མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་གསལ་བསྒྲཊ།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༢༨ ཉིན་རྒྱ་ནག་ཆབ་སྲིད་ལྷན་ཁང་གིས་ཚོགས་འདུ་ཚོགས་ཏེ། ཕྱི་ཟླ་ ༡༡ ཚེས་ ༡ ཉིན་རྒྱ་ནག་དམར་ཤོག་སྐབས་བཅུ་བདུན་པའི་ཚོགས་འདུ་ཐེངས་བདུན་པ་འཚོགས་རྒྱུ་དང་།  ཕྱི་ཟླ་ ༡༡ ཚེས་ ༨ ཉིན་རྒྱ་ནག་དམར་ཤོག་འཐུས་མིའི་ཚོགས་ཆེན་ཐེངས་ ༡༨ པ་འཚོགས་རྒྱུ་གཏན་འབེབ་དང་། རྒྱ་གཞུང་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་ཚོགས་འདུ་གཙོ་སྐྱོང་བྱ་རྒྱུ་ཡིན་པ་བསྒྲགས་འདུག 

རྒྱ་གཞུང་ཞིན་ཧྭ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་།  རྒྱ་གཞུང་དམར་ཤོག་ཚོགས་ཆེན་ ༡༨ པའི་ཐོག  སྐབས་རྗེས་མའི་རྒྱ་གཞུང་ཆབ་སྲིད་ལྷན་ཁང་གི་འཐུས་མི་དང་རྒྱ་གཞུང་དབུས་དམར་ཤོག་རྩ་འཛུགས་ཞིབ་བཤེར་ལྷན་ཁང་གི་འཐུས་མི་བཅས་འདེམས་སྒྲིག་བྱ་རྒྱུ་ཡིན་པ་དང་།  རྒྱ་གཞུང་དབུས་དམར་ཤོག་རྩ་འཛུགས་ཞིབ་བཤེར་ལྷན་ཁང་གི་ངོས་ནས།  ཚོགས་ཆེན་ ༡༨ པའི་ལས་དོན་སྙན་ཐོ་རྣམས་སྐབས་བཅུ་བདུན་པའི་ཚོགས་འདུ་ཐེངས་ ༧ ཐོག་སྤྲད་དེ་ཚོགས་ཐོག་ཏུ་བགྲོ་གླེང་བྱ་རྒྱུ་ཡིན་སྐོར་དང་།  ཚོགས་ཆེན་ ༡༨ པ་དེ་ནི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་གནད་འགག་དུས་སྐབས་དང་། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་དང་དཔལ་འབྱོར་ཡར་རྒྱས་གཏོང་ཕྱོགས་མགྱོགས་མྱུར་བཅོས་སྒྱུར་བྱེད་པའི་འགག་འཕྲེང་གི་དུས་སྐབས་ཤིག་ལ་ཚོགས་པའི་ཧ་ཅང་གལ་གནད་ཅན་གྱི་ཚོགས་ཆེན་ཞིག་ཆགས་ཡོད་པ་བརྗོད་འདུག   

དེ་བཞིན། ཐེངས་འདིའི་རྒྱ་གཞུང་ཆབ་སྲིད་ལྷན་ཁང་གི་ཚོགས་འདུའི་ཐོག   རྒྱ་གཞུང་དབུས་དམར་ཤོག་སྒྲིག་འཛུགས་ཞིབ་བཤེར་ལྷན་ཁང་གི་༼པའོ་ཞི་ལའེ་ཡི་ཚབས་ཆེ་བའི་རྩ་འཛུགས་སྒྲིག་འགལ་གྱི་གྱོད་དོན་ཞིབ་བཤེར་སྙན་ཐོ༽ ལག་བསྟར་བྱ་རྒྱུ་ཆོག་མཆན་སྤྲད་ཡོད་པ་མ་ཟད།  པའོ་ཞི་ལའེ་ཡི་དམར་ཤོག་ཚོགས་མི་དང་གཞུང་གི་ལས་གནས་གཉིས་ཕྱིར་བསྡུ་བྱས་ཡོད་པ་དང་།  པའོ་ཞི་ལའེ་ཡི་ནག་ཉེས་རྣམས་ཁྲིམས་ཐོག་ནས་ཐག་གཅོད་བྱ་རྒྱུ་ཡིན་པ་བསྒྲགས་ཡོད་པ་མ་ཟད།  “རྒྱ་ནག་དབུས་གཞུང་གི་ངོས་ནས།  རྒྱ་ནག་རྒྱལ་ཡོངས་དམར་ཤོག་པ་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས། བློ་མཐུན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་དྲུང་ཆེ་ཡིན་པའི་རྒྱ་དམར་དབུས་གཞུང་གི་མཐའ་འཁོར་དུ།  མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པའི་འབོད་སྐུལ་ཞུ། ”  ཅེས་བཀོད་འདུག  

 

འབྲེལ་ཡོད་གསར་འགྱུར།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་གཞུང་གི་ཁྲིམས་ཡིག་གསར་པར་སྐྱོན་བརྗོད་བྱས།

ཆུ་ཚོད་ ༡ སྔོན་ལ།
Front Slider

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡ སྔོན་ལ།
ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༤།༢༢
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༢ སྔོན་ལ།
གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན། བོད་ཀྱི་དུས་བབ་ཀྱི་པར།
Mobile App

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན།

༢༠༢༦/༠༤/༢༠
Front Slider

སྐབས་ ༡༧ པའི་ལས་ཐོག་སྤྱི་འཐུས་ཁག་ཅིག་དང་གླེང་མོལ།

༢༠༢༦/༠༤/༡༨
Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧

མཆན། 5

  1. ཀླུ་ཚང་འབྲུག་མཁར། says:
    ལོ་ 14 སྔོན།

    ད་ཐེངས་རྒྱ་ནག་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་སྐབས་དཔོན་རིགས་ཕན་ཚུན་བར་འགལ་རྐྱེན་ཡོང་རྒྱུ་ནི་གཏན་ཁེལ་རེད་བསམ་གྱི་ཡོད། ད་ཐེངས་ད་ལྟད་མོ་འདུག

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    གསལ་བསྒྲགས་མ་དག་རྒྱུ་འབྱམས་ལས། །
    ད་ནས་གསལ་སྒྲག་རྒྱུན་འཇགས་དགོས། །
    ཡང་ན་གསལ་སྒྲོག་བྲིས་ཀྱང་དག །

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་ཨ་ཡིན་ནམ། །
    ཏང་གི་ཛབ་ཆེན་བཅོ་བརྒྱད་ཚོགས་འདུས་རེད། །

    ཏང་གི་ནང་གི་ངན་པ་དགུ་འཛོམས་དང་། །
    ཏང་གི་ཕྱི་ཡི་ངན་པ་དགུ་འཛོམས་འཚོགས། །

    ངན་པ་དགུ་འཇོམས་གཉིས་ཀྱི་འདུ་འཛོམས་འདི། །
    ད་གཟོད་མགྱོགས་ནས་མྱུར་དུ་མཚམས་ཆད་ཤོག །

    Reply
  4. ཀླུ་ཚང་འབྲུག་མཁར། says:
    ལོ་ 14 སྔོན།

    གང་ལྟར་ད་ཐེངས་ཀྱི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཇིགས་སྣང་གི་ངང་འཚོགས་རྒྱུ་ཡིན་པ་གཏན་ཁེལ་ཚར་འདུག རྒྱ་ནག་གི་འགོ་འཁྲིད་མང་པོ་ཞིག་གིས་སེམས་འཚབ་བྱེད་བཞིན་ཡོད་པ་གསལ་བོ་རེད། ཕྱིར་འགྱིངས་དང་ཕྱིར་འགྱིངས་བྱས་པ་དེ་ལ་རྒྱུ་མཚན་ངེས་ཅན་ཞིག་ཡོད་པ་ཤ་རྟག་རེད་བསམ་གྱི་ཡོད།

    Reply
  5. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    ད་ཐེངས་ཀྱི་ཚོགས་ཆེན་དེར་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་མི་ ༢༨ ཙམ་མཉམ་ཞུགས་བྱ་རྒྱུ་རེད། དེ་དག་ཁྲོད་ཀྱི་མི་ ༢༧ ཙམ་བོད་རིགས་ཡིན་ཚོད་འདུག གཞན་པ་གཅིག་དེ་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིན་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese