མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྫ་སྟོད་དུ་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་ཡུལ་ཤུལ་རྫ་སྟོད་དུ་བོད་མི་ཞིག་གིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག

ཕྱི་ཟླ་ ༩ པའི་ཚེས་ ༢༩ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༧།༠༠ ཡས་མས་སུ་ཁམས་ཆབ་མདོ་རྫོང༌ཀརྨ་ཡུལ་ཚོའི་རང་ལོ་ ༢༧ ཡིན་པའི་གཡུང་དྲུང་ལགས་ཀྱིས། ཡུལ་ཤུལ་དགེ་འབྲོང་རྫ་སྟོད་རྫོང་གི་གཞུང་ལམ་སུམ་མདོ་རུ་རང་ལུས་མེར་བསྲེཊ་ཀྱིས། “ བོད་རང་བཙན་ཡིན།  ༸སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་དང་རྒྱལ་དབང་ཀརྨ་པ་བོད་ལ་གདན་ཞུ་བྱ་དགོས། བོད་ལ་རང་དབང་དགོས། ༸རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག  མཁས་དབང་བློ་བཟང་སེངྒེ་བོད་ཀྱི་རྒྱལ་པོ་ཡིན། བོད་ནང་གཏེར་ཁ་སྔོག་འདོན་མཚམས་འཇོག་བྱ་དགོས། ”ཞེས་འབོད་ཚིག་སྒྲོག་བཞིན་གཞུང་ལམ་སུམ་མདོ་ནས་ངོ་རྒོལ་བྱས་ཡོད་འདུག  སྐབས་དེར་ཉེ་འཁོར་དུ་ཡོད་པའི་རྒྱ་མིའི་ཚོང་པ་ཚོས་ཁོང་གི་ལུས་ལ་ཆུ་གཏོར་ཡོད་ཀྱང་། ཁོང་གིས་རང་གི་རྒྱུ་མ་ལག་མགོར་ལྡོག་བཞིན་དུམ་བུར་བཅད་དེ་མུ་མཐུད་སྐད་འབོད་བྱས་ཡོད་པ་དང་། ཅང་མ་འགོར་བར་ཉེན་རྟོག་པ་དང་དམག་མི་འབོར་ཆེན་ཡོང་སྟེ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག  

འདིའི་ཐད་བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་གསར་ལམ་དུ་གནས་ཚུལ་མཁོ་སྤྲོད་བྱས་དོན་ལྟར་ན། ཉིན་དེར་ཉེན་རྟོག་པས་གཡུང་དྲུང་ལགས་བཙན་གྱིས་སྨན་ཁང་དུ་འཁྱེར་རྗེས། སྨན་པས་ཁོང་གི་མིང་དང་གནས་ཚུལ་ཅི་ཡིན་སྐད་ཆ་དྲིས་ཡོད་འདུག་ལ། སྐབས་དེར་ཁོང་གིས་ཁ་ནས་་་་་བོད་་་བོད་་་ཟེར་བ་ཙམ་ལས་སྐད་ཆ་གཅིག་ཀྱང་བཤད་ཐུབ་མེད་ཀྱང་། ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོ་ཉེན་རྟོག་པ་དང་དམག་མིས་ཁོང་ཡང་བསྐྱར་རྒྱ་ནང་དུ་འཁྱེར་ཡོད་པ་དང་། ལམ་བར་དུ་བསླེབས་སྐབས་ཉེན་རྟོག་པས་ཁོང་གྲོངས་འདུག་ཅེས་ས་གནས་འབྲེལ་ལས་ཁུངས་ལ་བརྡ་ལན་སྤྲད་ཡོད་འདུག  ད་ལྟའི་ཆར་རྒྱ་གཞུང་གིས་རྫ་སྟོད་རྫོང་གི་ས་གནས་ཀྱི་གཞུང་ལམ་དང་ལམ་གྱི་བཞི་མདོ་ཚང་མར་དམག་མི་འགྲེམས་འཇོག་གིས། ས་གནས་བོད་མི་ཚོར་བཀག་སྡོམ་དང་དམ་དྲག་བྱེད་ཀྱི་ཡོད་འདུག

རྒྱལ་གཅེས་དཔའ་བོ་གཡུང་དྲུང་ལགས་ནི། བོད་རང་སྐྱོང་ལྗོངས་ཆབ་མདོ་ཁུལ་ཆབ་མདོ་རྫོང་ཀརྨ་ཡུལ་ཚོའི་མི་ཡིན་པ་དང་། ཉེ་བའི་དུས་ནས་ཡུལ་ཤུལ་ཁུལ་དགེ་འབྲོང་རྫ་སྟོད་རྫོང་དུ་སྡོད་མཁན་ཞིག་ཡིན་འདུག ཉིན་ཤས་སྔོན་རྒྱ་གཞུང་གིས་ཡུལ་དེར་བོད་ལ་བདེ་སྐྱིད་ཡོད་པའི་འཁྲབ་སྟོན་ཞིག་ཚོགས་ཏེ། བོད་མི་ཚོར་བརྙན་ལེན་དང་པར་རྒྱག་བྱེད་དགོས་པའི་བཙན་བཀའ་བཏང་བ་དང་སུན་གཙེར་རབ་དང་རིམ་པ་བཟོས་ཏེ། བོད་མི་ཚོ་འདུག་ཐབས་མེད་པའི་གནས་སུ་སྐྱབས་མཐར་ཁོང་གི་རང་ལུས་མེར་བསྲེཊ་གཏོང་དགོས་བྱུང་ཡོད་སྐོར་ས་གནས་བོད་མི་ཞིག་གིས་བརྗོད་འདུག

 

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༣ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

མཆན། 5

  1. རིག་རྒྱམ། says:
    ལོ་ 13 སྔོན།

    རང་ལུས་རིན་མེ་ལ་བསྒྲོན་ཏེ་གངས་འཁོྱགས་རི་བོ་དྲོད་ཀྱིས་བསྲོས།། གཤེན་རྗེ་ལས་མཁན་མདུན་དུ་བཀུག་ཏེ་མི་རིགས་འདི་ཡི་བདེན་པ་བསྒྲགས།། ཤ་རིས་པགས་གསུམ་དགྲ་ལ་ཕུལ་ཏེ་ཡབ་མེས་བཙན་པོའི་བང་སོ་བརྩེགས།། སྙིང་ིཁྲག་དམར་པོ་ཐང་མར་བརྡལ་ཏེ་ཡར་ཀླུང་གཙང་བོའི་བཞུར་རྒྱུན་བསྐྱངས།། ཨཾ་མ་ཎ་ིཔདྨེ་ཧུྃཿ བདེ་བ་ཅན་དུ་སྐྱེ་བར་ཤོག །

    Reply
  2. རིག་རྒྱམ། says:
    ལོ་ 13 སྔོན།

    རང་ལུས་རིན་མེ་ལ་བསྒྲོན་ཏེ་གངས་འཁོྱགས་རི་བོ་དྲོད་ཀྱིས་བསྲོས།། གཤེན་རྗེ་ལས་མཁན་མདུན་དུ་བཀུག་ཏེ་མི་རིགས་འདི་ཡི་བདེན་པ་བསྒྲགས།། ཤ་རིས་པགས་གསུམ་དགྲ་ལ་ཕུལ་ཏེ་ཡབ་མེས་བཙན་པོའི་བང་སོ་བརྩེགས།། སྙིང་ིཁྲག་དམར་པོ་ཐང་མར་བརྡལ་ཏེ་ཡར་ཀླུང་གཙང་བོའི་བཞུར་རྒྱུན་བསྐྱངས།། ཨཾ་མ་ཎ་ིཔདྨེ་ཧུྃཿ བདེ་བ་ཅན་དུ་སྐྱེ་བར་ཤོག །

    Reply
  3. thapkegyatso says:
    ལོ་ 13 སྔོན།

    སྙིང་སྟོབས་བཞེད་དོན་མྱུར་དུ་འགྲུབ་པ ར་སྨོན།

    Reply
  4. ཇོ་བོ་རྣམས་གཉིས། says:
    ལོ་ 13 སྔོན།

    གནས་ཚུལ་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་རེད་འདུག་

    ཉིན་གཉིས་གསུམ་ཙམ་གྱི་སྔོན་ཁམས་བདེ་དགེའི་ཡུལ་གྲོང་ཞིག་ལ་མཐུན་མིན་གི་ས་དམར་ཞིག་ཡོད་པ་དེ་རྒྱ་མི་འགས་ཉོ་རྩིས་བྱས་པ་དེར། ཡུལ་མི་རྣམས་ནས་མ་ཙོང་བར་རྒྱ་གཞུང་ཉེན་རྟོག་པས་ཡུལ་གྲོང་དེའི་མགོ་ཁྲིད་ཁག་ཅིག་འཇུ་ཟུང་བྱས་འདུག་ཟེར། དེའི་ཐད་ཁ་གསལ་ཞིག་ཤེས་མཁན་འདྲ་ཡོད་ཚེ་དྲ་ཐོག་ལ་བཀོད་རོག་གནང།

    Reply
  5. རྒྱ་གྲོལ་གངས་རི་ says:
    ལོ་ 13 སྔོན།

    རྒྱལ་གཅེས་དཔའ་བོའི་བསམ་དོན་རྒྱལ་བ་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese