མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་མའི་གྲྭ་པ་ཚོས་ཁ་ཆེའི་སྤུན་ཟླར་རྡུང་རྡེག་བཏང་ཡོད་ན་ནོར་འཁྲུལ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ ལམ་༸གོང་ས་མཆོག་རྒྱལ་ས་ལྡི་ལིར་ཚོཊ་པའི་འཛམ་གླིང་ཆོཊ་ལུས་རིས་མེད་ཀྱི་ཚོཊ་ ཆེན་དང་སྨན་པའི་ལྷན་ཚོགས་སྟེང་མཉམ་ཞུཊ་དང་། ལྡི་ལིའི་ཁ་ཆེའི་གཙུག་ལག་སློབ་གྲྭར་འཚེ་བ་མེད་པ་དང་བཟང་སྤྱོད་ཐོག་བཀའ་སློབ་ བསྩལ་ཡོད་འདུག

ཉིན་འདི་འགར་༸གོང་ས་མཆོག་གིས་རྒྱལ་ས་ལྡི་ལི་དང་སྡེ་ར་རྡུན། མཱ་སུ་རི་བཅས་སུ་མཛད་འཕྲིན་སྐྱོང་བཞིན་པ་ལྟར། ཕྱི་ཚེས་ ༡༢ ཉིན་གྱི་ཕྱི་དྲོར་ལྡི་ལི་ཁ་ཆེའི་གཙུག་ལག་སློབ་གྲྭ(Jamia Millia Islamia University) ཚོཊ་ཁང་དུ། སློབ་གྲྭའི་དགེ་ལས་སློབ་ཕྲུག་ཚོར་༼འཚེ་བ་མེད་པ་དང་བཟང་སྤྱོད་༽ཐོག་བཀའ་སློབ་བསྩལ་ཡོད་འདུག སྐབས་དེར་༸གོང་ས་མཆོག་གིས་འགྲོ་བ་མིའི་རིཊ་ཚང་མ་བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་རྐྱང་ཡིན་པ་དང་། དོན་དམ་གྱི་བདེ་སྐྱིད་ནི་ཕྱིའི་དངོས་པོ་གཅིག་པུ་ལས་ཡོང་ཐབས་མེད་པར། བདེ་སྐྱིད་ངོ་མ་ཞིག་འཚོལ་དགོས་ན་ནང་སེམས་ཀྱི་བྱམས་བརྩེའི་ཐོག་དོ་སྣང་སྤྲོད་རྒྱུ་གལ་ཆེན་ཡིན་པ། འགྲོ་བ་མིའི་རིཊ་ནི་སྤྱི་ཚོཊ་ཀྱི་སེམས་ཅན་ཆཊ་ཡོད་པའི་ཆ་ནས་གཅིག་ལ་གཅིག་བརྟེན་ངང་གནས་དགོས་རྒྱུ་ལས། སོ་སོར་གཅིག་པུ་ཁེར་རྐྱང་དུ་ནམ་ཡང་གནས་ཐབས་མེད་སྐོར་དང་། ཁྱིམ་ཚང་ཞིག་ལ་ཆ་བཞག་ནའང་། ཁྱིམ་ཚང་དེའི་ནང་བྱམས་བརྩེའི་བསམ་བློ་ཤུཊ་ཆེ་བ་ཡོད་ན། ཁྱིམ་ཚང་དེར་འཆམ་མཐུན་བདེ་སྐྱིད་ཡོང་ཐུབ་ཀྱི་ཡོད་ཀྱང་། ནང་མིའི་ཁྲོད་ཁོང་ཁྲོ་དང་ང་རྒྱལ་ཆེ་བ་ཡོད་ན། ཁྱིམ་ཚང་དེར་ཡུན་རིང་འཆམ་མཐུན་ཡོང་མི་ཐུབ་པར་དཀའ་ངལ་འཕྲད་ཀྱི་ཡོད་སྐོར། དེ་བཞིན། གཞན་ཕན་གྱི་བསམ་བློ་དང་སྙིང་རྗེ་ཡོད་ན། རང་བཞིན་གྱིས་འཚེ་བ་མེད་པ་ཡོང་གི་ཡོད་པ་དང་། གཞན་ལ་འཛུམ་བསྟན་ཏེ་སྐད་ཆ་སྙན་མོ་བཤད་ཀྱང་ཀུན་སློང་ངན་པ་བཅངས་ཡོད་ན་དོན་གྱིས་འཚེ་བ་ཆཊ་པ། འཚེ་བ་མེད་པ་ཞེས་པ་དེ་སྦྱོར་བའི་ཆ་ནས་འཇོིག་གི་ཡོད་རུང་། གཙོ་བོ་ནང་གི་ཀུན་སློང་འཁྱེར་སྟངས་ལ་རག་ལས་ཡོད་སྟབས། འགྲོ་བ་མིའི་སྤྱི་ཚོཊ་ཁྲོད་དེང་དུས་ཤེས་ཡོན་སློབ་གསོའི་འོག་མི་རྣམས་ང་རྒྱལ་དང་འགྲན་སེམས་ཀྱི་དབང་དུ་ཕྱིན་ཏེ། སྤྱི་ཚོཊ་ནང་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། མ་འོངས་པར་དཀའ་ངལ་དེ་སེལ་ཆེད་ཆོས་དང་མ་འདྲེས་པའི་བཟང་སྤྱོད་སློབ་གསོ་སྤྲོད་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་གསུངས་ཡོད་འདུག

སྐབས་དེར་སློབ་ཕྲུག་ཅིག་གིས་ཉེ་ལམ་འབར་མའི་ནང་བྱུང་བའི་ནང་པ་དང་ཁ་ཆེ་བར་གྱི་འཁྲུག་རྩོད་ཐོག་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་གནང་དོན། “ འབར་མའི་ནང་ངོས་ལ་འབྲེལ་གཏུག་བྱེད་ས་ཞིག་ཡོད་པ་ནི་ལྕམ་ཨང་སེན་སོ་ཀེ་མཆོག་ཡིན། སྔོན་མ་མོ་རང་བཟང་བཙོན་དུ་བཅུག་ཡོད་སྐབས། ངོས་ཀྱིས་མི་གསུམ་པ་ཞིག་བརྒྱུད་མོ་རང་ལ་འབྲེལ་བ་ཁ་ཤས་བྱས་པ་ཡིན། མོ་རང་དབྱིན་ཇིར་ཕེབས་སྐབས་ངེད་གཉིས་ཐུག་རྒྱུའི་གོ་སྐབས་བྱུང་། ཉེ་ཆར་འབར་མའི་ནང་གནས་ཚུལ་དེ་བྱུང་སྐབས། ངོས་ཀྱིས་མོ་རང་ལ་ཡི་གེ་ཞིག་བྲིས་ཏེ། འབར་མའི་ནང་གི་ཛ་དྲག་གནས་ཚུལ་དེའི་ཐོག་མོ་རང་གིས་རོཊ་རམ་གནང་དགོས་ཀྱི་འདུག་ཅེས་བཤད་པ་ཡིན། ཡིན་ནའང་ད་བར་ལན་གང་ཡང་འབྱོར་མ་སོང་། གཟའ་འཁོར་བཞིའི་གོང་ངོས་ཀྱིས་སྐུ་ཚབ་བརྒྱུད་དེ། ལྡི་ལིའི་འབར་མའི་གཞུང་ཚབ་ལ་འབྲེལ་བ་བྱས་ཀྱང་ལན་འབྱོར་མ་སོང་། གལ་སྲིད་འབར་མའི་དགེ་འདུན་པ་ཚོས་འབར་མའི་ནང་ཡོད་པའི་ཁ་ཆེ་སྤུན་ཟླ་ཚོར་རྡུང་རྡེག་བཏང་བ་བདེན་པ་ཡིན་ན། དེ་ནི་ཧ་ཅང་གི་ནོར་འཁྲུལ་ཆེན་པོ་ཞིག་རེད། ངོས་རང་ལ་མཚོན་ན། ཉི་ཧོང་ཕུད་པའི་གཟིཊ་སྐོར་བྱེད་ཡུལ་ནི། ཡི་ཤུ་ལུང་པ་རྣམས་དང་ཁ་ཆེའི་ལུང་པ་རེ་ཟུང་ཡིན་པ་ལས་ནང་པའི་ལུང་པ་ཆཊ་ཡོད་པ་མ་རེད། ངོས་ལ་འབར་མའི་གཞུང་དང་ཐད་ཀར་འབྲེལ་བ་ཡོད་པ་མ་རེད། ལྷོ་ཀོ་རི་ཡར་རང་དབང་ཡོད་ཀྱང་གཞུང་དེས་ངོས་རང་ལུང་པ་དེར་ཡོང་འཇུག་གི་ཡོད་པ་མ་རེད་ ”ཅེས་གསུངས།

དེ་བཞིན། རཱ་མཱ་ཀི་རི་ཤི་ནའི་ཆོས་ཚོགས་(RAMAKRISHNA MISSION)  ཀྱི་གོ་སྒྲིག་འོག ཕྱི་ཚེས་ ༡༡ ཉིན་༸གོང་ས་མཆོག་རྒྱལ་ས་ལྡི་ལིར་སོ་མི་ཝི་ཝེ་ཀ་ནན་ཌ་ (Swami Vivekananda) མཆོག་སྐུ་འཁྲུངས་ཏེ། ལོ་ ༡༥༠ འཁོར་བའི་དུས་དྲན་ཉིན་ཚོཊ་པའི་འཛམ་གླིང་ཆོས་ལུཊ་རིས་མེད་ཀྱི་འཆམ་མཐུན་དང་ཞི་བདེ་ལྷན་ཚོཊ་སུ་ཆིབས་བསྒྱུར་གནང་ཡོད་ཅིང་། ལྷན་ཚོཊ་དེར་རྒྱ་གར་སྲིད་འཛིན་ཟུར་པ་དང་ཚན་རིག་པ་གྲཊ་ཅན་ཨཱ་ཌོ་ཀཱ་ལཱམ་མཆོག་གཙོས་འཛམ་གླིང་ཆོས་ལུཊ་ཁག་གི་དབུ་ཁྲིད་དང་སྐུ་ཚབ། ཚོཊ་བཅར་བ་སོཊ་མི་བརྒྱ་ཕྲག་ལྷག་འདུ་འཛོམས་བྱུང་ཡོད་འདུག

མཛད་སྒོའི་ཐོག་རཱ་མཱ་ཀི་རི་ཤི་ནའི་ཆོས་ཚོཊ་ཀྱི་དྲུང་ཆེས་༸ཏཱ་ལའི་བླ་མ་མཆོག་ཐེངས་འདིའི་འཛམ་གླིང་ཞི་བདེའི་བགྲོ་གླེང་ཐོག་གདན་ཞུ་གནང་ཐུབ་པ་དེ་ནི་ཧ་ཅང་སྐལ་བཟང་པོ་ཞིག་ཡིན་ཚུལ་དང་། ༸ཏཱ་ལ་བླ་མ་མཆོག་ནི་ཁྱད་དུ་འཕཊ་པའི་ཞི་བདེ་དང་འཆམ་མཐུན་གྱི་མཚོན་རྟཊ་ཤིག་དང་། ཁོང་ས་གནས་གང་དུ་ཆིབས་བསྒྱུར་གནང་ཡང་མང་ཚོཊ་ལ་རང་བཞིན་གྱིས་ཞི་བདེ་དང་འཆམ་མཐུན་གྱི་ཚོར་བ་སྤྲོད་ཐུབ་ཀྱི་ཡོད་སྐོར་ངོ་སྤྲོད་དང་། སྐུ་མགྲོན་རྒྱ་གར་སྲིད་འཛིན་ཟུར་པ་ཨཱ་ཌོ་ཀཱ་ལཱམ་མཆོག་གིས་ཀྱང་། ༸གོང་ས་མཆོག་གི་རླབས་ཆེན་གྱི་མཛད་རྗེས་ལ་བསྔཊ་བརྗོད་དང་། ཉེ་ལམ་༸གོང་ས་མཆོག་མཐོ་ཚད་ཕི་ཌི་ ༥༠༠༠ བརྒལ་བའི་ལ་དྭཊ་སུ་ཆིབས་བསྒྱུར་གནང་ཡང་། དཀའ་ངལ་གང་ཡང་་མ་འཕྲད་པར་སྐུ་གཟུཊ་ཧ་ཅང་བདེ་ཐང་ཡིན་པ་དེར་དགའ་སྤྲོ་སྐྱེས་ཡོད་ཚུལ། འཛམ་གླིང་ཞི་བདེ་དང་འཆམ་མཐུན་ཡོང་མིན་གཙོ་བོ་མདུན་གྲལ་བཞུཊ་པའི་ཆོས་ལུཊ་ཁག་གི་བླ་ཆེན་ཚོར་རག་ལས་ཡོད་སྐོར་གསུངས་ཡོད་འདུག

ཚོཊ་ཆེན་ཐོག་༸གོང་ས་མཆོག་གིས་རྒྱ་གར་སྲིད་འཛིན་ཟུར་པ་ཨཱ་ཌོ་ཀཱ་ལཱམ་མཆོག་ནི་ཁོང་གི་གྲོཊ་པོ་རྙིང་པ་ཞིག་དང་། ཚན་རིག་པ་གྲཊ་ཅན་དང་འཛམ་གླིང་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཀྱི་སྲིད་འཛིན་གནང་མྱོང་མཁན་ཞིག་ཡིན་ཚུལ་དང་། སྲིད་འཛིན་ཁོང་ནམ་རྒྱུན་ནང་ཆོས་ལས་གསུངས་བའི་སྙིང་རྗེ་ཉམས་ལེན་ཐོག་དོ་སྣང་ཡོད་སྐོར་སོཊ་ངོ་སྤྲོད་གནང་སྟེ། “རྒྱལ་ཁབ་འདི་ནི་འདས་པའི་འཛམ་གླིང་ལོ་རྒྱུས་ཐོག་སྙན་གྲཊ་ཅན་གྱི་ལྟ་གྲུབ་ཀྱི་འབྱུང་གནས་ཤིག་ཆཊ་ཡོད། དེ་སྔོན་ངོས་རང་རྒྱ་གར་ཚན་རིག་པ་རཱ་ཇཱ་ར་མ་མཆོཊ་དང་ཐེངས་གཅིག་ཐུག་འཕྲད་བྱས་པ་ཡིན། ཁོང་གིས་མགོན་པོ་ཀླུ་སྒྲུབ་ཀྱི་བརྩམས་ཆོས་ཤིག་གི་ནང་དངོས་པོའི་རྣམ་གཞག་སྐོར་བྲིས་འདུག སྤྱིར་དངོས་པོའི་རྣམ་གཞག་ནི་དེང་དུས་ཚན་རིག་པའི་བརྗོད་གཞི་གསར་པ་ཞིག་ཆཊ་ཡོད་ཀྱང་། གནའ་སྔ་མོའི་རྒྱ་གར་མཁས་པ་ཚོས་ལོ་ངོ་ཉིས་སྟོང་སྔོན་ནས་དེའི་སྐོར་བྲིས་ཟིན་ཡོད་པ་ཤེས་རྗེས། སེམས་ལ་བློ་སྤོབས་ཆེན་པོ་སྐྱེས་བྱུང་ཞེས་བརྗོད་སོང་། རྒྱ་གར་ནི་འཛམ་གླིང་འདིའི་ཐོག་ཆོཊ་ལུཊ་ཆེ་ཁག་ཚང་མ་མཉམ་གནས་བྱ་སའི་ཡུལ་ལུང་ཞིག་རེད། རྒྱ་གར་རང་ནས་དར་བའི་ཆོས་ལུཊ་ཁག་དང་ཕྱི་ཕྱོགས་ནས་ཚུར་དར་བའི་ཆོས་ལུཊ་སོཊ་མཉམ་གནས་བྱེད་ཐུབ་པ་དེས། རྒྱ་གར་ནི་དཔེ་མཚོན་ལྡན་པའི་ཆོས་ལུཊ་མཐུན་ལམ་གྱི་ཡུལ་ལུང་ཞིག་ཆགས་ཡོད་པ་བསྟན་ཡོད་པ་རེད། སྔོན་ཆད་ཡིན་ན་ཆོས་ལུཊ་གཅིག་དང་བདེན་པ་གཅིག་མ་གཏོཊ་ངོས་ལེན་བྱེད་ཀྱི་ཡོད་པ་མ་རེད། ད་ཆར་ཆོས་ལུཊ་རེ་ལ་བདེན་པ་རེ་ཡོད་པར་ངོས་ལེན་བྱེད་ཀྱི་ཡོད། ཞི་བདེ་དང་འཆམ་མཐུན་ནི་སྨོན་ལམ་བརྒྱབ་པ་ཙམ་གྱིས་ཕན་ཐོཊ་ཡོང་གི་མ་རེད། ཞི་བདེ་འཆམ་མཐུན་ཡོང་བར་ལག་ལེན་ལ་དངོས་སུ་འཇུག་རྒྱུ་དེ་ཧ་ཅང་གལ་ཆེན་རེད་ ” ཅེས་གསུངས།

ཉིན་དེའི་ཞོཊ་པར་༸གོང་ས་མཆོག་མཆོག་དབུ་བཞུཊ་ཐོག་ཧིན་དུ་དང་ཁ་ཆེ། འཇེའུ། བྷའེ། ཇེན། ནང་པ། ཡི་ཤུ། པར་ཤི། སིག་བཅས་ཀྱི་ཆོས་ལུཊ་ཁག་གི་དབུ་ཁྲིད་རྣམ་པས། ཁུལ་དེའི་རཱ་མཱ་ཀི་རི་ཤི་ནའི་ལྷ་ཁང་དུ་ཐུན་མོང་ཐོག་འཛམ་གླིང་ཞི་བདེའི་ཆེད་སྨོན་ལམ་གསུངས་ཡོད་པ་དང་། དེའི་རྗེས་༸གོང་ས་མཆོག་དང་རཱ་མཱ་ཀི་རི་ཤི་ནའི་ཆོས་ཚོཊ་སྤྱི་ཁྱབ་གཙོ་འཛིན་གཞོན་པ་རྣམ་གཉིས་ཀྱིས། སོ་མི་ཝི་ཝེ་ཀ་ནན་ཌ་མཆོག་གི་དྲན་རྟེན་འགྲེམས་སྟོན་དབུ་འབྱེད་དང་འབྲེལ་ཁོང་གི་མི་ཚེའི་ལོ་རྒྱུས་གློག་བརྙན་གཟིཊ་འབུལ་ཞུས་ཡོད་འདུག

ཚེས་ ༡༣ ཉིན་༸གོང་ས་མཆོག་རྒྱལ་སྤྱིའི་སྨན་པའི་ལྷན་ཚོགས་ཐོག་མཉམ་ཞུགས་ཀྱིས་བཀའ་སློབ་བསྩལ་རྗེས་མཁའ་ལམ་བརྒྱུད་སྡེ་རཱ་རྡུན་བོད་མིའི་གཞིས་ཆཊ་སུ་ཆིབས་བསྒྱུར་གནང་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་་་། གལ་སྲིད་འབར་མའི་དགེ་འདུན་པ་ཚོས་འབར་མའི་ནང་ཡོད་པའི་ཁ་ཆེ་སྤུན་ཟླ་ཚོར་རྡུང་རྡེག་བཏང་བ་བདེན་པ་ཡིན་ན། དེ་ནི་ཧ་ཅང་གི་ནོར་འཁྲུལ་ཆེན་པོ་ཞིག་རེད། ངོས་རང་ལ་མཚོན་ན། ཉི་ཧོང་ཕུད་པའི་གཟིཊ་སྐོར་བྱེད་ཡུལ་ནི། ཡི་ཤུ་ལུང་པ་རྣམས་དང་ཁ་ཆེའི་ལུང་པ་རེ་ཟུང་ཡིན་པ་ལས་ནང་པའི་ལུང་པ་ཆཊ་ཡོད་པ་མ་རེད། ་་་ཅེས་གསུངས་པ་ལ་མངོན་པར་བསྟོད་དོ། །གང་༸སྐུ་༸སྐུ་ཚེ་ཡུན་བརྟན་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese