མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཅན་ཚར་ངོ་རྒོལ་སྦྱར་ཡིག

བོད་ཀྱི་དུས་བབ།
༢༠༡༢/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྨད་གཅན་ཚའི་མདའ་རྩེད་འགྲན་བསྡུར་སྐབས། བོད་མི་ཚོས་རྫོང་གི་སྲང་ལམ་གཡས་གཡོན་སོགས་སུ་སྦྱར་ཡིག་དང་པར་རིས་འདྲ་མིན་སྦྱར་འགྲེམས་ཀྱིས་ངོ་རྒོལ་བྱས་ཡོད་འདུག 

འདི་ལོའི་ཕྱི་ཟླ་ ༩ པའི་ཚེས་ ༨  ནས་ ༡༡  བར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་དུ་ ༢༠༡༢ ལོའི་གཙན་ཚའི་གཡང་མདའ་རྟགས་མའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་གདན་ཞུ་འགྲན་བསྡུར་སྐབས་གཉིས་པ་དང་མདའ་རྩེད་དུས་སྟོན། གཡང་མདའ་རྟགས་མའི་རྒྱ་ནག་སློབ་ཆེན་སློབ་མའི་སྲོལ་རྒྱུན་མདའ་རྩེད་འགྲན་བསྡུར་སྐབས་དང་པོ་བསྡུས་ཏེ། རྒྱལ་སྤྱི་དང་རྒྱལ་ནང་གི་འགྲན་ཞུགས་རུ་ཁག་ ༤༧ ལྷག་མཉམ་ཞུགས་དང་ལྟད་མོ་བ་སྟོང་ཕྲག་མང་པོ་འདུ་འཛོམས་བྱུང་ཡོད་པ་ལྟར། སྐབས་དེར་རྒྱ་གཞུང་གིས་ས་གནས་བོད་མི་ཚོར་གཅན་གཟན་གྱི་པགས་རིགས་ཡོད་པའི་གྱོན་གོས་དང་། གཡུ་བྱུར་སོགས་ཀྱི་རྒྱན་ཆ་སོགས་བཏགས་ཏེ་དུས་སྟོན་ཐོག་ཞུགས་དགོས་པའི་བཀའ་བཏང་ཡོད་པ་མ་ཟད། གལ་ཏེ། མི་མང་གིས་གོང་རིམ་གྱི་བཀའ་དང་ལེན་མ་བྱས་ཚེ་ས་གནས་ཀྱི་རོགས་རམ་ཁག་འགོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་སྟབས། བོད་མི་མང་པོ་ཞིག་གིས་དུས་སྟོན་ཐོག་གཟབ་མཆོར་སྤྲས་པའི་གནས་ཚུལ་བྱུང་ཡོད་ཀྱང་། ས་གནས་བོད་མི་ཁག་ཅིག་གིས་མི་འདོད་པའི་རྣམ་འགྱུར་བསྟན་ཏེ་སྲང་ལམ་གཡས་གཡོན་གྱི་གྱང་ངོས་སོགས་སུ་སྦྱར་ཡིག་དང་པར་རིས་སྦྱར་འགྲེམས་ཀྱིས་ངོ་རྒོལ་བྱས་ཡོད་འདུག

སྐབས་དེར་སྦྱར་འགྲེམས་བྱས་པའི་ཡི་གེའི་ནང་། “ མི་རིགས་དང་རྒྱལ་ཁབ། འཛམ་གླིང་ཞི་བདེའི་ཆེད་དུ་སྟག་མོ་ལུས་སྦྱིན་བཞིན་རང་ཉིད་ཀྱི་ཚེ་སྲོག་ཕུལ་མཁན་དེ་སུ་རེད་དམ། དེ་དག་གཞན་མ་ཡིན་པར་ཕ་སྦྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་ལས་མཆེད་པའི་ང་ཚོ་བོད་རིཊ་སྤུན་ཟླ་ཚོ་མ་ཡིན་ནམ། བོད་པའི་མི་ཞིག་འཇིག་རྟེན་དང་ཁ་བྲལ་ཚེ་ཤ་ཉེ་རིང་ནི་སྨྲོས་མ་དགོས་པར། སྡེ་བ་ཚོས་ཀྱང་གླུ་ལེན་གར་རྩེད་དང་རྟ་རྒྱུགས་མདའ་འཕེན་ལ་སོགས་དགའ་སྟོན་ལ་མི་རོལ་བར་མྱ་ངན་བྱེད་པ་ནི། ང་ཚོ་བོད་པ་ཚོས་གནའ་ནས་ད་ལྟའི་བར་གྱི་གོམས་སྲོལ་ཡིན། འགྲོ་བ་མིའི་རིགས་ཀྱི་ཆེད་དུ་ཚེ་སྲོག་སྦྱིན་པའི་སྐྱེས་ཆེན་དམ་པ་དེ་དག་ལ་མྱ་ངན་མི་བྱེད་དོན་ཅི། ཁྱེད་ཚོས་རང་ཉིད་དེ་དག་དང་འབྲེལ་བ་མེད་པར་འདོད་པ་ཨེ་ཡིན། གལ་ཏེ་ཡིན་ན་ཞིབ་འདང་ཞིག་རྒྱོབས་དང་། ཁྱེད་ཚོ་ནོར་ཡོད་པ་ཐག་ཆོད་ཡིན།

རྒྱུ་མཚན་ནི། གཅིག་སྐྱེས་ཆེན་དམ་པ་དེ་དག་གིས་འགྲོ་བ་མིའི་རིགས་ཀྱི་ཞི་བདེ་རྩོད་ལེན་ཆེད་རང་ཉིད་གསོན་པའི་ལུས་པོ་མཆོད་མེར་བསྒྲོན། འགྲོ་བ་མིའི་རིགས་ཀྱི་ནང་དུ་ཁྱེད་རང་ཡང་འདུ་བས། ཁོང་ཚོ་ཁྱེད་ཀྱི་དོན་དུ་སྐུ་གཤེགས་སོང་ཟེར་ན་མི་ཆོག་པ་མེད། གཉིས། ང་ཚོ་ནང་ཆོས་ལ་དད་པ་བྱེད་མཁན་ཡིན་པས། ལས་རྒྱུ་འབྲས་ལ་སུས་ཀྱང་ཁས་ལེན་བྱེད། དེ་བས་ཕྱོགས་གང་ནས་བལྟས་ཀྱང་ང་ཚོས་ཁོང་ཆོར་མྱ་ངན་བྱེད་རྒྱུ་ལས་གླུ་ལེན་པ་དང་བྲོ་འཁྲབ་པ། མདའ་འཕེན་པ་དང་རྒྱན་གོས་ངོམ་པའི་ལས་སུ་ཞུགས་ན། དེ་ནི་མི་རིགས་ཀྱི་ཞབས་འདྲེན་མ་ཡིན་ནམ། རང་ཉིད་ཀྱི་ཕ་མ་མིང་སྲིང་ལ་སོགས་སྐུ་གཤེགས་ནའང་མྱ་ངན་མི་བྱེད་པར་མདའ་སྟོན་བྱེད་དོན་ཅི། རྒྱུ་ཚོགས་ངན་པ་བསགས་ན་འབྲས་བུ་རྣམ་སྨིན་འཁོར་བའི་ཁྱེད་རང་དམྱལ་བར་མི་ལྷུང་བའི་ངེས་པ་ག་ལ་ཡོད། ཁྱེད་ཚོས་དེ་དག་ཁས་ལེན་མི་འདོད་ནའང་མ་བླངས་ཀྱང་ཆོག་མོད། བོད་རིགས་མི་མང་ལ་ཕྱོགས་གང་ནས་བྱས་རྗེས་བླ་མེད་འཇོག་མཁན་༸པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་ཁས་མི་ལེན་པ་ཞིག་གང་ན་ཡོད། ཁོང་གི་མ་ཡུམ་བསོད་ནམས་སྒྲོལ་མ་སྐུ་གཤེགས་ནས་ཅང་འགོར་མེད་པས། དེ་ལའང་མྱ་ངན་མི་བྱེད་ག་ལ་ཟེར། བརྒྱ་བཤད་ཚིག་གི་རྩ་བ་ནི་ད་ལོ་ང་ཚོར་དགའ་སྟོན་ལ་རོལ་བའི་སྐལ་བ་མེད་པས། གཞན་གྱིས་ཁ་ལ་ཉན་ནས་བཙན་ཚུགས་ཀྱིས་དགའ་སྟོན་ལ་རོལ་དགོས་པའི་རྒྱུ་མཚན་གང་ཡང་མེད་ལ། རྟ་འདོ་བ་ཞིག་ལ་རྒྱུགས་ལུཊ་ཤིག་དང་། བུ་སྣབས་ལུགས་ཤིག་ལ་རང་ལུགས་ཤིག་ཟེར་བའི་དཔེ་བཞིན། བོད་ཅིག་ཡིན་ཚེ་རང་ལུཊ་དགོས། ཀ་ཡེ་ཉོན་དང་བོད་ཀྱི་བུ་ཕྲུག་ཚོ། ག་ཡིན་འདི་ཡིན་མིན་པའི་ལས་མ་བྱེད། ཁ་བའི་ལྗོངས་ཀྱི་སྟག་ཤར་ཡིན་ཟེར་ན། ང་ཅག་བོད་པ་ཚང་གི་རྣ་མ་གཅོད། ”ཅེས་སོགས་འཁོད་འདུག

གཞན། སྐབས་དེར་གློག་ཀླད་ནང་བཟོས་པའི་འདྲ་པར། མདའ་འཕེན་མཁན་ཚོའི་མགོར་ཁྱི་མགོ་བཞག་ཡོད་པ་མ་ཟད། དེའི་སྟེང་།  “ རྒྱལ་ལོ། རྒྱལ་ལོ།  གུང་ཁྲན་ཏང་ཕ་མ་འདྲ་བོ་རྒྱལ་ལོ། ” ཞེས་བྲིས་འདུག་ལ། རྒྱན་གོས་ངོམས་མཁན་ཚོའི་མགོར་ཝ་མགོ་བཞག་ཏེ། དེའི་སྟེང་། “ ཁྱེད་ཀྱི་དྲིན་ལ་ང་ཚོ་ལྗིད་ཏིག་ཏིག ” ཅེས་དྲིས་པའི་འདྲ་པར་དང་སྦྱར་ཡིག་སོགས་སྲང་ལམ་གཡས་གཡོན་གྱི་གྱང་ངོས་དང་གློག་སྡོང་ངོས་སོགས་སུ་སྤྱར་འགྲེམས་བྱས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

སྐར་མ ༣༨ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཀ་ཡེ་ཉོན་དང་བོད་ཀྱི་བུ་ཕྲུག་ཚོ།
    ག་ཡིན་འདི་ཡིན་མིན་པའི་ལས་མ་བྱེད།
    ཁ་བའི་ལྗོངས་ཀྱི་སྟག་ཤར་ཡིན་ཟེར་ན།
    ང་ཅག་བོད་པ་ཚང་གི་རྣ་མ་གཅོད། ཟེར།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་ མི་རིགས་དང་རྒྱལ་ཁབ། འཛམ་གླིང་ཞི་བདེའི་ཆེད་དུ་སྟག་མོ་ལུས་སྦྱིན་བཞིན་རང་ཉིད་ཀྱི་ཚེ་སྲོག་ཕུལ་མཁན་དེ་སུ་རེད་དམ། དེ་དག་གཞན་མ་ཡིན་པར་ཕ་སྦྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་ལས་མཆེད་པའི་ང་ཚོ་བོད་རིཊ་སྤུན་ཟླ་ཚོ་མ་ཡིན་ནམ། ་་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese