མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧི་མ་ལ་ཡའི་མཛངས་མ་རིན་ཆེན་སྒྲོལ་མ་རེད།

བོད་ཀྱི་དུས་བབ།
༢༠༡༢/༡༠/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་དགོང་བོད་གཞུང་ཟློས་གར་དུ་ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་བྱས་ཏེ། འབྲས་ལྗོངས་ནས་ཡིན་པའི་བུ་མོ་རིན་ཆེན་སྒྲོལ་མ་ལཊ་སུ་ ༢༠༡༢ ལོའི་མཛངས་མའི་དབུ་རྒྱན་དང་ཧིན་སྒོར་ཆིག་འབུམ་གྱི་བྱ་དགའ་ཐོབ་སོང་།

དེ་རིང་ཕྱི་ཚེས་ ༡༣ ཉིན་གྱི་དགོང་མོའི་ཆུ་ཚོད་ ༨ པའི་ཐོག་ངྷ་ས་བོད་གཞུང་ཟློས་གར་ཐང་ཆེན་དུ་ཧི་མ་ལ་ཡ་མཛངས་མའི་མཐའ་མཇུག་གི་རྟིང་རྩོད་འགྲན་བསྡུར་གནང་ཡོད་ཅིང་། མཛད་སྒོའི་ཐོག་མར་ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་གོ་སྒྲིག་པ་སྐུ་ཞབས་བློ་བཟང་དབང་རྒྱལ་ལཊ་ཀྱིས། ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་དེ་ནི་བོད་དོན་ལས་འགུལ་གྱི་རྣམ་གྲངས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་དང་། མཛངས་མ་འགྲན་བསྡུར་གྱི་མཐའ་མའི་ཉིན་མོར་བོད་ནང་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དེར་གདུང་སེམས་མཉམ་སྐྱེད་ཡོད་སྐོར་བཅས་ངོ་སྤྲོད་དང་འབྲེལ། ཐེངས་འདིར་མཛངས་མ་འགྲན་བསྡུར་ཐོག་ཕེབས་པའི་ལྟད་མོ་བ་ཡོངས་ཀྱིས་དུས་ཡུན་སྐར་མ་གཅིག་རིང་མྱ་ངན་ངག་བཅད་གནང་སོང་།

ཐེངས་འདིའི་ཧི་མ་ལ་ཡ་མཛངས་མའི་མཐའ་མཇུག་གི་རྟིང་རྩོད་འགྲན་བསྡུར་ཐོག་འགྲན་ཞུཊ་བུ་མོ་ ༥ ཡོད་པ་རྣམས་ཀྱིས། གར་སྟེགས་སྟེང་རེ་རེ་བཞིན་རང་ཉིད་ངོ་སྤྲོད་དང་། སྲོལ་རྒྱུན་དང་དེང་རབས་གྱོན་ཆས་འཁྲབ་སྟོན། གཟུགས་བྱད་ངོམ་སྟོན་བཅས་གནང་མཐར། འབྲས་ལྗོངས་ནས་ཡིན་པའི་རང་ལོ་ ༢༣ ཡིན་པའི་བུ་མོ་རིན་ཆེན་སྒྲོལ་མ་བྷོ་ཊི་ཡཱ་ལཊ་སུ་ ༢༠༡༢ ལོའི་ཧི་མ་ལ་ཡའི་དངུལ་གྱི་མཛངས་མའི་དབུ་རྒྱན་དང་ཧིན་སྒོར་འབུམ་གཅིག་ ༡༠༠༠༠༠ གྱི་བྱ་དགའ་ཐོབ་སོང་ལ། དེ་བཞིན། ཧི་མ་ཅལ་ཀཱང་ར་རྫོང་ནས་ཡིན་པའི་རང་ལོ་ ༡༩ ཡིན་པའི་བུ་མོ་རཱ་ཅི་ཎ་ངྷི་མེན་ལཊ་སུ་ཨང་གཉིས་པ་ཐོབ་སྟེ། ཧིན་སྒོར་ཁྲི་ལྔ་ ༥༠༠༠༠ གྱི་བྱ་དགའ་དང་། སྦེལ་ཏི་ནས་ཡིན་པའི་རང་ལོ་ ༢༢ ཡིན་པའི་བུ་མོ་འཕྲིན་ལས་དབྱངས་ཅན་ལཊ་སུ་ཨང་གསུམ་པ་ཐོབ་སྟེ། ཧིན་སྒོར་སྟོང་ཕྲག་ཉེར་ལྔའི་ ༢༥༠༠༠ བྱ་དགའ་བཅས་ཐོབ་སོང་།

གསར་འགོད་པས་ཧི་མ་ལ་ཡའི་མཛངས་མའི་དབུ་རྒྱན་ཐོབ་མཁན་བུ་མོ་རིན་ཆེན་སྒྲོལ་མ་བྷོ་ཊི་ཡཱ་ལཊ་སུ་ཨང་དང་པོ་ཐོབ་པར་མྱོང་ཚོར་ཅི་བྱུང་དང་། མ་འོངས་པར་མཛངས་མའི་མཚན་ཐོག་ནས་ལས་ཀ་ག་རེ་བྱ་འདོད་ཡོད་མེད་དྲིས་པར། ད་ཐེངས་ང་ལ་ཧི་མ་ལ་ཡ་མཛངས་མའི་མཚན་སྙན་ཐོབ་པར་ཧ་ཅང་དགའ་བོ་བྱུང་། མ་འོངས་པར་ང་རང་གིས་ཧི་མ་ལ་ཡའི་བུད་མེད་ཁྲོད། སོ་སོའི་བསྒྲུབ་འདོད་པའི་བྱ་བ་བསྒྲུབ་ཐུབ་རྒྱུའི་སྤོབས་པ་བསླེབ་ཏུ་འཇུག་རྒྱུ་ཡིན། བྱ་དགའ་ཧིན་སྒོར་ཆིག་འབུམ་གྱི་ནང་ནས་བརྒྱ་ཆ་ ༡༠ ཙམ་ཅན་ལྡི་གྷར་བྱིས་པའི་ཉམ་ཐག་རོཊ་སྐྱོར་ཚོཊ་པར་ཞལ་འདེབས་རྒྱག་རྒྱུ་ཡིན་ཞེས་བརྗོད་སོང་།

གཞན། ད་ཐེངས་ཀྱི་མཛངས་མའི་འགྲན་བསྡུར་སྐབས། ཧྥ་རན་སིར་གནས་སྡོད་ཝེ་ཊི་ནམ་གྱི་བུད་མེད་ཅིག་གིས་བོད་ནང་གི་མེར་བསྲེགས་གནས་ཚུལ་གྱི་ཛ་དྲག་རང་བཞིན་ངོ་སྤྲོད་དང་དེར་རྒྱབ་སྐྱོར་གྱི་གཏམ་བཤད་བཅས་སྤེལ་སོང་།

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

ཆུ་ཚོད་ ༤ སྔོན་ལ།
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧

མཆན། 3

  1. རས་པ། says:
    ལོ་ 14 སྔོན།

    རྒྱ་གར་བོད་དོན་ལས་འགུལ་བ་སྐུ་ཞབས་མཱ་ཧེ་ཤ་(Dr.Mahesh Yadav) དང་། ཉེ་ཆར་ཁོང་གིས་མཱ་ཌེ་ཡ་པར་ཌེ་ཤི་མངའ་སྡེ་ནང་གོ་སྒྲིག་བྱས་པ།

    མཛད་སྒོའི་ཐོག་མར་ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་གོ་སྒྲིག་པ་སྐུ་ཞབས་བློ་བཟང་དབང་རྒྱལ་ལཊ་ཀྱིས།
    འདི་མོ་གཉིས་ཅུང་མིན་ན་ངས་འདི་སྒྱུ་རྩལ་སྒྲུང་གཏམ་བཀླགས་པ་ནང་བཞིན་བྱུང་སོང་།

    Reply
  2. གནས་ཚང་། says:
    ལོ་ 14 སྔོན།

    མཛངས་མ་ལགས་སུ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བྱ་དགའ་ཧིན་སྒོར་ཆིག་འབུམ་གྱི་ནང་ནས་བརྒྱ་ཆ་ ༡༠ ཙམ་ཅན་ལྡི་གྷར་བྱིས་པའི་ཉམ་ཐག་རོཊ་སྐྱོར་ཚོཊ་པར་ཞལ་འདེབས་རྒྱག་རྒྱུ་ཡིན་ཞེས་བརྗོད་སོང་། ་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese