མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༼མེར་བསྲེཊ་རྒྱུ་རྐྱེན་༽ཞེས་པའི་དབྱིན་སྐད་གློག་བརྙན་དབུ་འབྱེད།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲིལ་དྲུང་ཆེ་དང་དྲུང་འཕར་རྣམ་གཉིས་ཀྱིས། ༼མེར་བསྲེཊ་རྒྱུ་རྐྱེན་༽ཞེས་པའི་དུས་ཡུན་སྐར་མ་ ༣༠ ཅན་གྱི་བོད་ནང་གི་དངོས་བྱུང་གློག་བརྙན་ཞིག་གསར་དུ་དབུ་འབྱེད་གནང་སོང་། 

དེ་རིང་ཕྱི་ཚེས་ ༢༤ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོཊ་ཁང་དུ། དབུས་བོད་མིའི་སྒྲིག་འཛུཊ་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་བཀྲ་ཤིས་ལཊ་དང་དྲུང་འཕར་བཀྲ་ཤིས་ཕུན་ཚོཊ་ལཊ་གཉིས་ཐུན་མོང་ཐོག ཕྱི་ལོ་ ༢༠༠༩ ནས་ ༢༠༡༢ བར་བོད་ནང་བོད་མི་སེར་སྐྱ་ ༥༡ ཙམ་གྱིས་རང་ལུས་མེར་བསྲེཊ་བཏང་བ་དང་། མེར་བསྲེཊ་གནས་ཚུལ་དེའི་རྐྱེན་པས་རྒྱ་ནག་ཉེན་རྟོག་པས་བོད་ཀྱི་ས་ཁུལ་ཁག་གི་དགོན་གྲོང་གཉིས་སུ་སྔོག་ཞིབ་དང་། དྲམ་དྲག་ནན་མོ་བྱེད་བཞིན་པའི་གནས་སྟངས་སྐོར་ཀྱི་དུས་ཡུན་སྐར་མ་ ༣༠ ཅན་གྱི་དབྱིན་སྐད་དངོས་བྱུང་གློག་བརྙན་༼མེར་བསྲེཊ་རྒྱུ་རྐྱེན་༽(the burning question) ཞེས་པ་ཞིག་གསར་དུ་དབུ་འབྱེད་དང་འབྲེལ། རས་ཡོལ་སྟེང་བོད་གནས་ཉམས་ཞིབ་པ་དང་དང་ཕྱི་ནང་གསར་འགོད་པ་ཚོར་གཟིགས་འབུལ་ཞུས་སོང་།

དུས་ཡུན་སྐར་མ་སུམ་ཅུ་ཅན་གྱི་བོད་ནང་གི་མེར་བསྲེགས་གློག་བརྙན་དེའི་ནང་། རྔ་པ་ཀིརྟི་དགོན་པའི་གྲྭ་བཀྲ་བྷེ་གཙོས་ཡུལ་ཤུལ་ཁུལ་དུ་རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་དཔའ་བོ་ངག་དབང་ནོར་འཕེལ་དང་བསྟན་འཛིན་མཁས་གྲུབ། བཙུན་མ་དཔལ་ལྡན་ཆོས་མཚོ་དང་བཙུན་མ་བསྟན་འཛིན་དབང་མོ་སོགས་ད་བར་ལག་སོན་བྱུང་བའི་མེར་བསྲེགས་གློག་བརྙན་ཁག་དང་། བོད་ནང་བྱུང་བའི་མེར་བསྲེགས་གནས་ཚུལ་གྱི་སྔ་ཕྱིའི་རྒྱབ་ལྗོངས། བོད་ཀྱི་ཆོས་དང་རིག་གཞུང་། འབྲོག་པའི་གནས་སྟངས། དེ་བཞིན་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་དམག་གིས་དམ་དྲག་ཆེན་པོ་བྱེད་བཞིན་པའི་གནས་ཚུལ་བཅས་དབྱིན་སྐད་ནང་བསྒྱུར་ཡོད་ཅིང་། གློག་བརྙན་འདི་ནི་མི་འགྱངས་བར་རྒྱ་སྐད་དང་བོད་སྐད་ནང་དུའང་བསྒྱུར་ཏེ་རྒྱལ་སྤྱིའི་སྟེང་འགྲེམས་སྤེལ་ཞུ་འཆར་ཡོད་འདུག

གསར་འགོད་ལྷན་ཚོཊ་ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་བཀྲ་ཤིས་ཕུན་ཚོཊ་ལཊ་ཀྱིས། ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་ནང་བོད་མི་སེར་སྐྱ་ ༥༡ ཙམ་གྱིས། བོད་རྒྱལ་ཁབ་དང་མི་རིཊ་ཀྱི་བསྟན་སྲིད་ཀྱི་ཆེད་དང་ལྷག་པར་དུ་བོད་ནང་གི་ཛ་དྲག་གནས་སྟངས་འོག རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་སྐོར་དང་། བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེཊ་བཏང་སྟེ་ཛ་དྲག་གི་གནས་ཚུལ་བྱུང་སྐབས། ཕྱི་དྲིལ་ལས་ཁུངས་ཀྱི་ངོས་ནས་དུས་ཐོག་ཏུ་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་མ་ཟད། གཞུང་འབྲེལ་དྲ་རྒྱའི་ལམ་ནས་ཁྱབ་བསྒྲཊ་དང་རྒྱལ་སྤྱིའི་ཐོག་བོད་ནང་གི་གནས་སྟངས་གསལ་བཤད་བྱས་ཡོད་ཚུལ། དེ་བཞིན། བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་མེར་བསྲེགས་གནས་ཚུལ་དེའི་ཐོིག་ནས་རྒྱལ་སྤྱིའི་ཐོག་བོད་ཀྱི་ཆབ་སྲིད་གནད་དོན་གསེལ་བཀྲོལ་བྱ་རྒྱུ་དང་། བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་མངོན་འདོིད་ཅི་ཡིན་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཤེས་རྟོགས་ཡོང་ཐབས། བོད་མིས་མེར་བསྲེཊ་གཏོང་བཞིན་པའི་འབྱུང་རྐྱེན་གསལ་པོ་བཟོ་ཆེད་ཕྱི་དྲིལ་ལས་ཁུངས་ཀྱིས་བོད་རྒྱ་གར། ཕྱི་རྒྱལ་བཅས་ནས་ཁུངས་ལྡན་གནས་ཚུལ་བསྡུ་སྒྲིག་གིས་གློག་བརྙན་བཟོས་པ་ཡིན་སྐོར་དང་། གློག་བརྙན་དེ་རྒྱལ་སྤྱིའི་ཆབ་སྲིད་མི་སྣ་དང་ཉམས་ཞིབ་པ། ཤེས་ཡོན་ཅན་སོཊ་ལ་ཞིབ་འཇུག་ཆེད་མཁོ་སྒྲུབ་བྱ་རྒྱུ་ཡིན་ཚུལ་བཅས་ངོ་སྤྲོད་གནང་སྟེ། བོད་ནང་གི་དངོས་ཡོད་གནས་ཚུལ་འཛམ་གླིང་མི་དམངས་ཀྱི་ཤེས་རྟོཊ་ཐུབ་རྒྱུར། ཕྱི་ནང་གསར་འགོད་པ་ཚོས་མེར་བསྲེགས་གློག་བརྙན་དེའི་དྲིལ་བསྒྲགས་ཐོག་གང་ཐུབ་ཀྱིས་མཐུན་འགྱུར་གནང་རྒྱུའི་འབོད་སྐུལ་བཅས་ཞུས་སོང་།

འདི་གའི་གསར་འགོད་པས་ཕྱི་དྲིལ་དྲུང་འཕར་བཀྲ་ཤིས་ཕུན་ཚོཊ་ལཊ་སུ་བོད་ནང་མེར་བསྲེགས་བཏང་བའི་གནས་ཚུལ་རྣམས་རྒྱལ་སྤྱིའི་གསར་ལམ་ཆེ་ཁག་ཏུ་སྤེལ་རྒྱུར་གལ་གནད་ག་རེ་གཟིགས་ཀྱིོ་ཡོད་མེད་སྐོར་དྲིས་པར་ཁོང་གིས་བརྗོད་དོན། “ གསར་འགྱུར་བརྒྱུད་ལམ་ཁག་གིས་གློག་བརྙན་འདི་མང་ཚོཊ་ཁྲོད་ཤེས་རྟོགས་ཡོང་དུ་འཇུག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་མིན་རང་ལུས་མེར་བསྲེཊ་སྐོར་གྱི་གློག་བརྙན་དེ་མི་སྒེར་བ་ཚོས་དྲ་རྒྱའི་ནང་བཏོན་པ་ཡིན་ན། གནས་ཚུལ་དེའི་ནུས་པ་རང་བཞིན་གྱིས་ཆུང་དུ་འགྲོ་གི་ཡོད་པ་རེད། མ་འོངས་པར་གནས་ཚུལ་དེའི་རིཊ་བྱུང་ན་འབྲེལ་ཡོད་ཚང་མས་ནུས་པ་ཆེ་ས་ཞིག་ལ་བེད་སྤྱོད་གཏོང་རྒྱུ་ཧ་ཅང་གལ་ཆེན་རེད་” ཅེས་བརྗོད་བྱུང་།  

ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ལཊ་སུ་བོད་ཕྱི་ལོཊ་སུ་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཁག་ཐེངས་འདིའི་གློག་བརྙན་ནང་མ་བཅུག་པའི་རྒྱུ་མཚན་ཅི་ཡིན་སྐོར་དྲིས་སྐབས་ཁོང་གིས་བརྗོད་དོན། “ང་ཚོས་ཕྱི་ལོི་ ༢༠༠༩ ལོ་ནས་ད་བར་བོད་ནང་མེར་བསྲེགས་བཏང་བའི་གནས་ཚུལ་ཁག་གཞི་ལ་བཞག་སྟེ་གློག་བརྙན་བཟོས་པ་རེད། དེ་མིན་བོད་ཕྱི་ལོཊ་ནས་མེར་བསྲེགས་བཏང་བའི་གནས་ཚུལ་ཁག་རྩིས་མེད་བཏང་བ་དང་། དེར་བརྩི་བཀུར་མ་ཞུས་པ་དེ་འདྲ་རྩ་བ་ནས་མ་རེད། ང་ཚོས་བོད་ནང་མེར་བསྲེགས་བཏང་བའི་བོད་མི་ ༥༡ གི་གནས་ཚུལ་རྣམས་ཕྱོཊ་སྒྲིག་བྱས་ཏེ་གློག་བརྙན་འདི་བཟོས་པ་རེད། ཐེངས་འདིའི་གློག་བརྙན་འདི་ཁུངས་བཙན་པོ་དང་ཁུངས་སྐྱེལ་གཙང་མ་བྱས་ཏེ་བཟོས་ཡོད་སྟབས། གཞན་ལ་ཞིབ་འཇུག་གི་རྒྱུ་ཆར་ཕན་ཐོཊ་ཆེན་པོ་ཡོང་གི་རེད་བསམ་གྱི་ཡོད་” ཅེས་བརྗོད་སོང་།

༼མེར་བསྲེགས་ཀྱི་རྒྱུ་རྐྱེན་༽ཞེས་པའི་དབྱིན་སྐད་གློག་བརྙན་དེ་ཐེངས་དང་པོར་ ༥༠༠ པར་སྐྲུན་ཞུས་ཡོད་པ་དང་། གློག་བརྙན་དེ་ཐེངས་འདིའི་དམིགས་བསལ་ཚོཊ་ཆེན་སྐབས་ཚོཊ་ཞུས་པར་རིན་མེད་ཐོག་འགྲེམས་སྤེལ་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༡༨ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༡༨ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༢༠ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

མཆན། 5

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ༧༽ ཀརྡོ་གཉེར་ཕྱག་པ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༥ གི་ཆུ་ཚོད་ ༡༤ སྐར་མ་ ༤༧

    མེར་སྲེག་གློག་བརྙན།
    མེར་སྲེག་ལས་འགུལ།
    མེར་སྲེག་མྱ་ངན།
    མེར་སྲེག་ལ་རྒྱ།
    མེར་སྲེག་བློས་གཏོང་།
    མེར་སྲེག་མཆོད་མེ།
    མེར་སྲེག་དྲིན་འཇལ།
    མེར་སྲེག་ཚོགས་གསོག
    མེར་སྲེག་སྡིག་སྦྱོང་།
    མེར་སྲེག་སེམས་ཤུགས།
    མེར་སྲེག་བདེན་བརྡར།
    མེར་སྲེག་སྒྲུབ་འབྲས།
    མེར་སྲེག་དགོས་དོན།
    མེར་སྲེག་བསམ་དོན།
    མྱུར་དུ་སྒྲུབ་ཤོག །

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    མེར་སྲེག་རྒྱུ་རྐྱེན་ཞེས་པའི་ཨིན་སྐད་གློག་བརྙན་གསར་སྒྲིག་ལ་དགའ་བསུ་དང་། ཕེབས་བསུ་ཡོད་ལགས།

    Reply
  3. sangkye says:
    ལོ་ 14 སྔོན།

    བཀྲིས་དང་བཀྲིས་ཕུན་ཚོགས་གཉིས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་བསྟུན་ནས་གློག་བརྙན་འདི་བཟོས་པ་དེ་ཐུགས་རྗེ་ཆེ་ཞི་བཞིན་ཡོད། ཡིན་ན་ཡང་ངའི་རེ་བ་ཉག་གཅིག་ནི། སྤྱིར་བསྒྲག་བྱེད་པ་དེ་གལ་ཆེན་རེད་འདོད་གི་ཡོད། ང་ཚོས་ཕོག་དགོས་པའི་འབེན་ག་བ་ཡོད་རེད། དེ་ལ་མདའ་ཡིས་འཕེན་ ན་འགྲིག་གམ་ལགས། སྙིང་ནས་ཐུགས་རྗེ་ཆེའོ།

    Reply
  4. སྐར་མདའ། says:
    ལོ་ 14 སྔོན།

    ལྔ་བརྒྱ་མ་གཏོགས་མེད་པ་དེ་ཧ་ཅང་ཁྱབ་ཆུང་དྲགས་པ་དང་ཉུང་དྲགས་འདུག མྱུར་བ་མྱུར་དུ་སྐད་ཡིག་འདྲ་མིན་མང་པོའི་ནང་དུ་བསྒྱུར་ཐབས་བྱས་ནས་གཞི་རྒྱ་ཆེ་བའི་ཁྱབ་བསྒྲགས་བྱ་དགོས། གྲངས་འབོར་ལྔ་བརྒྱ་ཐམ་པ་དེ་བོད་མི་ཚོགས་ཞུགས་པ་ཚོ་ལ་འགྲེམ་པ་ལས། གསར་འགྱུར་བརྒྱུད་ལམ་ཁག་དང་གནད་ཡོད་གསར་འགོད་པ་ཚོ་ལ་རིན་མེད་ཐོག་འགྲེལ་སྤེལ་བྱས་ན་ཡག་གི་རེད། ནུས་པ་ཆེ་ས་དང་། གནད་འགག་ཆེ་ས་ལ་ཐུགས་བསམ་བཞེས་རོགས། གང་ལྟར་ཕྱིས་ཕྱིས་སུ་གློག་བརྙན་དེ་འདྲ་ཞིག་བཟོས་ཐུབ་པ་ཙམ་ལ་ཡང་དགའ་བསུ་ཡོད།

    Reply
  5. thapkegyatso says:
    ལོ་ 14 སྔོན།

    འཐད་པས་མགོ་བོ་ནང་དུ་ལྡེམ་པ་དང་ལྷན་དུ་རང་སྐད་དུ་མྱུར་དུ་བསྒྱུྱུར་བར་སྐོམ་པ་ཆུ་འདོད་བཞིན་བསྒུགས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese