མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པའོ་ལ་སྲོག་ཁྲིམས་ཕོག་ཉེན།

བོད་ཀྱི་དུས་བབ།
༢༠༡༢/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་གཞུང་དབུས་རུལ་སུངས་བཀག་སྡོམ་ཚོགས་ཆུང་གི་ཚོགས་འདུའི་ཐོག ཧི་ཀོ་ཆང་གིས་པའོ་ཞི་ལའེ་ཡི་མིང་བཏོན་ཏེ་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་སྐོར་གླེང་འདུག 

ཟླ་འདིའི་ཕྱི་ཚེས་ ༨ ཉིན་རྒྱ་གཞུང་སི་སི་ཌེ་ཝེ་བརྙན་འཕྲིན་ཁང་གིས། ཉེ་ཆར་རྒྱ་ནག་དབུས་རུལ་སུངས་བཀག་སྡོམ་མཐུན་འགྲིག་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༢ པའི་སྟེང་། རྒྱ་གཞུང་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཧི་ཀོ་ཆང་གིས། པའོ་ཞིས་ལའེ་དང་ལིག་ཀྲི་ཅོན། ཞིས་ཙུང་ཧིན་སོགས་ཀྱི་རྩ་འཛུགས་དང་ཁྲིམས་ལུགས་ལ་འགལ་བའི་གལ་ཆེའི་གྱོན་དོན་ཁག་ཅིག་བློ་ཐག་རྦད་ཆོད་ཀྱིས་ཐག་གཅོད་བྱུང་ཡོད་སྐོར་བརྗོད་ཡོད་པ་དང་། ཚོགས་འདུ་དེར་རྒྱ་གཞུང་དབུས་རྩ་འཛུགས་སྡེ་ཁག་གི་མགོ་གཙོ་ལིས་ཡོན་ཁྲའོ་དང་། དབུས་སྒྲིག་ཁྲིམས་ལྷན་ཁང་གི་དྲུང་ཆེ་གཞོན་པ་ཧི་ཡུང་། དབུས་ཉེན་རྟོག་སྡེ་ཁག་གི་མགོ་གཙོ་ལིས་ཅན་ཀྲུའུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཝང་ཧྲིན་ཅོན། ཆེས་མཐོའི་མི་དམངས་ཞིབ་བཤེར་ཁང་གི་མགོ་གཙོ་ཚའོ་ཅན་མཱེན་བཅས་མཉམ་ཞུགས་བྱས་འདུག

དྲ་མིང་ལ་ལིག་ཅཱ་ཟེར་བ་ཞིག་གིས་གསར་ལམ་ཁག་ཏུ། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་པའོ་ཞི་ལའེ་ལ་ཁྲིམས་བཤེར་བྱ་མགོ་རྩོམ་རྒྱུ་ཡིན་པ་དང་། ཁོའི་ནག་ཉེས་ནི་ཉེ་སྔོན་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ནས་བརྗོད་པ་ལས་ཀྱང་ཧ་ཅང་ཚབས་ཆེ་བ་མ་ཟད། པའོ་ཞི་ལའེ་ལ་སྲོག་ཁྲིམས་གཅོད་སྲིད་པ་བརྗོད་ཡོད་ལ། དེ་བཞིན། ཧི་ཀོ་ཆང་གིས་ཀྱང་རུལ་སུངས་བཀག་སྡོམ་ཚོགས་འདུའི་ཐོག གྱོད་དོན་ཞིབ་བཤེར་ལས་དོན་དམིགས་སུ་བཏོན་ཏེ། རུལ་སུངས་པར་ཉེས་ཆད་གཅོད་པའི་ངར་ཤུགས་ཀྱི་གནས་བབ་རྒྱུན་འཁྱོངས་དང་། རུལ་སུངས་ཀྱི་གནད་དོན་དེ་མི་སུ་འདྲ་ཞིག་ལ་ཐུག་ཀྱང་ལག་གློད་རྒྱུ་མིན་པར་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་རེད།  

༢༠༡༡ ཕྱི་ཟླ་ ༥ ཚེས་ ༩ ཉིན་དེ་སྔའི་ཧྲིན་ཁྲོན་གྲོང་ཁྱེར་གྱི་མགོ་གཙོ་ཞིས་ཙུང་ཧིན་ལ་ལོ་གཉིས་དུས་འགྱངས་ཀྱི་སྲོག་ཁྲིམས་བཅད་ཡོད་པ་དང་། ལིག་ཀྲི་ཅོན་ལ་ཟླ་སྔོན་མའི་ནང་ཁྲིམས་བཤེར་བྱེད་མགོ་བརྩམས་ཡོད་ཀྱང་། ད་ལྟའི་ཆར་ཐག་གཅོད་ཅི་བྱུང་གི་ཞིབ་ཕྲའི་གནས་ཚུལ་ཐོན་མེད་པ་རེད། སྐབས་དོན་དབྱེ་ཞིབ་པ་དག་གིས། ཧི་ཀོ་ཆང་གིས་རུལ་སུངས་པའི་མིང་བསྒྲགས་སྐབས། པའོ་ཞི་ལའེ་ཡི་མིང་དེ་ལིག་ཀྲི་ཅོན་དང་ཞིས་ཙུང་ཧིན་གཉིས་ཀྱི་སྔོན་ལ་བཞག་ཡོད་པ་དེས། པའོ་ཞི་ལའེ་ཡི་ཉེས་པ་དེ་གཉིས་ལས་ལྕི་བ་མཚོན་གྱི་ཡོད་པའི་ཚོད་དཔག་དང་། གྱོད་དོན་དེ་ནི་ཧི་དང་པའོ་དཔོན་རིགས་ཁྱིམ་རྒྱུད་དཔུང་ཁག་བར་གྱི་དམར་འཛིང་ཞིག་ཆགས་ཡོད་པ་མ་ཟད། ཅཱང་ཧྲང་ཧེ་ཤོག་ཁག་དང་། ཧུའུ་ཐཱོན་དབུས་གཞུང་། ཞིས་དཔོན་རྒྱུད་སྐུ་སྲས་ཚོགས་པ་སོགས་རྒྱ་གཞུང་དཔོན་རིགས་ནང་ཁུལ་གྱི་སྲིད་འབྱོར་ཁེ་དབང་འཐབ་རྩོད་དེ། ད་ལྟའི་ཆར་ཁྱོ་ཤི་ང་གསོན་གྱི་གནས་བབ་ཅིག་ལ་བསླེབས་ཡོད་པའི་ངོས་འཛིན་བྱེད་ཀྱིན་ཡོད་འདུག 

དེ་སྔོན་ཧི་ཀོ་ཆང་ཁྲུང་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཡིན་པའི་སྐབས། ཁོས་བཀའ་རྒྱ་བཏང་སྟེ་རྒྱ་གཞུང་གསར་སྤེལ་དངུལ་ཁང་གི་མགོ་གཙོ་གཞོན་པ་ཝང་ཡུས་ཀྱི་གོ་གནས་ཕབ་པ་མ་ཟད། ཕྱི་ལོ་ ༢༠༡༠ ལོར་སྲོག་ཐོག་གི་ཁྲིམས་ཐག་བཅད་ཡོད་པ་རེད། ཝང་ཡུས་ནི་པའོ་ཞི་ལའེ་ཁྱིམ་རྒྱུད་དང་འབྲེལ་བ་དམ་ཟབ་ཡོད་འདུག 

༢༠༠༩ ལོར་ཁྲུང་ཆིན་གྲོང་ཁྱེར་དམར་ཤོག་དྲུང་ཆེ་པའོ་ཞི་ལའེ་ཡིས། ༼ནག་ཚོགས་ལ་རྡུང་རྡེག༽ ཅེས་པའི་ལས་འགུལ་སྤེལ་ཏེ། ཧི་ཀོ་ཆང་གི་བློ་ཐུབ་ལག་རོགས་དང་། དེ་སྔའི་ཁྲུང་ཆིན་གྲོང་ཁྱེར་ཁྲིམས་སྲིད་ལྷན་ཁང་གི་མགོ་གཙོ་ཝུན་ཆང་བཙོན་འཇུག་བྱས་ཏེ། ༢༠༡༠ ལོར་ཝུན་ཆང་ལ་སྲོག་ཁྲིམས་བཅད་ཡོད་པ་རེད།

གཞན་ཡང་། ཧི་ཀོ་ཆང་གི་བསྒྲགས་གཏམ་དེའི་ནང་།  ༢༠༠༧ ཕྱི་ཟླ་ ༡༡ ནས་ ༢༠༡༢ ཕྱི་ཟླ་ ༦ བར་རྒྱ་ནག་རྒྱལ་ཡོངས་རྩ་འཛུགས་ཞིབ་བཤེར་སྡེ་ཁག་གིས་ཁྱོན་བསྡོམས་གྱོད་དོན་ཁྲི་ ༦༤ ལ་ཞིབ་བཤེར་བྱས་པའི་ཁྲོད་ནས་ཁྲི་ ༦༣ རྩད་གཅོད་བྱུང་ཡོད་པ་དང་། དམར་ཤོག་པའི་རྩ་འཛུགས་དང་སྲིད་གཞུང་སྒྲིག་ཁྲིམས་ལྟར་མི་ ༦༦༠༠༠༠ ཉེས་ཆད་བཅད་ཡོད་ལ། མི་ ༢༤༠༠༠ ཁྲིམས་ཁང་དུ་བསྐྱལ་ཏེ་ཁྲིམས་གཅོད་བྱས་ཡོད་སྐོར་བཀོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

སྐར་མ ༡༨ སྔོན་ལ།
ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

༢༠༢༦/༡༠/༡༣
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་བཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

༢༠༢༦/༡༠/༡༣

མཆན། 4

  1. ཤིག། says:
    ལོ་ 14 སྔོན།

    ཨ་ཁ། སྲོག་ཐོག་གཏོང་ན་ཅི་མི་སྡུག།་དེ་་ལས་པའོ་ཞི་ལའེ་ཁོ་རང་རང་སྲོག་བཅད་ན་དགའ།

    Reply
  2. བསོད་འོད says:
    ལོ་ 14 སྔོན།

    རྒྱ་གཞུང་དབུས་ཁྱབ་སྲིད་ལྷན་ཁང༼ ཆབ་སྲིད ༽ཡིན་འགྲོ

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    པའོ་ཞི་ལའེ་ལ་སྲོག་ཁྲིམས་གཅོད་སྲིད་པ་བརྗོད་ཡོད་ལ། དེ་བཞིན། ཧི་ཀོ་ཆང་གིས་ཀྱང་རུལ་སུངས་བཀག་སྡོམ་ཚོགས་འདུའི་ཐོག གྱོད་དོན་ཞིབ་བཤེར་ལས་དོན་དམིགས་སུ་བཏོན་ཏེ། རུལ་སུངས་པར་ཉེས་ཆད་གཅོད་པའི་ངར་ཤུགས་ཀྱི་གནས་བབ་རྒྱུན་འཁྱོངས་དང་། རུལ་སུངས་ཀྱི་གནད་དོན་དེ་མི་སུ་འདྲ་ཞིག་ལ་ཐུག་ཀྱང་ལག་གློད་རྒྱུ་མིན་པར་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་རེད། ་་་ཟེར།

    Reply
  4. ཅང་མེད། says:
    ལོ་ 14 སྔོན།

    བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese