མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་རོལ་དབྱངས་མཐུན་ཚོཊ་གསར་འཛུཊ་ཐོག་དཔའ་བོ་དཔའ་མོར་རྗེས་དྲན་རྡོ་རིང་བཞེངས་འཆར།

བོད་ཀྱི་དུས་བབ།
༢༠༡༢/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་བཙན་བྱོལ་བོད་མིའི་གཞས་པ་མཉམ་རུབ་ཐོག༼བོད་ཀྱི་རོལ་དབྱངས་མཐུན་ཚོགས༽གསར་འཛུགས་བྱས་ཏེ། གཞས་པ་རང་ངོས་ནས་བོད་བསྟན་སྲིད་ཆེད་རང་སྲོག་བློས་གཏོང་གནང་བའི་དཔའ་བོ་དཔའ་མོར་རྗེས་དྲན་རྡོ་རིང་བཞེངས་རྒྱུའི་ལས་འགུལ་ཞིག་མགོ་འཛུགས་བྱས་ཡོད་འདུག

ཉེ་ལམ་བལ་ཡུལ་དང་ལྡི་ལི། ངྷ་རམ་ས་ལ་བཅས་སུ་གནས་སྡོད་བཙན་བྱོལ་བོད་མིའི་གཞས་པ་ཁག་ཅིག་བཞུགས་སྒར་དུ་འདུ་འཛོམས་ཀྱིས། ༼བོད་ཀྱི་རོལ་དབྱངས་མཐུན་ཚོགས༽ ཞེས་པའི་ཚོགས་པ་ཞིག་གསར་འཛུགས་གནང་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྱི་དགོང་མོ་བཞུགས་སྒར་ཉེ་འཁྲིས་ས་རཱ་མཐོ་སློབ་དུ། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་དྲན་རྟེན་བཞེང་པའི་རོལ་དབྱངས་སྐོར་བསྐྱོད་ཀྱི་ལས་འགུལ་ཆེན་མོ་ཞེས་པ་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་། བཞུགས་སྒར་ཁུལ་གྱི་སློབ་གྲྭ་དང་དགོན་སྡེ། བོད་མི་འདུས་སྡོད་ཀྱི་ས་གནས་བཅས་སུ་སྐོར་བསྐྱོད་གནང་གྲུབ་རྗེས། ལྡི་ལི་དང་ལྡེ་ར་ལྡུན། ཀ་རྡོར་སྒང་གསུམ། ལྷོ་གཞིས་ཁག་བཅས་དང་། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་སུ་ལོ་ ༡ རིང་སྐོར་བསྐྱོད་གནང་རྒྱུ་ཡིན་འདུག  སྐོར་བསྐྱོད་འཁྲབ་སྟོན་སྐབས་སྤ་སེ་དང་ཞལ་འདེབས་བསྡུ་རུབ་གནང་ཐོག  བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་རྡོ་རིང་ཞིག་བཞེངས་རྒྱུ་ཡིན་འདུག

ལས་འགུལ་དེ་ནི་བཙན་བྱོལ་ནང་གི་གཞས་པ་ཚོས་ལོ་ངོ་གཉིས་ཀྱི་ཡར་སྔོན་ནས་ཕན་ཚུན་གོ་བསྡུར་བརྒྱུད།  ཉེ་སྔོན་བལ་ཡུལ་དང་ལྡི་ལི། ངྷ་རམ་ས་ལ་བཅས་ཀྱི་གཞས་པ་ ༡༡ བཞུགས་སྒར་དུ་འདུ་འཛོམས་གནང་བ་དང་། གཞས་པ་ཚོས་རེ་སྐུལ་ལྟར་བོད་ཀྱི་འགྲིམ་འགྲུལ་ཁང་གི་འགན་འཛིན་ཟླ་བ་རིན་ཆེན་ལགས་མཉམ་ཞུགས་ཀྱིས། ཕྱི་ཚེས་ ༡༠ ཉིན་ ༼བོད་ཀྱི་རོལ་དབྱངས་མཐུན་ཚོགས༽ ཐོག་མར་གསར་འཛུགས་དང་། སློབ་སྟོན་པ་དང་རྒྱུན་ལས་བསྐོ་བཞག་བཅས་གནང་ཡོད་འདུག  ཚོགས་པ་འདིའི་དམིགས་ཡུལ་གཙོ་བོ་ནི། བཙན་བྱོལ་རང་དབང་ལུང་པའི་ནང་ཡོད་པའི་གཞས་པ་ཚོས་འགན་བཞེས་ཏེ། བོད་ཀྱི་རྐང་བྲོ་གླུ་གཞས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཐད་འབད་པ་བྱ་རྒྱུ་དང་། ལྷག་པར་དུ་བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་དང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ཐད།  གཞས་པ་རང་ངོས་ནས་ལས་འགུལ་སྤེལ་རྒྱུ་བཅས་ཡིན་སྟབས། བོད་ནང་བོད་མི་ ༥༥ ལྷག་གིས་རང་ལུས་མེར་བསྲེཊ་གནང་བ་དང་། དེ་བཞིན།  བོད་མི་རིགས་ཀྱི་རྩ་དོན་ཆེད་གཞས་པ་གཞས་མ་མང་པོ་ཞིག་གིས་རང་སྲོག་བློས་གཏོང་དང་བཙོན་འཇུག་བྱས་ཡོད་པར་བརྟེན། བཙན་བྱོལ་གཞས་པ་ཚོའི་ངོས་ནས་ཁོང་རྣམ་པའི་ཆོད་སེམས་ལ་ཡི་རངས་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད།  བཙན་བྱོལ་བོད་མིའི་གནས་སྡོད་ས་གནས་ཡོངས་སུ་སྐོར་བསྐྱོད་འཁྲབ་སྟོན་བྱས་ཏེ། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་རྡོ་རིང་ཞིག་བཞེངས་རྒྱུ་བཅས་ཡིན་འདུག 

བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་ཐོག་དང་པོའི་རྒྱུན་ལས་ཁྲོད་བལ་ཡུལ་གྱི་གཞས་པ་ཆོས་གྲགས་དང་། ལྡི་ལིའི་གཞས་པ་མཁྱེན་བརྩེ།  དྷ་སའི་གཞས་པ་སོག་ཤོད་དར་རྒྱས་དང་རྟ་མགྲིན་ཚེ་བརྟན་བཅས་བདམས་ཡོད་པ་དང་།  མཐུན་ཚོགས་ཀྱིས་རེ་སྐུལ་ཞུས་མཐར་བཀའ་སྤྱི་གཉིས་ཀྱི་ངོས་ནས་ཚོགས་པ་འདིར་ལོ་གཅིག་རིང་རྒྱབ་གཉེར་སྤྲད་ཡོད་པ་ལྟར། བཙན་བྱོལ་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཡོངས་སུ་སྐོར་བསྐྱོད་འཁྲབ་སྟོན་གྱིས་མ་དངུལ་བསྡུ་རུབ་གནང་སྟེ། རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་རྡོ་རིང་བཞེངས་བསྐྲུན་བྱ་རྒྱུ་ཡིན་པ་དང་། ད་ལྟའི་ཆར་མཐུན་ཚོགས་འདིར་ཚོགས་མི་ ༡༦ དང་། སྐོར་བསྐྱོད་འཁྲབ་སྟོན་ཁྲོད་རྒྱ་བལ་གཉིས་ནས་གཞས་པ་ ༩ མཉམ་ཞུགས་བྱས་ཡོད་པ་དང་། ལོ་གཅིག་གི་རྗེས་སུ་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་པའི་གཞས་པ་རྣམས་མཉམ་འཛོམས་ཀྱི་ཚོགས་འདུ་བསྐང་སྟེ། ཚོགས་གཙོ་གཞོན་དང་དྲུང་ཆེ་བཅས་བསྐོ་བཞག་གནང་འཆར་ཡོད་འདུག

མཐུན་ཚོགས་ཀྱི་སློབ་སྟོན་པ་ཟླ་བ་རིན་ཆེན་ལགས་སུ། མ་འོངས་པར་བོད་ཀྱི་གཞས་པ་ཚོའི་ངོས་ནས་༼བོད་ཀྱི་རོལ་དབྱངས་མཐུན་ཚོགས༽ ཀྱི་སྡིངས་ཆ་བརྒྱུད་དེ།  བོད་དོན་ཐོག་ཕྱག་ལས་གང་དང་གང་གནང་དགོས་མིན་དྲིས་པར།  ཁོང་གིས “ ང་རང་ལ་མཚོན་ན་ཁོང་རྣམ་པའི་རེ་སྐུལ་ལྟར་ལོ་གཅིག་རིང་སློབ་སྟོན་པའི་ལས་འགན་ཁུར་ཡོད། ཐེངས་འདིའི་ལས་འགུལ་འདིར་མཚོན་ན། དྲན་རྟེན་རྡོ་རིང་ཞིག་བཞེངས་རྒྱུ་དེ་ཡིན་སྟབས། གཙོ་བོ་དཔལ་འབྱོར་འདུ་འགོད་ལ་ཐུག་བསྡད་འདུག ང་ཚོས་ལས་ཀ་གང་དང་གང་ཡིན་ཡང་དཔལ་འབྱོར་མེད་ན་འགྲུབ་རྒྱུ་དཀའ་ལས་ཁག་པོ་རེད། མཐུན་ཚོགས་ཀྱི་ངོས་ཐད་ནས་ད་ལྟའི་ཆར་གཞས་པ་ཁག་ཅིག་ལས་ཡོད་པ་མ་རེད། མ་འོངས་པར་གཞས་པ་ཚང་མས་ཆ་ཤས་ལེན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མ་འོངས་པར་སྡིངས་ཆ་དེ་གང་འདྲ་ཞིག་ཆགས་མིན་དང་བེད་སྤྱོད་གཏོང་ཐུབ་མིན། གཞས་ཀྱི་ཉམས་མྱོང་ཕུན་ཚོགས་པ་ཡོད་མཁན་རྒན་རབས་པ་དག་མདུན་ལ་བུད་དེ་མཐུན་ཚོགས་ལ་ལམ་སྟོན་དང་རྒྱབ་སྐྱོར་གནང་རྒྱུ་དང་། བོད་ཕྱི་ནང་གཉིས་ཀྱི་གཞས་པའི་འབྲེལ་ལམ་བཅས་ཀྱི་ཐོག་འབད་པ་བྱས་པ་ཡིན་ན། ཕན་ཐོགས་ཆེན་པོ་ཞིག་ཡོང་གི་རེད་བསམ་གྱི་འདུག  ཚོགས་མི་མང་ཉུང་ལ་མ་ལྟོས་པར་ཚོགས་པ་འདིས་སྤྱི་བའི་དམིགས་ཡུལ་མ་བརླགས་པ། སྤྱི་བའི་ལས་དོན་འཐུས་ཤོར་མི་འགྲོ་བ། སྤྱི་བའི་ལས་དོན་ལ་སེམས་འཁུར་བྱ་ཐུབ་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན། གཞས་པ་དང་མི་མང་སུ་ཡིན་ཡང་ཚོགས་པ་འདི་རྩ་ཆེན་པོ་ཞིག་དང་། ད་ལྟའི་ཛ་དྲག་གི་གནས་སྟངས་སྐབས་མཐུན་ཚོགས་འདིས་གཞས་ཀྱི་ལམ་ནས་བོད་དོན་རྒྱབ་སྐྱོར་ཐབས་འཚོལ་དང་། བོད་པའི་རིག་གཞུང་ཁྱབ་སྤེལ་གྱི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་པ་ཤེས་པའི་ཐོག་ནས་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་རེད། ” ཅེས་བརྗོད་བྱུང་།

དཔའ་བོའི་རྗེས་དྲན་རྡོ་རིང་སྤྱིའི་ཇུས་འགོད་བྱེད་མཁན་ནི་གཞས་པ་དང་རི་མོ་བ་རྟ་མགྲིན་ཚེ་བརྟན་ལགས་ཡིན་འདུག   ཁོང་གིས་རྡོ་རིང་རི་མོ་མ་འདྲ་བ་བཞི་ཇུས་འགོད་བྱས་ཐོག  འབྲེལ་ཡོད་མི་སྣར་གཟིགས་འབུལ་གྲོས་བསྡུར་བརྒྱུད་གཏན་འཁེལ་བྱུང་བའི་རྡོ་རིང་གི་དབྱིབས་རིས་ནི།  མེ་ལྕེ་ཁྲོད་ཆིག་སྒྲིལ་གྱི་ཁུ་ཚུར་གྱེན་དུ་འཕྱར་བའི་དཔའ་སྟོབས་ཀྱི་ལག་ངར་ཞིག་ཡིན་པ་དང་། དེའི་མཚོན་དོན་ནི་མཛུབ་མོ་ལྔ་བཅངས་ཁུ་ཚུར་གྱིས་བོད་མིའི་རྡོ་རྩ་ཆིག་སྒྲིལ་དང་མཐུན་ལམ་མཚོན་པ་དང་།  ཆི་མིག་དགུ་སྒྲིག་གིས་ཞི་བདེ་མཚོན་པ། མེ་ལྕེའི་ཁྲོད་དཀྱིལ་གྲུང་དུ་བཞུགས་པའི་གྲྭ་བ་དེས། རྒྱ་གཞུང་གིས་དྲག་ཆས་དང་གོ་མཚོན་ཇི་འདྲ་ཞིག་བེད་སྤྱད་ཀྱང་། བོད་མི་ཚོས་འཇིགས་ཞུམ་མེད་པར་འཚེ་མེད་ཞི་བའི་ལམ་ནས་རང་ལུས་མེར་བསྲེགས་ཀྱིས་འཐབ་རྩོད་བྱེད་པ་མཚོན་པ། མ་ཎི་ཡིག་དྲུག་གིས་བོད་མི་རྣམས་དུས་ནམ་ཡང་ཆོས་དང་ཁ་འབྲལ་ཐབས་མེད་པ་བཅས་མཚོན་ཡོད་ལ།  རྡོ་རིང་གི་རྟིང་རྡོའི་ཐོག་བོད་ཀྱི་རྒྱལ་དར་བཅས་བཀོད་ཡོད་པ་རེད།  རྡོ་རིང་འདིའི་རིང་ཚད་ལ་ཨིན་ཆི་ ༢༣༠ དང་། ཞེང་ཚད་ལ་ཨིན་ཆི་ ༡༧༠ ཡོད་པ་དང་། རྒྱབ་ཕྱོགས་སུ་དཔའ་བོ་དཔའ་མོ་དག་གི་མིང་གོ་རིམ་བཞིན་འགོད་འཆར་ཡོད་འདུག  གལ་སྲིད་ས་ཆ་རག་པ་ཡིན་ན་རྡོ་རིང་གི་ཟུར་བཞི་ལ་མེར་བསྲེགས་ཀྱི་རྡོ་རིང་ཆུང་ཆུང་བཞི་བཟོ་འཆར་ཡོད་པ་དང་།  རྡོ་རིང་དེ་མི་མང་པོ་ཞིག་གིས་མཐོང་ཙམ་གྱིས་དྲན་གསོ་ཐུབ་པ་ཞིག་དགོས་སྟབས། ས་ཆ་ཡག་ཤོས་གཙུག་ལག་ཁང་གི་ཉེ་འགྲམ་ཞིག་ཏུ་བཞེངས་རྒྱུའི་རེ་བ་བཅངས་བཞིན་ཡོད་འདུག

ཐེངས་འདིའི་ལས་འགུལ་དང་འབྲེལ་ཏེ་གཞས་པ་ཁག་ཅིག་ལ་བཅར་འདྲི་བྱས་པར། གཞས་པ་ཚེ་རིང་འགྱུར་མེད་ལགས་ཀྱིས། “ སྤྱིར་བཏང་ང་ཚོ་བོད་པའི་སྤྱི་ཚོགས་དེ་ཆེན་པོ་དང་མི་གྲངས་མང་པོ་མེད་ཀྱང་། བོད་ནང་གི་བོད་མི་ཚོ་ཆབ་སྲིད་ཀྱི་དཀའ་ངལ་ཆེན་པོ་ཞིག་འོག་ལྷག་ཡོད་པའི་སྐབས་འདིར། ང་ཚོས་སོ་སོའི་འཚོ་བ་ཁོ་ནའི་ཆེད་དུ་མགོ་མི་འཁོར་བར་རང་ངོས་ནས་ལས་འགུལ་རྩོམ་རྒྱུ་གལ་ཆེན་པོ་རེད། སྤྱིར་བཏང་གཞས་ལབ་དུས་ནམ་རྒྱུན་དགའ་དགའ་སྤྲོ་སྤྲོའི་རྣམ་པ་ཞིག་ཏུ་མཐོང་གི་ཡོད་མོད། དོན་གྱིས་གཞས་ཀྱི་ལམ་ནས་དམག་རྒྱག་པ་དང་ལས་འགུལ་རྩོམ་ཐུབ་པ་མ་ཟད། གཞས་ཀྱི་ལམ་ནས་མི་མང་པོར་ཕན་ཐོག་སྒྲུབ་ཐུབ་པ་ཤེས་རྒྱུ་གལ་ཆེན་རེད། དེ་བཞིན། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཀྱང་།  ང་ཚོ་གཞས་པ་ཚོས་ཕན་ཐོགས་ཀྱི་ཡོད་པ་ཡིན་ན།  གཞས་ཀྱི་ལམ་ནས་མི་མང་ལ་ལན་སྤྲོད་དགོས་པའི་རིགས་སོགས་བེད་སྤྱོད་བྱ་ཆོག་གི་རེད། ཡིན་ནའང་། དེ་འདྲའི་རིགས་ད་ལྟའི་བར་བྱུང་མ་སོང་། གཞས་ལབ་དུས་དགའ་བོ་སྐྱིད་པོ་གཅིག་པུ་མིན་པར། གཞས་ཀྱི་ལམ་ནས་འཐབ་རྩོད་དང་བརྡ་ལན་སོགས་སྤྲོད་ཐུབ་ཀྱི་ཡོད་སྟབས། ང་ཚོས་གང་ཐུབ་ཀྱི་འཁྲབ་སྟོན་བྱས་ཏེ་རྗེས་དྲན་རྡོ་རིང་ཞིག་བཞེངས་འཆར་ཡོད། མི་མང་གི་ངོས་ནས་ཀྱང་བསམ་བློ་བཏང་སྟེ་རྒྱབ་སྐྱོར་གནང་བའི་རེ་བ་ཡོད། ” ཅེས་བརྗོད་བྱུང་།

གཞས་པ་ཆོས་གྲཊ་ལགས་ཀྱིས། “  བོད་ནང་གི་གཞས་པ་ཚོར་མཚོན་ན། བཙན་བྱོལ་ནང་གི་གཞས་པ་དང་མི་འདྲ་བར་རྒྱ་ནག་གི་བཙན་གནོན་འོག་དཀའ་ངལ་ཡོད་བཞིན་དུ་ཆབ་སྲིད་ཀྱི་གཞས་མང་པོ་ཞིག་གཏོང་གི་ཡོད་པ་རེད། ང་རང་བཙན་བྱོལ་གྱི་གཞས་པ་ཞིག་ཡིན་པའི་ཆ་ནས། ངས་དམིགས་བསལ་བྱ་མི་ཐུབ་ཀྱང་། གཞས་ཀྱི་ལམ་ནས་མི་ལ་སེམས་ཤུགས་སྤར་རྒྱུ་དང་དྲན་གསོ་བྱ་ཐུབ་པ་ཞིག་བྱུང་བ་ཡིན་ན། སོ་སོས་གཞས་བཏང་བ་དེས་ཕན་ཐོགས་ཡོད་པ་ཞིག་ཏུ་རང་ངོས་ནས་ངོས་འཛིན་བྱེད་ཀྱི་ཡོད། ད་རེས་ང་ཚོ་བཙན་བྱོལ་དུ་གནས་པའི་གཞས་པ་ཐུན་མོང་གིས་ལས་འགུལ་འདི་འདྲ་ཞིག་སྤེལ་བཞིན་ཡོད་ལ། ང་ཚོའི་ལས་འགུལ་དེ་སོ་སོར་ཁེ་བཟང་དང་སྙན་གྲགས་རྒྱས་པའི་ཆེད་དུ་མིན་པར། བོད་ནང་གི་དཔའ་བོ་དཔའ་མོ་རྣམས་ལ་དྲན་གསོ་དང་རྗེས་དྲན་བྱ་ཆེད།  ང་ཚོ་གཞས་པ་ཚོས་མ་སྐུལ་དང་བླངས་ཀྱིས་བསྐོར་སྐྱོད་འཁྲབ་སྟོན་བྱས་ཏེ་རྡོ་རིང་བཞེངས་སྐྲུན་བྱ་འཆར་ཡོད་སྟབས། མི་མང་གི་ངོས་ནས་སོ་སོའི་དངུལ་གྱི་མང་ཉུང་ལ་མ་ལྟོས་པར་གང་ཐུབ་ཀྱིས་རོགས་རམ་དང་མཐུན་འགྱུར་གནང་ཐུབ་པ་ཡིན་ན་ལས་གཞི་འདི་འགྲུབ་པར་ཕན་ཐོགས་ཆེན་པོ་ཡོང་ངེས་རེད། དེའི་ཐད་མི་མང་གང་མང་མང་གིས་རྒྱབ་སྐྱོར་ཡོང་བའི་རེ་བ་ཡོད། ” ཅེས་བརྗོད་བྱུང་། 

གཞས་པ་མཁྱེན་བརྩེ་ལགས་ཀྱིས། “ སྔོན་མ་རང་ཉིད་ཕྱིར་རང་ཡུལ་དུ་ལོག་ཆེད་དང་། ནང་མི་སྤུན་མཆེད་བཅས་ཀྱི་བདེ་འཇཊ་ལ་དམིགས་ཏེ་ཆབ་སྲིད་ཀྱི་ཐོག་ལ་དམིགས་བསལ་དོ་སྣང་བྱས་མེད་མོད། ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་དང་ལྷག་པར་དུ་འདས་པའི་ལོ་གཉིས་ལྷག་གི་གོང་ནས་བོད་ནང་གནས་སྟངས་ཛ་དྲག་ཏུ་ཕྱིན་སྟབས། ང་རང་བོད་པ་ཞིག་དང་བོད་པའི་གཞས་པ་ཞིག་ཡིན་པའི་ཆ་ནས། བོད་ནང་གི་གནས་སྟངས་ཐོག་ལས་འགུལ་ཞིག་སྤེལ་དགོས་པའི་བསམ་བློ་མང་པོ་བཏང་སྟེ། ཉེ་ལམ་ལས་འགུལ་འདིའི་ནང་མཉམ་ཞུགས་བྱས་པ་ཡིན། སྤྱིར་བཏང་བོད་ཕྱི་ནང་གཉིས་ཀྱི་གཞས་པ་ཚོ་གཞས་གཏོང་མཁན་ཡིན་པའི་ཆ་ནས་གཅིག་པ་ཆགས་ཡོད་ཀྱང་། སྙིང་སྟོབས་ཀྱི་ཆ་ནས་ང་ཚོའི་བར་གནམ་སའི་ཁྱད་པར་ཤོར་འདུག ང་ཚོས་ཁོང་རྣམ་པས་བློས་གཏོང་གནང་བའི་ལས་འགུལ་ལྟ་བུ་བསྒྲུབ་མི་ཐུབ་ཀྱང་། ཁོང་ཚོའི་རྗེས་སུ་འབྲང་རྒྱུ་དེ་ང་ཚོའི་ལས་འགན་རེད་བསམ་གྱི་ཡོད། མི་མང་ལ་མཚོན་ནའང་བོད་ཕྱི་ནང་གཉིས་འདྲ་མཚུངས་མི་འདུག བོད་ནང་མི་རིགས་ཀྱི་ལ་རྒྱའི་ཆེད་ལས་ཀ་བྱེད་མཁན་ཞིག་ཡིན་ཚེ་ཚང་མས་རྒྱབ་སྐྱོར་གནང་གི་རེད། ད་རེས་ང་ཚོས་འདས་པའི་ལོ་ ༥༠ ལྷག་གི་རིང་མེད་པའི་བོད་ཀྱི་རོལ་དབྱངས་མཐུན་ཚོགས་གསར་འཛུཊ་ཀྱིས།  དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་རྡོ་རིང་བཞེངས་རྒྱུའི་ལས་འགུལ་ཞིག་སྤེལ་གྱི་ཡོད་སྟབས། ང་ཚོའི་ངོས་ནས་དཀའ་ངལ་གང་ཡོད་ལ་གདོང་ལེན་བྱས་ཏེ་ལས་འགུལ་མཇུག་སྒྲིལ་བྱ་འཆར་ཡོད། ” ཅེས་བརྗོད་བྱུང་།

གཞས་པ་འཇམ་དབྱངས་བཀྲ་ཤིས་ལགས་ཀྱིས། “ ང་རང་ཆུང་དུས་བོད་ནས་སྐྱེས་བ་དང་བོད་ནས་བཙན་བྱོལ་ཏུ་ཡོང་མཁན་ཞིག་ཡིན་ཡང་། བཙན་བྱོལ་ནང་ཡོད་པའི་གཞས་པ་སུ་དང་སུ་ཡིན་ཡང་། བོད་མིའི་བདེ་སྡུག་གླུ་རུ་བླངས་ཏེ། མི་རབས་གསར་བ་དེ་དག་ལ་བོད་ཀྱི་ལོ་རྒྱུས་དང་རིག་གནས་ངོ་སྤྲོད་དང་། བོད་གླུའི་ནང་དོན་དང་དབྱངས་རྟ་སོགས་ཕྱོགས་ཡོངས་ནས་ཡར་རྒྱས་གཏོང་རྒྱུ་གཞས་པ་ཚོའི་ལས་འགན་རེད་བསམ་གྱི་ཡོད། ད་ལྟའི་བར་བོད་ནང་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ། བོད་བསྟན་སྲིད་མི་རིགས་ཆེད་ལས་འགུལ་སྤེལ་གྱིན་ཡོད་སྟབས། ང་རང་བོད་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་འདུག་ཐབས་མེད་པའི་ཚོར་བ་སྐྱེས་སོང་།  དེར་བརྟེན་ང་ཚོ་གཞས་པ་ཚོ་མཉམ་རུབ་ཀྱིས་ཁོང་རྣམ་པར་རྗེས་དྲན་རྡོ་རིང་བཞེངས་ཆེད་ས་ཕག་གཅིག་ཉོ་ཐུབ་ཀྱང་ང་ཚོས་འབད་པ་བྱ་རྒྱུའི་རེ་སྐུལ་བྱས་པ་ཡིན་ལ། སྤྱིར་བཏང་བཙན་བྱོལ་བོད་མིའི་གཞས་པ་ཚོ་བོད་ནང་གི་གཞས་པ་ཚོའི་མི་རིགས་ཀྱི་དུང་ཞེན་དང་རིག་གནས་ཀྱི་ཆུ་ཚད་སོགས་ཕྱོགས་ཡོངས་ནས་ཧེ་བག་ཆེན་པོ་འདུག་ཀྱང་། བཙན་བྱོལ་ནང་ཡོད་པའི་གཞས་པ་ཚོ་རང་དབང་ལུང་པའི་ནང་ཡོད་སྟབས། ང་ཚོས་དུས་ནམ་ཡང་མི་རིགས་རང་གི་སྐད་ཡིག་དང་རིག་གཞུང་ལ་འགན་འཁུར་བའི་ཐོག  བོད་ནང་གི་བོད་མིའི་བདེ་སྡུག་གླུ་རུ་ལེན་རྒྱུ་དང་། བོད་མི་ཚོར་དྲན་གསོ་དང་སེམས་ཤུགས་སྤར་རྒྱུ་ང་ཚོའི་ལས་འགན་རེད་བསམ་གྱི་འདུག ”ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༩ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 9

  1. བཙན་མེ་སྟག says:
    ལོ་ 13 སྔོན།

    མ་གཞི་ནས་རྒྱབ་སྐྱོར་ལོས་ཡོད། ཡིན་ནའང་དགོང་མོ་དེར་གཞས་པ་རེ་ཟུང་ཞིག་གི་ལྟག་རྒྱབ་ལ་གོར་མོ་རྡོ་ཡིས་གཞུས་གྲབས་བྱེད་པ་ནི་ཁྱེད་ཚོ་དང་། ད་དུང་ཤེས་མེད་ཚོར་མེད་ངང་ལྟད་མོ་ཁོ་ནར་རེ་བའི་མི་བུ་མང་བོ་ཞིག་གིས་གསང་བ་དེ་རྟོགས་མི་སྲིད། དེ་ནི་ལར་ཞེན་ཆེ་ཞིང་ཚོར་བ་རྣོ་བའི་མི་བུ་ཉུང་ཤས་ཤིག་ལས་མ་འདས། དེའང་ལྟད་མོ་བ་ཁོང་ཚོ་གོ་རྟོགས་མ་སད་པས་མིན་ལ། ཁྱེད་ཚོས་ལས་འགུལ་གྱི་ངོ་བོ་དང་དམིགས་ཡུལ། ད་དུང་ཁ་བྱང་སོགས་དང་མི་མཐུན་པའི་གཞས་སྣ་མང་བོ་བླངས་སོང་བས་ལོས་ཡིན། མཐར་སྙིང་ནས་རེ་སྐུལ་ཞུ་རྒྱུ་ཞིག་ཡོད་པ་ནི་ལས་འགུལ་གྱི་ཁ་བྱང་དང་མཐུན་པའི་གླུ་གཞས་རེ་ཅིས་ཀྱང་ལེན་རོགས་ཞེས་བློ་དཀར་སེམས་དཀར་ཀྱིས་འབོད་སྐུལ་ཡང་ཡང་ཞུའོ།

    Reply
  2. རྡོ འཇམ་ཚུལ། says:
    ལོ་ 13 སྔོན།

    རིག་འདོན་པ་(ཨ་བྱམས་)ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད།
    ཁ་སྣོན་ཞིག་གི་ཚུལ་དུ་བསལ་ཚུལ་ཞིག་ཡང་སྐྱར་བཤད་འདོད་བྱུང་། གང་ཡིན་ཞེ་ན། ཚོགས་པ་དང་ལས་འགུལ་གྱི་ངོ་བོ་གལ་འགེངས་ཆེ་བ་དང་། ལས་འགུལ་འདི་འགོ་བཙུགས་ཙམ་ཡིན་པས་ལྷག་བསམ་རྣམ་དག་གིས་རྒྱ་ཆེའི་མི་མང་གིས་རྒྱབ་སྐྱོར་དང་དགའ་བསུ་ཞིག་ཐོབ་ཐུབ་ན་བསམ་ཡོད།
    ༡༽ བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་གཞས་པ་ཁྱེད་ཅག་གིས་ལས་འགུལ་འདིའི་ནང་དུ་བོད་ནང་གི་གཞས་པ་དག་གིས་ཚེ་སྲོག་གཏམ་མར་བཞག་ནས་བླངས་པའི་ལ་རྒྱ་དང་། དཀའ་སྡུག་གི་བརྗོད་དོན་བྱས་པའི་གླུ་གཞས་དག་གི་ངོ་བོ་གཞན་དུ་མ་བསྒྱུར་བར་ཇི་བཞིན་མི་དམངས་ལ་གོ་བསྐོན་གསེལ་གྲོལ་དང་ལྷན་དུ་ཕྱིར་དྲན་དང་། གོང་བཀུར་མཚོན་ཆེད་སྐྱར་ལེན་ཚན་པ་ཞིག་ཡོད་ན་དགེ་མཚན་ཆེ་བར་སྙམ་སོང་།
    གལ་བོ་ཆེ་ལ་ནན་ཏན་གྱིས་ཚུལ་དང་། ང་རང་བོད་མི་རིགས་ཀྱི་བསྟད་མོ་བ་ཞིག་གི་ངོ་ཐད་ནས་བཤད་ན། ཁྱེད་ཅག་གིས་ལས་འགུལ་འདི་དག་གི་སྐབས་སུ་(ལུས་ངག་གང་ཐད་ནས)་མ་མཐའ་ཡང་ཁྱེད་ཅག་གིས་བཀལ་བའི་རྒྱབ་ལྗོངས་ཀྱི་བརྗོད་དོན་དང་། ལས་འགུལ་གྱི་ངོ་བོ་དང་མ་འགལ་བ་ཞིག་གནང་རྒྱུ་ཤུན་ཏུ་ནས་གལ་ཆེ་བར་བསམ་ཡོད། ༢༽ ངས་འདི་ལྟར་བཤད་དོན་ཁྱེད་ཅག་མང་ཆེ་བ་ཧ་ཅང་ཡི་རངས་བྱ་འོས་པ་ཞིག་རེད་འདུག་མོད། འོན་ཀྱང་མི་ཅོལ་ཆུང་རེ་ཟུང་གི་བྱ་སྤྱོད་དེས། ལ་རྒྱ་དང་འགན་ལེན་ཡོད་པའི་བསྟད་མོ་བ་དག་གི་ཡིད་ཐང་ཆད་མི་འཇུག་པའི་ངེས་པ་མི་འདུག་པས་དེའི་ཕྱོགས་ནས་ཕན་ཚུན་སྐུལ་མ་དང་། རང་འགན་རང་གིས་ལེན་རྒྱུ་ལས་འགུལ་འདིའི་ཆ་ཤས་གལ་ཆེན་ཞིག་ཏུ་མཐོང་སོང་།
    ༣༽ མ་འོངས་བཞེངས་འཆལ་གྱི་དཔའ་བོའི་རྗེས་དྲན་རྡོ་རིང་དེ། འཇུས་བཀོད་བྱས་པ་ལྟར་ཡིན་ན་ཅུང་སེམས་ལ་མ་བདེ་བ་ཞིག་བྱང་། གང་ཡིན་ཞེ་ན་རྒྱལ་དར་རྟེང་རྡོའི་ཐོག་འགོད་ཆལ་བྱས་པ་དེ་རེད། འདི་ལ་ཁྱེད་ཅག་གིས་ཐུགས་བསམ་ཞིག་བཞེས་དགོས་པར་སྙམ། ཅིས་ཕྱིར་ན་སེམས་ལ་འབབ་བདེ་ཞིང་མདོར་སྡུས་ནས་བཤད་ན། རྒྱལ་དར་གྱི་མཚན་མཐོང་དང་རིན་ཐང་ལ་རགས་པ་དེ་རེད། ཡང་གཅིག་བཤད་ན་རྒྱལ་གཅེས་དཔའ་བོ་དག་གིས་ཚེ་སྲོག་དང་དཀའ་སྡུག་གི་འགྲོ་མགྲོན་གནང་བའི་འཐབ་རྩོད་ཀྱི་བསྒྲུབ་བྱ་གཙོ་བོའི་ཆ་ཤས་སུ་རྒྱལ་དར་གྱི་གནས་བབ་དེའང་འདུས་ཡོད་པར་སེམས་སོ།

    Reply
  3. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    ཛ་དྲག་གི་སྐབས་སུ་བཙན་བྱོལ་བོད་མིའི་གཞས་པ་ཚོས་ཅིག་བྱེད་རྒྱུ་དྲན་པ་དེ་ཡག་པོ་རེད། ཡིན་ནའང། ད་ཕལ་ཆེར་རྡོ་རིང་བཞེངས་ནས་ཕན་ཐོག་འདྲ་ཁག་པོ་ཡིན་རྒྱུ་རེད། དེ་ལས་དངོས་གནས་དྲང་གནས་གཞས་གདངས་རྩོམ་ལ་གཞན་དྲིང་མི་དགོས་པའི་སློབ་སྦྱོང་ཚད་ལྡན་ཅིག་བྱས་ཏེ། གཞས་ངོ་མ་བོད་ནང་གི་ཉི་མ་རེ་རེའི་གནས་སྟངས་མཚོན་པའི་གཞས་སྣ་སྐད་རིགས་འདྲ་མིན་ཐོག་གསར་རྩོམ་དང་གསར་དུ་ལེན་ཐུབ་པ་ཡིན་ན་གཞས་པ་ལ་གཞས་པའི་ཉམས་ཤིག་ཐོན་གྱི་རེད་བསམས། དེ་བཞིན་རོལ་དབྱངས་མཐུན་ཚོགས་ནང་དུའང་འོད་སྡེར་ཡོད་ཚད་དང་ཁ་གདང་ཤེས་ཚད་ཐམས་ཅད་བཅུགས་པ་ཡིན་ན་དེའང་ཏག་ཏག་འགྲིག་གི་ཡོད་པ་མ་རེད། བཙན་བྱོལ་ནང་གཞས་པ་ཉུང་ཉུང་ཡིན་པ། གལ་སྲིད་གཞས་པ་ངོ་མ་ཞིག་སླེབས་ན་གཞས་བརྩམས་ན་མི་རྫོགས་པའི་གནས་སྟངས་ཡོད་བསྡད་པ་འདི་ངོས་ཟིན་དགོས་པ་རེད། །

    Reply
  4. རྡོ འཇམ་ཚུལ། says:
    ལོ་ 13 སྔོན།

    ཐོག་མར་འགན་ཁུར་དང་ལྷག་བསམ་གྱི་འོག་ནས་བཙན་བྱོལ་དུ་ཡོད་པའི་གཞས་པ་ཁྱེད་ཅག་གིས་རང་ངོ་ཤེས་པའི་ཐོག་ནས་གསར་དུ་བཙུགས་པའི་མཐུན་ཚོགས་ལ་རྟེན་འབྲེལ་ཞུ།

    སྔོན་བརྡ་ཞིག་གི་ཚུལ་དུ་འབོད་སྐུལ་བྱེད་རྒྱུར། ཁྱེད་ཅག་གི་མདོ་འཛིན་པའམ་གཙོ་སྐྱོང་བ་དེས་བསྒྲགས་སྐད་དེ་དག་གིས་སེམས་ལ་ན་ཟུག་ཐེངས་མང་བསླངས་སོང་། མ་ཟད་ཁོས་བླངས་པའི་ཧིན་གཞས་དེས་ངས་ཁྱེད་ཅག་ལ་བཅིངས་པའི་ཡར་སེམས་དེ་ཕྱིར་ཕུད་བཏང་སོང་། སྐབས་དེར་ངོ་མ་སྐྱོ་བྱུང་། གལ་ཏེ་ཁྱེད་ཅག་མུ་མཐུད་དུ་འདི་ལྟར་ཕྱིན་ན་ཁྱེད་ཅག་གི་ལས་འགུལ་གྱི་ངོ་བོ་ནག་སུབ་དུ་མི་གཏོང་བའི་ངེས་པ་མི་འདུག་གོ།

    Reply
  5. རིག་པའི་བུ། says:
    ལོ་ 13 སྔོན།

    གསར་འགྱུར་རིང་པོ་འདུག ཡིན་ནོར་མང་པོ་འདུག ནང་དོན་གསལ་བོ་ཞིག་གོ་ཐུབ་མ་སོང་་

    Reply
  6. ཨ་བྱམས། says:
    ལོ་ 13 སྔོན།

    ད་ལྟའི་ང་ཚོ་བོད་ཀྱི་གནས་བབ་དང་མཐུན་པའི་སྒོ་ནས་གཞས་སྣ་འཁྲབ་སྟོན་གཙོས་སྒྱུ་རྩལ་རིགས་ཀྱིས་ཀྱང་འཛམ་གླིང་སྤྱི་དང་། ལྷག་པར་དུ་བཙན་བྱོལ་གྱི་བོད་མི་དག་གི་གོ་རྟོགས་སད་པར་བྱེད་དགོས་པ་ནི་ཁ་ཚ་དགོས་གཏུགས་ཆགས་འདུག དེར་བརྟེན་བཙན་བྱོལ་གྱི་གཞས་པ་སེམས་ཤུགས་ཅན་ཁག་ཅིག་གིས་《བོད་ཀྱི་རོལ་དབྱངས་མཐུན་ཚོགས》ཞེས་པ་གསར་འཛུགས་ཀྱིས་འདི་ལྟར་ལས་འགུལ་ཞིག་གིས་འགོ་བསླངས་བ་ནི་རྗེས་སུ་ཡི་རངས་ལོས་བྱེད། འོན་ཀྱང་། གཞས་པ་ཁག་གིས་གཟབ་གཟབ་བྱེད་དགོས་པ་ནི་སྦྲགས་སྐད་མི་རྒྱག་རྒྱུ་དང་། རང་ལུས་མེར་མཆོད་གྱི་དཔའ་བོ་དག་གི་ཆོད་སེམས་མཚོན་པར་བྱེད་པའི་གཞས་གཏོང་རྒྱུ་ནི་གནད་དོན་ངོ་མ་བོ་ཡིན་པ་བརྗེད་མི་ཉན་པ་དེ་རེད།

    Reply
  7. མི་ཉག་བཙན་པོ says:
    ལོ་ 13 སྔོན།

    གཞས་པ་རྣམས་ཀྱིས་ཚོགས་པ་ཞིག་་གསར་འཛུགས་གནང་བ་དང་ལས་འགུལ་སྤེལ་རྒྱུའི་འཆར་སྣང་དེ་དག་ལ་ཡི་རང་དང་བསྔགས་བརྗོད་ཡོད།་རྒྱབ་སྐྱོར་ཡོད།

    Reply
  8. ཚངས་གསར་འཕྲིན་ལས། says:
    ལོ་ 13 སྔོན།

    རྩ་བའི་ཆ་ནས་ཁྱེད་ཚོར་རྒྱབ་སྐྱོར་ཡོད་པར་མ་ཟད་བོད་དོན་བརྒྱུད་སྒྲོག་བྱེད་པར་ལས་འགུལ་འདིའི་རིགས་དགོས་གལ་ཆེ་བས་བསྔགས་བརྗོད་ཀྱང་ཡོད། འོན་ཀྱང་ཁ་བྱང་དང་དམིགས་ཡུལ་མཐུན་པའིི་གཞས་རེ་གཉིས་ལས་མེད་པས་རྗེས་ཕྱོགས་དེའི་ཐད་ཐུགས་གཞིག་དགོས་གལ་ཆེ།

    Reply
  9. ཨ་རིག་དགེ་མཐོང་། says:
    ལོ་ 13 སྔོན།

    ཁྱེད་ཅག་གི་ཀུན་སློང་རྣམ་པར་དག་པའི་བྱ་འགུལ་དེ་ལེགས་འགྲུབ་ཡོང་བར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese