མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡིད་སྐྱོའི་གནས་ཚུལ།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཆབ་སྲིད་ཀྱི་བཙོན་ཟུར་མདོ་ཁམས་སོག་རྫོང་རོང་པོ་རྒན་ཐུབ་བསྟན་མཐར་ཕྱིན་མཆོག་དགུང་གྲངས་ ༧༦ ཐོག་ ༢༠༡༢ ཟླ་ ༩པའི་ཚེས་ ༡༤ ཉིན་ཞོགས་པ་ཆུ་ཚོད་ ༦ དང་སྐར་མ་ ༢༥ ཙམ་ལ་གཞུགས་སྒར་དུ་སྤུན་མཆེད་ཀྱི་ནང་དུ་དགོངས་པ་རྫོགས་འདུག དམ་པ་དེ་ཉིད་ནི་སྤྱི་ལོ ༡༩༣༦ མདོ་ཁམས་སོག་རྫོང་རོང་པོ་བླ་མདའ་ཐང་དུ་ཞིང་པ་དབུལ་པོའི་ཁྱིམ་ཚང་ཞིག་ལ་སྐྱེས།

རང་ལོ་ ༡༣ སྟེང་ལ་རོང་པོ་རབ་བརྟན་དགོན་དུ་ཆོས་ཞུགས་བྱས་ཏེ་དགོན་པའི་ལས་སྣེ་གང་སར་འབད་པ་ལྷོད་མེད་གནང་འདུག རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་བཙན་གཟུང་སྐབས་སུ་དམ་པ་དེ་ཉིད་ཀྱང་རྒྱ་དམར་ལ་ཕར་རྒོལ་གཡུལ་སར་ཞུགས་ཏེ་ལོ་ངོ་བཞིའི་རིང་ལ་རྒོལ་འཛིང་སྣ་ཚོགས་ཀྱི་རྒྱ་དམར་ལ་ཁ་གཏད་བྱས་མཐའ་ ༡༩༦༢ ལོར་རྒྱ་མིས་འཛིན་བཟུང་བྱས་ནས་ལོ་ངོ་ ༡༤ རིང་ལ་སྡུག་སྦྱོང་མནར་གཅོད་ཚད་ལས་རྒལ་བ་བཏང་མཐར་ཕྱི་ལོ་ ༡༩༧༦ ལོར་གློད་གྲོལ་ཐོབ་ནའང་སྔར་བཞིན་ཞྭ་མོ་གཡོགས། མདོར་ན་མི་ལོ་ཧྲིལ་པོ་ ༡༤ རིང་ལ་བཙོན་འོག་དུ་དམྱལ་བ་མི་ཡུལ་དུ་ལྷུང་པ་ལྟར་བུ་མྱངས་འདུག ༡༩༨༠ ལོར་ཞྭ་མོ་ཕུད་རྗེས་མི་མང་མཉམ་དུ་འདྲིས་གཤིབས་བྱེད་ཆོག་པ་བྱུང་འདུག རོང་པོ་རབ་བརྟན་དགོན་དགའ་ལྡན་རབ་བརྟན་གླིང་དེ་སྔོན་རྒྱ་མིས་ཤུལ་ཙམ་མེད་པར་རྩ་གཏོར་བཏང་ཡོད་ཀྱང་༡༩༨༢ ལོར་དམ་པ་དེ་ཉིད་དང་གཞན་ཁ་གཅིག་གིས་ལས་འགན་ཁུར་ཏེ་འདུ་ཁང་དང་སྐུ་གསུང་ཐུགས་རྟེན་སོགས་གསར་བཞེངས་གི་ལས་གཞི་འགོ་འཛུགས་བྱས་ཏེ་དུས་ཡུན་ལོ་ངོ་བརྒྱད་ཀྱི་རིང་ལ་འབད་པ་ལྷོད་མེད་གནང་རྗེས་ ༡༩༩༠ ཐམ་པ་ལོར་ལེགས་གྲུབ་བྱུང་བ་སོགས་རོང་པོ་སྡེ་དགོན་གཉིས་ལ་མཛད་རྗེས་ཅན་གྱི་མི་སྣ་གལ་ཆེན་ཞིག་ཆགས་འདུག

༡༩༩༢ ལོར་བཙན་བྱོལ་དུ་འབྱོར་ཏེ་མི་ལོ་དུ་མར་སྙིང་དབུས་སུ་བཅང་པའི་རེ་དོན་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧གོང་ས་ཡིད་བཞིན་ནོར་བུ་མཆོག་གི་གཟིམས་ཆུང་ནང་དམིགས་བསལ་མཇལ་ཁ་ཐོབ་པ་མ་ཟད་བསྟན་སྲུང་དཔའ་བོ་ཇི་སྙེད་ཅིག་རྒྱ་དམར་གྱི་མཚོན་འོག་དུ་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་མཚན་ཐོ་དང་བསྔོ་སྨོན་སྐྱབས་འཇུག་མགོན་པོ་གང་ལ་ཞུ་རྒྱུའི་གོ་སྐབས་ཐོབ། སྐབས་དེར་བོད་དུ་ཕྱིར་ལོག་དགོས་མིན་ཞུ་སྐབས་༧གོང་ས་མཆོག་གིས་སྒྲིབ་བྲལ་ཡེ་ཤེས་ཀྱིས་དབྱིངས་དཔྱད་གནང་ཏེ་འདིར་བཞུགས་ན་ལེགས་པའི་བཀའ་གསུང་ཕེབས་པ་ལྟར་སྒོ་གསུམ་ཅི་ལྕོགས་ཀྱིས་མགོན་པོ་གང་གི་བཀའ་གསུང་ཅི་བསྒྲུབ་ཀྱིས་མཆོད་པ་འབུལ་བར་བགྱིས་པས་དམ་ཚིག་གཙང་མའི་རྟེན་འབྲེལ་གྱིས་དམ་པ་དེ་ཉིད་མ་གྲོངས་གོང་ཙམ་ལ་སླར་ཡང་མཇལ་ཁ་དང་ཡར་ཞུ་མར་གནང་ཀྱི་སྐལ་བ་བཟང་པོ་ཐོབ་འདུག་པ་བཅས་ལོ་རྒྱུས་མདོར་བསྡུས་སུ།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༣ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese