མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་ལས་འགུལ་གང་ཞིག་འཕྲལ་ཕུཊ་ལ་དགེ་ཕན་ཆེ་བར་མཐོང་གི་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

ངྷ་རམ་ས་ལར་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་བོད་གཞུང་དམངས་གཉིས་ཀྱིས་གདོང་ལེན་གནང་ཕྱོགས་ཐོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་འཚོགས་འཆར་ལ། གྲོས་གཞིའི་ནང་དོན་ཐོག་ས་རཱ་མཐོ་སློབ་ཀྱི་འགན་འཛིན་དང་ངྷ་སྟེང་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་རྣམ་གཉིས་ལ་དགོངས་འཆར་དྲིས་ཡོད། 

ས་རཱ་མཐོ་སློབ་ཀྱི་འགན་འཛིན་འཇམ་དཔལ་གྲགས་པ་ལགས།

དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བོད་གཞུང་དམངས་གཉིས་ཀྱིས་གདོང་ལེན་ཇི་ལྟར་གནང་དགོས།

ལན། རྒྱ་ནག་གཞུང་གིས་ད་ལྟའི་བོད་ནང་འཛིན་པའི་དྲག་པོའི་སྲིད་བྱུས་སོགས་ལ་འགྱུར་བ་མ་བཏང་བར་དུ།  བོད་ནང་རང་ལུས་མེར་བསྲེགས་གཏོང་བའི་ལས་འགུལ་སོགས་མཚམས་འཇོག་དཀའ་བ་མ་ཟད།  ལྔ་བཅུས་མི་ཚད་བརྒྱ་དང་།  བརྒྱ་ཡིས་མི་ཚད་སྟོང་ཡང་ཡོང་ངེས་ཡིན་པ་ཞིག་རེད་དྲན་གྱི་ཡོད། དེ་ལྟ་བའི་ཡིད་སྐྱོའི་གནས་ཚུལ་དེ་རིགས་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་འཁྲེགས་འཛིན་སྲིད་བྱུས་ངན་པའི་མཇུག་འབྲས་རེད། དེར་བརྟེན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག ཕྱོགས་གཉིས་ཀ་ནས་ཉིན་འགྱངས་ཞག་འགྱངས་སུ་མ་བཏང་བར་ཛ་དྲག་གི་ཐོག་ནས་བོད་རྒྱ་ཞི་མོལ་སླར་གསོ་ཡོང་ཐབས་ཐོག་འབད་བརྩོན་གནང་རྒྱུ་གལ་འགངས་ཆེ་ཤོས་སུ་མཐོང་གི་ཡོད། དེ་ནས་གཞུང་དམངས་ཡོངས་ནས་གཅིག་གྱུར་ཐོག གོ་རིམ་དང་འཆར་གཞི་ལྡན་པའི་ཐོག་ནས་ལས་འགུལ་གཅིག་མཇུག་གཉིས་མཐུད་སྤེལ་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇགས་ཡོངས་ཐབས་དང་། བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་རྣམས་རྒྱལ་སྤྱིའི་ཐོག་ཏུ་འཁྱོལ་ཐུབ་པ་བྱ་རྒྱུ་སོགས་རེད་དྲན་ཡོད། 

དྲི་བ། དེ་སྔའི་རྒྱལ་ཡོངས་ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན་རིམ་པའི་གྲོས་ཆོད་ཁག་ལ་གྲུབ་འབྲས་ཐོན་ཡོད་མེད་དང་། ཐེངས་འདིའི་གྲོས་ཆོད་ཁག་ལག་བསྟར་བྱེད་ཕྱོགས་ཐད་དགོངས་ཚུལ་ག་རེ་ཡོད། 

ལན། སྤྱིར་བཏང་གོང་གི་ཚོགས་ཆེན་ཁག་གཉིས་ཚོགས་ཐུབ་པ་ཙམ་གྱིས་གཞུང་དམངས་བར་འབྲེལ་བ་དམ་ཟབ་དང་། ལྷག་པར་དུ་དབུས་བོད་མིའི་སྒྲིག་བཙུགས་དེ་༧གོང་ས་ཏཱ་ལའི་བླ་མའི་ཐུགས་རྗེ་ཉག་གཅིག་ལ་བརྟེན་ནས་དམངས་གཙོ་ཡང་དག་པ་ཞིག་ཏུ་གྱུར་ཐུབ་པར་ངེས་པ་བརྟན་དུ་ཕྱིན་ཡོད།  གྲོས་ཆོད་ཁག་གི་ནང་ནས་ཀྱང་བོད་མིའི་རྩ་དོན་དང་འབྲེལ་བའི་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་ཐོགས་ཡོད་པ་དག་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་གང་ལ་གང་འཚམ་ཕྱག་ལེན་བསྟར་གང་ཐུབ་གནང་ཡོད། འཚོགས་ལ་ཉེ་བའི་ཚོགས་ཆེན་ཐོག་གྲོས་ཆོད་མང་པོ་ཞིག་ཡོང་གི་ཡོད་པ་གསལ་པོ་ཡིན། འོན་ཀྱང་གཞུང་དམངས་གཉིས་ངོས་ནས་ཐུགས་ལ་འཇགས་དགོས་པ་ཞིག་ལ།  ༧གོང་ས་ཏཱ་ལའི་བླ་མས་ཡེ་ཤེས་དབྱིངས་དཔྱད་དང་།  འདས་པའི་མི་ལོ་དྲུག་ཅུ་ལྷག་འཛམ་གླིང་སྤྱི་དང་། ལྷག་པར་རྒྱ་དཀར་ནག་དང་། བོད་རྒྱའི་དཀའ་རྙོག་ནང་འཚར་ལོངས་བྱུང་བའི་ཉམས་མྱོང་སོགས་ལས་འོད་སྟོང་ལྡན་པའི་གཉིས་སྨན་དབུ་མའི་ལམ་ཞིག་གསལ་བཏོན་གནང་ཡོད་པ་དང་། རྒྱ་བོད་གཉིས་ཞི་གྲོས་ལམ་ནས་དཀའ་རྙོག་སེལ་ཐབས།  རང་སྲིད་རང་སྐྱོང་གི་དམིགས་ཡུལ་འཛིན་དགོས་པའི་ལམ་སྟོན་དེ་དག་ནི་བོད་མི་རིགས་རིག་གཞུང་དང་བཅས་པ་འཇིག་ལ་ཉེ་བའི་གནས་སྟངས་ལས་སྐྱོབ་ཐབས་ཀྱི་བླ་ན་མེད་པའི་ལམ་སྟོན་ཞིག་ཡིན་པར་ངོས་འཛིན་གསལ་པོ་ཐུབ་པའི་ཐོག  ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཙམ་དུ་མ་ཟད།  རྒྱ་ནག་གཞུང་དམངས་ཡོངས་ནས་ཀྱང་ངོས་འཛིན་གསལ་པོ་ཐུབ་པ་བྱེད་དགོས།  ཐུགས་དགོངས་ཇི་བཞིན་བསྒྲུབ་པར་དམིགས་བསལ་དགོངས་ཚུལ་གནང་ན་དེ་ནི་བསྔགས་འོས་ཀྱི་གནས་རེད། ཡིན་ནའང་འཕྲལ་ཕུགས་ཀྱི་ཁེ་ཉེན་གསལ་བོ་མ་རྟོགས་པར། ལྷག་བསམ་ཆེ་ཁུལ་གྱིས་རྣམ་དཔྱོད་ཀྱི་རྒྱབ་མ་འཁྱོག་ན་འཕྲལ་ལ་ངོ་མཚར་ཆེ་བ་ལྟ་བུར་སྣང་ཡང་།  ཕུགས་སུ་ཕན་ལས་གནོད་ཆེ་བ་ཡོང་ངེས་དང་།  དེ་ལས་ལྡོག་སྟེ་༧གོང་ས་ཏཱ་བླའི་བླ་མ་སྐུ་འཚོ་བཞུགས་སྐབས་བོད་རྒྱའི་དཀའ་རྙོག་སེལ་སླད་བོད་གཞུང་དམངས་ཀྱིས་འབད་བརྩོན་ལྷོད་མེད་གནང་དགོས་པ་ཙམ་མ་ཟད།  རྒྱ་ནག་གཞུང་ཕྱོགས་ནས་ཀྱང་གུ་ཡངས་བསམ་བློ་མ་བཏང་བར། སྡིག་པ་མིག་བཙུམ་གྱིས་དུས་འགྱངས་བྱས་ཚེ་ནམ་ཞིག བོད་མི་རྣམས་རྒྱ་ནག་གཞུང་དམངས་ལ་རེ་ཐག་ཆད་པའི་འུ་ཐུག་སྐབས། བོད་མི་རྣམས་སྐྱིད་པའི་ཉི་མ་ཤར་རྒྱུ་མིན་པ་སྨྲོས་མེད་ཐོག  རྒྱ་ནག་གཞུང་དམངས་ལའང་གནས་བཟོད་མི་བདེ་བའི་དཀའ་ངལ་རིམ་འཕྲད་དང་།  བོད་རྒྱའི་དཀའ་རྙོག་ཇེ་ཞན་ཇེ་སྡུག་ཏུ་འགྲོ་ངེས་ཡིན། གནས་ཚུལ་དེའི་འགན་ཚང་མ་རྒྱ་ནག་དམར་པོའི་མགོ་ཁྲིད་ཚོས་འཁྱེར་དགོས་པ་ཡིན།  དེར་བརྟེན་ཚོགས་བཅར་བ་རྣམས་པས་དོན་སྙིང་ལྡན་པའི་དགོངས་ཚུལ་དང་།  བོད་ཀྱི་དངོས་ཡོད་གནས་ཚུལ་ལ་བསམ་གཞིགས་མང་ཙམ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། 

དྲི་བ། བོད་ནང་རང་ལུས་མེར་བསྲེག་མ་ཡིན་པའི་ལས་འགུལ་གཞན་མང་པོ་ཞིག་སྤེལ་གྱིན་ཡོད་པ་ལས།  གང་ཞིག་འཕྲལ་ཕུགས་བོད་པའི་རྩ་དོན་ཐོག་གལ་ཆེན་དུ་མཐོང་གི་ཡོད།

ལན། བོད་ཀྱི་བདེན་མཐའ་གསལ་ཕྱིར་གཅེས་པའི་རང་ལུས་ཀྱང་ཞུགས་ལ་བསྒྲོན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གུས་འདུད་ཞུ་བ་དང་ཆབས་ཅིག འཕྲལ་ཕུགས་ཀྱི་བོད་པའི་རྩ་དོན་ཐོག་གལ་ཆེ་ཆུང་ནི་ལས་འགུལ་གྱི་ངོ་བོ་མིན་པར་དམིགས་ཡུལ་འཛིན་སྟངས་ལ་རག་ལས་པ་ཞིག་ཡིན།  བོད་མི་རིགས་རིག་གཞུང་དང་བཅས་པ་འཇིག་ལ་ཉེ་བའི་གནས་སྟངས་འདི་ལས་མྱུར་སྐྱོབ་ཆེད་བརྩམས་པའི་ལས་འགུལ་གང་ཡིན་པ་དེ། འཕྲལ་ཕུགས་བོད་པའི་རྩ་དོན་ཐོག་ཕན་ཐོགས་ཆེ་ཤོད་ཀྱི་ལས་འགུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྗེ་བཙུན་མི་ལས། ངས་ཉིན་མོ་བཙལ་ནས་མ་བརྙེད་པ་ཞིག ཁྱེད་ཀྱིས་མཚན་མོ་བཙལ་ནས་བརྙེད་ཐབས་མེད་ཅེས་གསུངས་པ་བཞིན།  ༧གོང་ས་ཏཱ་ལའི་བླ་མའི་བླ་ན་མེད་པའི་ལམ་སྟོན་གནང་བ་བཞིན། ཆོལ་གསུམ་བོད་མི་ཡོངས་ལ་རང་སྲིད་རང་སྐྱོང་ཚད་ལྡན་ཞིག་མགྱོགས་ནས་མྱུར་དུ་རགས་ཐབས་སུ།  གཉིས་སྨན་དབུ་མའི་ལམ་ནས་བོད་རྒྱ་ཞི་གྲོས་ཀྱིས་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་ནི་ཡག་ཤོས་ཡིན་པར་གཞིས་བྱེས་བོད་མི་ཡོངས་ནས་ངོས་འཛིན་གསལ་པོ་ཐུབ་པར་བྱས་ཏེ།  ལས་འགུལ་ཆེ་འབྲིང་ཆུང་གསུམ་གང་ཞིག་སྤེལ་ཡང་ཆར་པ་ཆུ་གྲོགས་སུ་འགྲོ་བར་གཞུང་དམངས་གཉིས་ཀྱིས་ནུས་ཤུགས་གཅིག་སྒྲིལ་གྱིས་འབད་བརྩོན་ལྷོད་མེད་གནང་དགོས་པ་ནི།  འཕྲལ་ཕུགས་ཀྱི་བོད་པའི་རྩ་དོན་ཐོག་ཕན་ཐོགས་ཆེ་ཤོས་ཤིག་ཏུ་མཐོང་གི་ཡོད།

 

ངྷ་སྟེང་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་ཚེ་དབང་ཡེ་ཤེས་ལགས།

དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བོད་གཞུང་དམངས་གཉིས་ཀྱིས་གདོང་ལེན་ཇི་ལྟར་གནང་དགོས།

ལན། སྤྱིར་གནས་ཚུལ་འདིའི་ཐོག་ཐབས་ལམ་བྱེད་སྒོ་མང་པོ་ཡོད་ཀྱང་། ང་རང་སྒེར་གྱིས་སེམས་ལ་དྲན་ཚོད་ཅིག་ཞུས་པ་ཡིན་ན། ཀ༽གཞིས་བྱེས་གཉིས་ཀྱི་གོང་བུའི་ཆིག་སྒྲིལ་གྱི་ནུས་པ་གོང་འཕེལ་གནས་ཐུབ་ཐབས་ལ་ཐུགས་སྣང་རྒྱུན་པར་དགོས་པ། ཁ༽འཛམ་གླིང་སྤྱི་དང༌བྲེ་བྲག་རྒྱ་མི་རིགས་རྣམས་ལ་བོད་མི་རིགས་ཀྱི་ལོ་རྒྱུས་དང༌། བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་ལྟ་གྲུབ་སོགས་གསལ་རྟོགས་ཐུབ་ཐབས་སུ་གཞུང་མང་གཉིས་ཕྱོགས་ནས་དེ་མཚུངས་ཀྱི་ཐབས་བྱུས་ཀྱི་སྒོ་ནས་ལས་འཆར་དམིགས་བསལ་སྤེལ་གལ། ག༽རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་དེ་ནི་བྱེད་སྒོའི་ནང་ནས་ཀྱང་གལ་འགངས་ཆེ་ཤོས་ལ་བརྟེན། སྤྱི་སྒེར་ཡོངས་ནས་ཐུགས་སྣང་མ་དོར་བར་མུ་མཐུད་ནུས་ཤུགས་འདོན་སྤེལ་ཞུ་རྒྱུ། 

དྲི་བ། རྒྱལ་ཡོངས་ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན་རིམ་པའི་སྐབས་ཀྱི་གྲོས་ཆོད་ཁག་ལ་གྲུབ་འབྲས་ཐོན་ཡོད་མེད་ཐོག་གཟིགས་ཚུལ་གང་འདྲ་ཡོད།

ལན། སྤྱིར་དམངས་གཙོའི་གཞུང་ཞིག་དང༌། དེ་ཡང་སྐྱབས་བཅོལ་གྱི་གནས་སྟངས་སུ་གྱར་བའི་སྐབས་སུ། སྤྱིར་ཆབ་སྲིད་ཀྱི་ལངས་ཕྱོགས་མང་ཚོགས་ནས་གོ་རྟོགས་ཐུབ་ཆེད་དང༌། མང་ཚོགས་ཀྱི་བསམ་ཚུལ་དབུ་ཁྲིད་རྣམ་པའི་ཐོག་ནས་མཁྱེན་ཆུབ་ཡོང་ཆེད་ཀྱི་དགོངས་དོན་ལྟར་ཕན་རླབས་ཆེན་པོ་བྱུང་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད། དགོངས་ཚུལ་བྱུང་བའི་ཡིག་ཆའི་ནང་ནས་ཕྱག་བཞེས་མཛད་ཐབས་གྱུར་མིན་སྣ་ཚོགས་ཡོད་ངེས་ཀྱང༌། མང་ཚོགས་ཀྱི་བསམ་ཚུལ་བསྡུ་བཞེས་གནང་བའི་ཡིག་ཆ་དེ་བཞིན་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཆགས་ཡོད་ངེས། 

དྲི་བ། ཐེངས་འདིའི་ཚོགས་ཆེན་སྐབས་གྲོས་ཆོད་མང་པོ་ཡོང་གི་རེད། དེ་དག་ལག་བསྟར་བྱེད་ཕྱོགས་ཐོག་དགོངས་ཚུལ་ག་རེ་ཡོད།

ལན། བོད་མི་རིགས་སྤྱི་དང༌ལྷག་པར་བོད་ནང་རྒྱ་དམར་གཞུང་ནས་གཞིས་ལུས་སྤུན་ཟླ་རྣམ་པའི་ཐོག་འགྲོ་བ་མིའི་བྱ་སྤྱོད་ལས་འདས་པའི་ལུས་སེམས་འཚོ་གནས་མ་ཐུབ་པའི་དཀའ་སྡུག་སྤྱི་དང༌། བོད་མི་ཡོངས་ཀྱི་བླ་ན་མ་མཆིས་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད། འདི་ཕྱིའི་མགོན་སྐྱབས་འཛམ་གླིང་ཞི་བདེའི་དེད་དཔོན་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་གི་སྐུ་པར་ཙམ་ཡང་ཉར་མ་ཆོག་པའི་བཙན་བཀའ་བཏང་བ་            སོགས་བོད་མི་རིགས་ལ་འདི་ལས་ལྷག་པའི་སེམས་སྡུག་ཡོང་གཞི་མེད་པའི་གནས་སྟངས་འོག་བཟོད་ཐབས་བྲལ་ནས། དེ་སྔའི་བྱ་སྤྱོད་མཚམས་འཇོག་དགོས་པའི་ཞུ་འབོད་ལྟ་བུའི་སླད་དུ། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ནས་གཅེས་པའི་ལུས་སྲོག་མཆོད་མེར་ཕུལ་བའི་གནས་ཚུལ་བྱུང་བ་ཙམ་དུ་མ་ཟད། ཁོང་རྣམ་པའི་རེ་འབོད་བཞིན། དཀའ་སྡུག་དེ་དག་ལས་བྲལ་ཐབས་དང༌། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུ་ཐུབ་ཐབས་ཞུ་རྒྱུའི་ལས་འགན་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཡོད་དོ་ཅོག་ལ་ཡོད་པ་བཞིན་འགྲུབ་ཐབས་སོགས་གྲོས་ཆོད་གང་བྱུང་ལ་རང་རེ་ཚང་མས་ནུས་པ་འདོན་གལ་ཞུ་རྒྱུ་ཡིན། 

དྲི་བ། ལོ་ལྔ་ཕྱིར་བོད་ནས་བཙན་བྱོལ་དུ་ཡོང་མཁན་ཇེ་ཉུང་དང༌། ཕྱིར་བོད་ནང་ལོག་མཁན་ཇེ་མང་དུ་འགྲོ་བཞིན་པའི་ཐད་བསམ་ཚུལ་ག་རེ་ཡོད།

ལན། དང་པོ། བཙན་བྱོལ་དུ་ཡོང་མཁན་ཉུང་དུ་ཕྱིན་པ་དེ་ནི་ས་མཚམས་ཁག་ནས་བཀག་འགོག་ཤུགས་ཆེན་བྱས་པའི་དབང་གིས་བྱུང་བ་དང་། འཛིན་བཟུང་བྱས་པ་དག་ལ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བ་སོགས་ལས་བྱུང་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། གཉིས་པ། ཕྱིར་ལོག་བྱེད་མཁན་རྣམས་ཀྱང་ཕྱིར་ལོག་མི་བྱ་ཐབས་མེད་ཀྱི་གནས་ཚུལ་སྐྱོ་བོ་ཞིག་གི་འོག་ནས་ལོག་གི་ཡོད། རྩ་བའི་འགྲོ་འོང་གཉིས་ཀ་ཡོང་སྲིད་པ་ཞིག་ཡིན་རུང༌། དོན་སྙིང་རང་དབང་གི་ཐོག་ནས་ཐག་གཅོད་ལག་བསྟར་བྱ་རྒྱུའི་གོ་སྐབས་ཇི་བཞིན་མེད་པ་དེ་དང༌། ལྷག་པར་ཤེས་ཡོན་སློབ་སྦྱོང་གི་སྐབས་སུ་ཡུལ་གང་དུ་བྱེད་དང༌། སློབ་སྦྱོང་གང་བྱེད་སོགས་ཕ་མ་བུ་ཕྲུག་ལ་རང་དབང་དགོས་པ་བཞིན་མེད་པ་བཅས་ནི་བློ་ཕམ་གྱི་གནས་ཚུལ་ཞིག་རེད་སྙམ།

གསར་འགོད་པ། བནྟེ་སྐྱབས།

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༡༨ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༡༨ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༢༠ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

མཆན། 2

  1. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    ད་བར་ཚོགས་ཆེན་འབྲེལ་བའི་བསམ་ཚུལ་སྟོན་མཁན་དག་ནི་སྤྱི་་ཚོགས་ནང་འགན་ཡོད་ཚོས་ཐབ་ལམ་སྟོན་རྒྱུ་མི་འདུག་ན་ད་ཐེངས་ཀྱིས་ཚོགས་འདི་ནི་འདྲིལ་བསྒྲགས་ཙམ་ལས་ཡོང་རྒྱུ་མེད་པ་ཞིག་ཐག་གི་ཆོད་སོང།།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    གཅིག་གིས།
    ་་་་་ དེ་ནི་བསྔགས་འོས་ཀྱི་གནས་རེད། ཡིན་ནའང་འཕྲལ་ཕུགས་ཀྱི་ཁེ་ཉེན་གསལ་བོ་མ་རྟོགས་པར། ལྷག་བསམ་ཆེ་ཁུལ་གྱིས་རྣམ་དཔྱོད་ཀྱི་རྒྱབ་མ་འཁྱོག་ན་འཕྲལ་ལ་ངོ་མཚར་ཆེ་བ་ལྟ་བུར་སྣང་ཡང་། ཕུགས་སུ་ཕན་ལས་གནོད་ཆེ་བ་ཡོང་ངེས་དང་། ་་་ཟེར།
    ཡང་གཅིག་གིས།
    ་་་་་་ མང་ཚོགས་ཀྱི་བསམ་ཚུལ་བསྡུ་བཞེས་གནང་བའི་ཡིག་ཆ་དེ་བཞིན་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཆགས་ཡོད་ངེས། ་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese