས་ཅད་བརྗེད་ན་རྩ་བ་ནས་འགྲིག་གི་མ་རེད། དེ་ང་ཚོའི་གཞུང་ཚོགས་སྒེར་གསུམ་གྱི་ནོར་འཁྲུལ་ཆེ་ཤོས་ཤིག་ཏུ་མཐོང་གི་འདུག ཅེས་བཤད་ན་ཁྱེད་རང་གི་ཛ་དྲག་གི་གནས་སྟངས་ལ་ངོས་འཛིན་གནང་ཕྱོགས་ག་འདྲ་ཡིན་ནམ། འོ་ན་ཁྱེད་རང་གི་ ཕྱི་ལོ་༡༩༥༩ ལོར་ཛ་དྲག་གི་གནས་སྟངས་འོག་ལྷུང་བ་ནས་ཅེས་འགོ་༡༩༥༩ལོ་ནས་རྩིས་པ་ནི་ནོར་བ་ཆེ་པོ་རེད་། དབུས་སམ་ད་ལྟའི་བོད་ལྗོངས་ལབ་པ་འདི་ལས་ཁམས་དང་ཨ་མདོ་ཁུལ་ནང་༡༩༤༠ནང་ནས་ཛ་དྲག་གི་གནས་སྟངས་བྱུང་ཟིན་པ་རེད་། ཁྱེད་རང་གི་བཤད་ན་དེ་རིང་ཁ་སང་བོད་ནང་སྐུ་ལུས་མེ་མཆོད་འབུལ་མཁན་བྱུང་དང་བྱུང་བཞིན་པའི་གནས་སྟངས་ཛ་དྲག་འདི་ལ་ཁྱེད་རང་གི་བཤད་ན་གཞུང་སྒེར་ཚང་མས་ངོས་འཛིན་གནང་ཕྱོགས་འདིར་ནོར་བ་རེད་ལབ་པ་འདིའི་ག་རེ་ལམ་ཁུལ་ཡིན། ཁམས་དང་ཨ་མདོའི་ཕྱོགས་ནས་དམིགས་བསལ་རྔ་བ་ཁུལ་ནས་རྒྱ་རྒོལ་བྱེད་པའི་གནས་སྟངས་འདི་ཛ་དྲག་མ་ཡིན་པའི་གསལ་བཤད་གནང་རྒྱུ་ཡོད་ནམ།

    Reply
  2. སྒྲོལ་མ་མེ་ཏོག says:
    ལོ་ 14 སྔོན།

    དྲི་བ་ཁ་ཤས་ཡོད།
    ༡། གཞུང་མང་ཚོགས་ཆེན་གྱི་གྲོས་ཆོད་ལ་ཁྲིམས་ཀྱི་ནུས་པ་ཡོད་དམ། མེད་ན་སྤྱི་འཐུས་རྣམས་ཚོགས་ཆེན་དེར་ཞུགས་དགོས་པའི་རྒྱུ་མཚན་གང་ཡིན།
    ༢། སྤྱི་འཐུས་ཡོངས་རྫོགས་ཚོགས་ཞུགས་བྱས་པའི་གཞུང་མང་ཚོགས་ཆེན་གྱི་གྲོས་ཆོད་དེ་དག་ལ་གྲོས་ཚོགས་སྐབས་སྤྱི་འཐུས་ཚོས་ངོས་ལེན་མི་བྱེད་པ་གང་ཡིན་ནམ།
    ༣། དངོས་འབྲེལ་བྱས་ན་གཞུང་མང་ཚོགས་ཆེན་སྔོན་ལ་ཚོགས་ནས་དེའི་གྲོས་ཆོད་ཁག་གྲོས་ཚོགས་ནང་གླེང་སློང་བྱ་དགོས་པ་ཞིག་ཡིན་མོད། རེབ་འདིར་གྲོས་ཚོགས་སྔོན་ལ་ཚོགས། ཚོགས་ཆེན་རྗེས་ལ་ཚོགས་ན་གྲོས་ཆོད་དེ་དག་ལ་ཡ་ལན་ག་དུས་བྱེད་ཀྱི་རེད་དམ།
    ༤། འདས་པའི་གཞུང་མང་ཚོགས་ཆེན་ཐེངས་གཉིས་ཀྱི་གྲོས་ཆོད་ཁག་ལས་ལག་བསྟར་ཐོན་ཁྱོལ་བྱུང་བ་ཅི་ཙམ་ཡོད།
    ༥། ཚོགས་ཞུགས་སྐབས་གཞུང་འབྲེལ་མིན་པའི་ཚོགས་པ་རེ་ཟུང་ལ་མགྲོན་འབོད་ཚུལ་འདུག་པས། དེའི་རྩ་འཛིན་ལམ་སྟོན་ནམ་སྒྲིག་གཞི་གང་འདྲ་ཡོད་དམ། དཔེར་ན་ལོ་སྔོན་མར་ཚོགས་ཞུགས་བྱས་པའི་ཚོགས་པ་རེ་ཟུང་རེབ་འདིར་ཚོགས་ཁོངས་སུ་ཚུད་མེད་པས། དེའི་རྩ་འཛིན་བྱ་ས་གང་ཡིན།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་། ད་ལྟ་བོད་ནང་གི་མེ་བསྲེགས་གཏོང་མཁན་གྱི་མངོན་འདོད་གང་ཡིན་ལ་ཧབ་ཐོབ་ཀྱི་རྩོད་པ་རྒྱག་རྒྱུ་དེ་གལ་ཆེན་པོ་མ་རེད།
    དེ་ལས་བོད་ནང་གི་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ཛ་དྲག་གི་གནས་བབ་འོག་ཚུད་ཡོད་པ་དེ་ཛ་དྲག་རེད་ལ།
    ཛ་དྲག་གི་གནས་བབ་དེ་ལས་སྐྱོབ་ཕྱིར། ཕྱི་ཕྱོཊ་སུ་ཡོད་པའི་བོད་མི་སྦར་མོ་གང་པོ་དེའི་བསམ་ཕྱོཊ་གཅིག་གྱུར་མེད་པ་དེ། དེ་བས་ཀྱང་ཛ་དྲག་གི་གནས་ཚུལ་རེད། ་་་་ཟེར།

    Reply
  4. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    དེ་སྔོན་ཚོགས་ཆེན་ཐེངས་གཉིས་འཚོགས་སྐབས། སེ་ར་དགོན་པ་ལ་གྲ་མང་གི་བསམ་འཆར་བསྡུ་རུབ་སྤེལ་ཡོད་ཀྱང་། ད་ལོ་ནི་འཇམ་ཐིང་ངེ་རེད་འདུག ཕལ་ཆེར་ཕན་ཐོགས་མེད་པར་གཟིགས་ཡོད་ངེས།

    Reply
  5. ལྷག་པ་ཚེ་རིང་། says:
    ལོ་ 14 སྔོན།

    དགོངས་ཚུལ་ཡག་པོ་བཏོན་གནང་འདུག འཕྲལ་ཕུགས་རྒྱང་གསུམ་ལ་བསམ་བློའི་ཆོད་པ་དང་། མིག་མདུན་དུ་ལྷག་པའི་གནད་དོན་ཐོག་བྱེ་བྲག་གིས་བསམ་བློ་གཏོང་སྟངས་དང་དཔྱད་པ་གནང་ཕྱོགས་ཧ་ཅང་ཡག་པོ་འདུག དེ་བཞིན་གངས་ཅན་སྐྱིད་གཤོངས་ན་བོད་ཡིག་བོར་གྱི་ཡོད་པའི་ཐོག་ཟུར་ཟ་གནང་འདུག་པ་དེར་ཡང་མོས་མཐུན་བརྒྱ་ཆའི་བརྒྱ་ཡོད་ལ། གནས་ཚུལ་དེ་འདྲ་ཞིག་སྔོན་ཆད་ཀྱང་གོ་སོང་བས་སེམས་འཚབ་བྱེད་བཞིན་པའི་སྒང་ལ་དུས་ཐོག་ཆར་བ་ཆགས་སོང་།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ༡༩༥༩ ནས་ད་ལྟའི་བར་རྒྱ་མིས་རང་ཁྲིམས་རང་གིས་རྩིས་མེད་དུ་གཏོང་བའི་སྐྱོན་ཆ་ཐེར་འདོན་གྱིས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱིས་བོད་མིའི་རང་དབང་དང་། ཆོས་ལུགས། རིག་གཞུང་དང་བཅས་པ་སྲུང་སྐྱོབ་ཐུབ་ཐབས་བྱ་རྒྱུ་དེ་དོན་ལ་སྨིན་ཐུབ་པའི་གདོང་ལེན་ཞིག་རེད་དྲན་གྱི་འདུག ་་་་་་་་ཟེར།

    Reply
  7. རྒྱང་མིག says:
    ལོ་ 14 སྔོན།

    རྒྱ་ནག་གིས་ག་རེ་ཡིན་ན་བྱེད་སྲིད་པ་ཞིག་རེད་ཡིན་ནའང་རྒྱ་ནག་གིས་ཅི་བྱེད་ལ་མ་ལྟོས་པར་ང་ཚོའི་ཆབ་སྲིད་འཐབ་རྩོད་ཀྱི་ནུས་པ་རྒྱུན་བསྲིངས་བྱེད་རྒྱུའི་དམ་བཅའ་བརྟན་པོར་གནས་རྒྱུ་དེ་གདོང་ལེན་བྱེད་སྟངས་དངོས་གནས་དེ་ཡིན་པར་འདོད་དོ།།
    ལྷག་དོན་རང་བཙན་འཐབ་རྩོད་བྱེད་རྒྱུ་དེ་ནི་ངར་ཤུགས་ལྡན་པ་ནུས་པ་ལྡན་པ་ཞིག་ཏུ་མཐོང་ངོ།།
    དེ་མིན་རང་སྐྱོང་དང་རྩ་ཁྲིམས་འོག་ཟེར་ན་ད་ཕལ་ཆེར་རྩོད་རྒྱུ་ཞིག་ལྷག་མེད་པ་འདྲ་བོ་འདུག་ཚང་མས་སྒུག་བསྡད་རྒྱུ་འདྲ་བོ་རེད། གང་འཚམས་ཞིག་ནས་ད་ཁྱད་པར་མི་འདུག་བསམ་པའི་ཚོར་སྣང་ཡང་སླེབས་མི་སྲིད་པ་མ་རེད།

    Reply
  8. ཨ་མའི་བུ། says:
    ལོ་ 14 སྔོན།

    གྲོགས་མཆོག་སྟོབས་ལགས། ད་ལྟ་བར་དུ་ཚོགས་ཆེན་འདོད་བློ་ཁེངས་པ་མ་བྱུང་ན། ཁྱེད་ཀྱིས་་འདོད་བློ་ཁེངས་པའི་ཚོགས་ཆེན་ཞིག་གོ་སྒྲིག་བྱོས་དང་། ཧ་ཧ་ རང་ཉིད་གང་ཡང་བྱ་མ་ཐུབ་པར་འུར་མ་རྒྱོབ་གཙང་ཕྲུག་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese