མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༼དཔའ་མོ་མེ་སྤྱིན་གྱི་གཟེངས་རྟགས༽ཞེས་པ་ཞིག་འབུལ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp


ཕྱི་ཚེས་ ༢༥ ནས་ ༢༧ ཉིན་བར་ངྷ་རམ་ས་ལར་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་བོད་གཞུང་དམངས་གཉིས་ཀྱིས་གདོང་ལེན་གནང་ཕྱོགས་ཐོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་འཚོགས་འཆར་ལ། གྲོས་གཞིའི་ནང་དོན་དང་འབྲེལ་བའི་ཐོག་
དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་སུ་བཅར་འདྲི་ཞུས།

 

དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་ཐད་གཞུང་མང་གཉིས་ཀྱིས་གདོང་ལེན་ཇི་ལྟར་གནང་དགོས།

ལན། བོད་ནང་གི་བོད་མི་ཚོར་སྔ་ཕྱི་བར་འཕྲད་པའི་ལུས་སེམས་གཉིས་ཀྱི་དཀའ་སྡུག་དེ་ཁོང་ཚོ་སྒེར་གྱི་འཚོ་བའི་དཀའ་ངལ་ཞིག་ཆཊ་ཀྱི་མེད། ཁོང་ཚོར་འཕྲད་པའི་སྡུག་བསྔལ་དེ་ང་ཚོ་ཐུན་མོང་གི་སྡུག་བསྔལ་ཞིག་རེད། རང་ལུས་མེར་བསྲེགས་བཏང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་བྱེད་མར་མེ་ཁྲོམ་སྐོར་དང། མཆོད་འབུལ་སྨོན་ལམ་སོཊ་བོད་མིའི་སྒྲིག་འཛུགས་དང༌། ཚོཊ་པ་ཁག་ནས་དུས་ཐོག་གནང་གི་ཡོད་པ་དེ་ཡང་ལས་འགུལ་གཅིག་རེད། དེ་ལ་རྗེས་སུ་ཡི་རངས་ཡོད། འོན་ཀྱང༌། རང་ལུས་མེར་བསྲེགས་ལས་འགུལ་དེ་ནི་གནད་དོན་ཆུང་ངུ་ཞིག་གཏན་ནས་མིན་སྟབས། ཕྱི་ཕྱོགས་ཀྱི་ལས་འགུལ་འདི་ཙམ་གྱིས་འདས་གསོན་གཉིས་ཀྱི་དགོས་འདུན་བསྒྲུབ་ཐུབ་ཀྱི་མེད་པ་ང་ཚོ་ཚང་མས་ཤེས་གསལ་རེད། དེས་ན་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༡༢ ལོ་ནི་ཞུ་གཏུག་གི་ལོ་ཞིག་ལ་གཏན་འབེབས་གནང་ཡོད་པ་བཞིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་རྟོག་ཞིབ་ཚོགས་ཆུང་ཆེད་བཙུགས་ཀྱིས་བོད་ནང་ཕེབས་ཏེ། ཛ་དྲག་གནད་དོན་ལ་ཞིབ་འཇུག་མཐིལ་ཕྱིན་གནང་དགོས་པའི་དགོས་འདུན་ཞུ་ཡིག་ཅིག་གང་མགྱོགས་བཟོ་གལ་ཆེན་པོ་རེད། ཞུ་ཡིག་འབུལ་བར་བོད་མིའི་སྒྲིག་འཛུཊ་ཀྱི་སྐུ་ཚབ་ཆེད་བཅར་གནང་དགོས་པ་དང༌། ཚོགས་པ་ཁག་ནས་ཀྱང་དེ་བཞིན་གནང་དགོས་པར་མཐོང༌།
དེ་མཚུངས་སུ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གཉིས་ནས་ཨ་རིའི་གཞུང་ནས་བོད་དོན་ཐོག་ཛ་དྲག་ཚོགས་ཆུང་ཆེད་འཛུགས་དགོས་པའི་གྲོས་འཆར་འདོན་པར་དེར། ང་ཚོ་དོ་བདག་གིས་ཀྱང་དགོངས་འཆར་དེ་གལ་ཆེར་བརྩིས་ཏེ་ཨ་རིའི་གཞུང་ནས་དེ་ལྟར་ལག་བསྟར་ཡོང་ཐབས་ལ། བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཁག་གིས་ཡིག་ངག་གཉིས་ཐོག་ནས་དུས་འགྱངས་མེད་པར་འབོད་སྐུལ་གནང་དགོས་ཀྱི་འདུག ཕྱོགས་གཞན་ནས་རྒྱ་ནག་མི་མང་སྤྱི་དང་ལྷག་པར་དུ་ཤེས་ཡོན་ཅན། དམངས་གཙོ་དོན་གཉེར་བ་བཅས་དག་བརྒྱུད་དེ།
 རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་ཐབས་ཀྱི་ལས་འགུལ་སྤེལ་རྒྱུ་དང༌།  རྒྱ་ནག་མགོ་ཁྲིད་གསར་རྙིང་འཕོ་འགྱུར་གྱི་དུས་ཚོད་བསླེབས་ལ་ཉེ་བའི་སྐབས་འདིར། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ། མི་སྒེར་བ་བཅས་ཀྱིས་རྒྱ་ནག་ནང་གི་གནད་ཡོད་མི་སྣ་ཁག་ལ་ཐབས་མཁས་ཀྱི་འབྲེལ་བ་བྱས་ཏེ། ཁོང་ཚོ་བརྒྱུད་དེ་མགོ་ཁྲིད་གསར་པ་ཚོར་བོད་ཐོག་འཛིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པའི་རེ་འདུན་ཞུ་རྒྱུ་ཧ་ཅང་གལ་ཆེན་རེད་སྙམ།



དྲི་བ། དེ་སྔའི་རྒྱལ་ཡོངས་ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན་རིམ་པའི་གྲོས་ཆོད་ཁག་ལ་གྲུབ་འབྲས་ཐོན་ཡོད་མེད་དང་། ཐེངས་འདིའི་གྲོས་ཆོད་ཁག་ལག་བསྟར་བྱེད་ཕྱོགས་ཐད་དགོངས་ཚུལ་ག་རེ་ཡོད།

ལན། བཞག་ཟིན་པའི་གྲོས་ཆོད་རྣམས་ལག་བསྟར་བྱེད་ཐུབ་དང་མ་ཐུབ་ཐད་གཅིག་ནས་ང་ཚོ་སྐྱབས་བཅོལ་བ་ཡིན་སྟབས་ང་ཚོས་འདོད་མོས་ལྟར་གྲོས་ཆོད་ལག་བསྟར་བྱེད་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་སྲིད་མོད། རང་གཞུང་ནས་འགྲོ་གྲོན་ཕོན་ཆེན་བཏང་སྟེ་རྒྱལ་ཡོངས་ཚོགས་ཆེན་དང༌།  དམིགས་བསལ་ཚོགས་ཆེན་སྐོང་ཚོགས་ཐོག་ཆེད་ཕེབས་གནང་བའི་མི་སྣ་དེ་དག་རང་རང་གི་ས་ཁུལ་མི་མང་གི་སྐུ་ཚབ་མཚོན་གྱི་ཡོད་སྟབས།  སྐབས་དེའི་ཚོགས་ཐོག་ནས་བཞག་པའི་གྲོས་ཆོད་ལ་གྲོས་ཚོགས་ནས་གང་བྱུང་འགྱུར་བ་མི་གཏོང་རྒྱུའི་འབོད་བསྐུལ་དང༌། དེ་མཚུངས་སུ་གྲོས་ཆོད་ལག་བསྟར་ཡོང་ཆེད་འབྲེལ་ཡོད་ལྷན་ཁང་ནས་ལག་བསྟར་ཚོགས་ཆུང་ཆེད་བཙུགས་ཀྱིས་ཞིབ་འཇུག་དང་མཇུག་གནོན་གནང་རྒྱུ་གལ་ཆེན་རེད།



དྲི་བ། བོད་ཕྱི་ནང་གཉིས་ནང་རང་ལུས་མེར་བསྲེགས་གཏོང་མཁན་རྣམ་པར་བོད་གཞུང་དམངས་གཉིས་ཀྱིས་དྲན་རྟེན་དང་དྲན་གསོའི་ལས་དོན་རིགས་བྱེད་དགོས་པ་མཐོང་གི་འདུག་གམ།

ལན།  བྱས་པ་ཅན་ལ་བྱས་རྗེས་ཀྱི་དཔེ་ལྟར།  རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་དྲན་རྟེན་དང་།  དྲན་གསོ་ངེས་པར་དུ་དགོས་པར་མཐོང་གི་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་ལ་ཆ་མཚོན་ན། མི་འགྱངས་པར་༼དཔའ་མོ་མེ་སྤྱིན་གྱི་གཟེངས་རྟགས༽ཞེས་རང་ལུས་མེར་བསྲེགས་གནང་མཁན་དཔའ་མོ་རྣམས་ལ་གཟེངས་རྟགས་འབུལ་གཏན་འཁེལ་བ་བཞིན། རྒྱ་དམར་གཞུང་གིས་ལོ་ངོ་  ༦༠   རིང་བོད་མིའི་གཞི་རྩའི་ཐོབ་ཐང་ལ་རྡོག་རོལ་བཏང་སྟེ།  བོད་མི་རྣམས་བཟོད་སྒོམ་གྱི་མཐའ་ཟད་དེ།  ཛ་དྲག་ལས་འགུལ་སྤེལ་བ་འདི་དག་མ་འོངས་པའི་བོད་ཀྱི་རྒྱལ་རབས་ནང་འཁོད་རྒྱུ་དང་།  མི་རབས་ཕྱི་མ་རྣམས་ཀྱི་དྲན་པའི་ཡུལ་དུ་གནས་ཐབས་ལ། རང་གཞུང་གི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་༼  དཔའ་མཛངས་སྙིང་སྟོབས་སྐུ་ཡི་སྒྲོན་མེའི་དུས་དྲན། ༽ཟེར་བ་འདྲ་བོ་དང༌། ཡང་ན། ༼ མེ་ཀློང་ཁྲོད་ཀྱི་བདེན་སྐྱབས་འཚོལ་བའི་ཉིན་མོ།༽ ལ་སོགས་རྣོ་ངར་ལྡན་པའི་བརྗོད་ཚིག་འོག་དུས་དྲན་ཞིག་ངེས་པར་སྲུང་དགོས་པར་མཐོང༌། 

གསར་འགོད་པ། དོན་གོ

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

མཆན། 7

  1. གངས says:
    ལོ་ 10 སྔོན།

    མིང་འདི་བརྗེ་བོ་ཞིག་རྒྱབ་ན་ཡག་གི དཔའ་མོ་མེ་སྦྱིན། སྟག་མོ་ལུས་སྦྱིན། ད་ག་རེ་འདྲ་བོ་འདུག མིང་འདི་སྒྲུང་གཏམ་ཞིག་གི་ཁ་བྱང་འདྲ་བོ་འདུག ཚོར་སྣང་འདྲ་སྤྲོད་ཀྱི་མི་འདུག་ག

    Reply
  2. སྐར་མདའ། says:
    ལོ་ 10 སྔོན།

    ཨ་ར་དཀར་པོ་དང་རྒྱ་མཚོ་གཉིས་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད། གཟེངས་རྟགས་དེའི་ཤུགས་བསྟན་ལ་གོ་དོན་དམིགས་བཀར་བ་མང་ཙམ་འདུག་སྟབས། གཟེངས་རྟགས་དེ་འདྲ་མ་གནང་ན་ཡག་པོ་མཐོང་ཡོང་། དེ་བས་དཔའ་མོ་ཚོའི་ཁ་གཡང་དང་འབོད་སྐུལ། ཁ་ཚེམས་བཅས་ཀྱི་དགོངས་དོན་ལ་གཞིགས་ནས་ལས་འགུལ་སྤེལ་རྒྱུ་དེ་སྐབས་བབ་ཀྱི་དོན་དག་ཅིག་རེད་བསམ།

    Reply
  3. རྒྱ་མཚོ། says:
    ལོ་ 10 སྔོན།

    གཟེངས་རྟགས་འགུལ་རྒྱུ་འདི་གལ་ཆེན་པོ་མ་རེད། བུད་མེད་ཡིན་པ་དམིགས་བསལ་བྱེད་དགོས་པ་དེ་བས་ཀྱང་ཡོད་པ་མ་རེད། དགོས་ངོ་མ་དེ། བུད་མེད་དེ་ཚོའི་ཤུལ་དུ་ལྷག་ཡོད་པའི་བྱིས་པ་དང་ནང་མི་དེ་ཚོར་རོགས་རམ་དང་འགན་ལེན་ཆུང་ངུ་རེ་ཐུབ་པ་ཡིན་ན། དོན་གྱི་ཕན་ཐོགས་དང་རྗེས་དྲན་རེད། ཚོགས་པ་ཞིག་གི་མིང་ཙམ་ལ་དོ་སྣང་ཡོང་བར་ཕན་གྱི་ཡོད་པ་ལས། དོན་ངོ་མར་ཕན་ཐོགས་གང་ཡང་ཡོད་པ་མ་རེད།

    Reply
  4. རྒྱ་མཚོ། says:
    ལོ་ 10 སྔོན།

    དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་གྱི་ལས་འགུལ་གང་བརྩམས་ནའང་དགའ་བསུ་ཡོད། ཡིན་ནའང་། ཁོང་ཚོའི་བློས་གཏོང་དེ་གསལ་པོར་མཚོན་པའི་མིང་ཚིག་བེད་སྤྱོད་གཏོང་དགོས་པ་གལ་ཆེན་པོ་རེད། མེ་སྦྱིན་ལབ་ན་ངོ་རྒོལ་ཟེར་བའི་རྣམ་པ་དེ་མེད་པར་བྱས་པ་འདྲ་པོ་རེད། གང་ཡིན་ཟེར་ན། སྦྱིན་པ་ནི་ངོ་རྒོལ་གྱི་རྣམ་གྲངས་ཤིག་མ་རེད། ལྷག་པར་དུ་མེ་སྦྱིན་ལབ་ན། དེབ་བས་ཀྱང་ངོ་རྒོལ་གྱི་རྣམ་པ་མཚོན་པ་ཞིག་ཆགས་ཀྱི་མེད། ཞུགས་མེར་ཕུལ་བ། རང་ལུས་མེར་མཆོད། རང་ལུས་མེར་སྲེག་འདི་ཚོར་ཡང་། ཆབ་སྲིད་ཀྱི་ངོ་བོ་མཚོན་པའི་ཆ་ནས་ཚིག་ཤུགས་ཀྱི་ཁྱད་པར་ཡོད་པ་རེད། ༼དཔའ་མོ་མེ་སྦྱིན་གྱི་གཟེངས་རྟགས༽ལབ་ན། དཔའ་མོ་དེ་ཅ་ལག་ཅིག་ཆགས་ཡོད། མེ་དེ་སྦྱིན་ཡུལ་དེ་ཆགས་ཡོད། སྦྱིན་མཁན་གྱི་བྱེད་པ་པོ་གཞན་ཞིག་དགོས་པ་སྟོན་གྱི་ཡོད། དེས་ན་༼དཔའ་མོ་མེ་སྦྱིན་གྱི་གཟེངས་རྟགས༽ལབ་དུས་བུད་མེད་མེ་ལ་སྲེག་མཁན་ཞིག་ལ་གཟེངས་རྟགས་སྤྲོད་པའི་དོན་ཞིག་ལས། རྒྱལ་གཅེས་དཔའ་མོ་ཞིག་ལ་རྗེས་དྲན་བྱེད་པའི་གོ་བ་མི་སྟེར་བ་ཞིག་ཆགས་ཡོད། བུད་མེད་ཚོགས་པས། གཟེངས་རྟགས་ཕུལ་རྒྱུ་དྲན་པ་ཡག་པོ་མ་རེད་ཟེར་གི་མེད། གཟེངས་རྟགས་ཀྱི་མིང་འདོགས་སྟངས་འདི་འདྲ་ཡིན་ན། གླེང་གཞི་ཅན་ཆགས་ནས། ལོ་རྒྱུས་ཀྱི་ཐ་སྙད་ཆགས་པར་འགལ་རྐྱེན་བཟོ་བ་རང་རེད། དེ་ལས་མ་ཕུལ་བར་བཞུགས་པ་ཡིན་ན། དེ་ཡང་གཟི་བརྗིད་ཅིག་ཆགས་ཀྱི་རེད། གཟབ་ཙམ་གནང་དགོས་པ་རེད། བོད་ནང་ནས་རང་ལུས་མེར་སྲེག་གཏོང་མཁན་དཔའ་བོ་དཔའ་མོ་དག་ལ་རྗེས་དྲན་ཞུ་ངོ་མ་ཡིན་ན། འགན་ཁྱེར་བའི་སྟེང་ནས་ཞུ་དགོས་པ་རེད། ཚིག་ཟེར་བ་འདིར་གནད་འགག་ཆེན་པོ་ཡོད་པ་རེད། ལོ་རྒྱུས་ཀྱི་ཐ་སྙད་ཆགས་པ་ཞིག་ལ་དགོངས་པ་བཞེས་ན་ཡག་པོ་འདུག

    Reply
  5. ནོར་བུ་ཚེ་རིང་། says:
    ལོ་ 10 སྔོན།

    བོད་ཀྱི་བུད་མེད་ལྷན་ཚོགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། དགའ་བསུ་ཡི་རངས་བསྔགས་བརྗོད་ཡོད། བོད་པའི་གཏམ་དཔེ་ལ། དཔའ་བོར་དཔའ་དར་འཐེན་དགོས། སྡར་མར་ཝ་རྔ་འདོག་དགོས། ཞེས་པའི་བཤད་སྲོད་པ་ལྟར། བོད་ནང་གི་དཔའ་བོ་དཔའ་མོ་ཚོར་བྱེས་གར་བོད་མི་ཚོས་ངོས་འཛིན་གང་འདྲ་ཡོད་མེད་གསལ་སྟོན་གནང་དགོས་པ་རེད། སྤྱི་ཚོགས་ནང་ལྟ་ཚུལ་མཐུན་མིང་དང་དགོངས་ཚུལ་འདྲ་མིན། ཡག་སྡུག་སྣ་ཚོགས་བཤད་མཁན་ཡོད་སྲིད་ཀྱང་། སོ་སོའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གསལ་བོའི་ཐོག་ནས་རང་འཁྲུའི་ལས་འགན་ཏག་ཏག་བསྒྲུབས་ཐུབ་སོང་བ་ཡིན་ན་འགྲིག་བསྡད་ཡོད་པ་རེད།

    Reply
  6. thapkegyatso says:
    ལོ་ 10 སྔོན།

    བུད་མེད་འདི་ཚོས་ཕྱོགས་གཅིག་ལས་མི་མཐོང་ཡང་།རང་དགར་མི་བཞུགས་པ་ནི་སྤོབས་པ་ཞིག་ཏུ་འཁུམས།

    Reply
  7. ཨ་ར་དཀར་པོ says:
    ལོ་ 10 སྔོན།

    བུད་མེད་ཚོགས་པས་ དཔའ་མོ་མེ་སྦྱིན་གཟེངས་རྟགས ཞེས་པ་འབུལ་འཆར་འདིས་བོད་ནང་མུ་མཐུད་དཔའ་མོ་མང་ཙམ་མདུན་དུ་ཐོན་ནས་རང་ལུས་མེ་སྦྱིན་ཡོང་བར་འབོད་སྐུལ་བྱེད་པ་འདྲ་བོ་མི་འདུག་གམ། དེ་ལས་དྲན་རྟེན་འདྲ་བཞེངས་ཐུབ་ན་ཡག་པོ་མེད་འགྲོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist