ཁ་སང་གཟའ་ལྷག་པའི་ཉིན་རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ་ལགས་ཀྱི་སྐུ་ཕུང་རྒྱ་གཞུང་གི་དམ་དྲག་འོག་ཞུགས་འབུལ་བྱས་འདུག
ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡།༠༠ ཙམ་ལ་མདོ་སྨད་གཙོད་དགོན་པའི་མཆོད་རྟེན་ཉེ་འགྲམ་དུ། གཙོད་ཁ་སོག་འབྲོང་ལྕེ་སྡེ་བའི་རང་ལོ་ ༥༧ ཡིན་པའི་རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ་ལགས་ཀྱིས། རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་སྐུ་གྲོངས་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་མང་ཚོཊ་ཀྱིས་ཁོང་གི་སྐུ་ཕུང་གཙོད་གྲོང་ཁྱེར་གྱི་དུར་ཁྲོད་དུ་གདན་ཞུས་ཀྱིས་ཞུགས་འབུལ་གནང་ཡོད་འདུག སྐབས་དེར་རྒྱ་ནག་གཞུང་གིས་གྲོང་ཁྱེར་མཐའ་འཁོར་དུ་ཡོད་པའི་སྡེ་བ་ཁག་དང་དུར་ཁྲོད་ཀྱི་རི་མགོ གཙོད་གྲོང་ཁྱེར་གྱི་སྲང་ལམ་ཁག ལས་ཁུངས་སོ་སོའི་ཁང་པའི་ཀླད་སོགས་སུ་དམག་མི་མང་པོ་འགྲེམས་འཇོག་དང་། ཉིན་གང་བོར་གྲོང་ཁྱེར་ནང་དམག་མི་འབོར་ཆེན་རུ་བསྒྲིགས་ཏེ་སྐོར་སྐྱོད་ལྟ་རྟོག་བྱས་ཡོད་ཀྱང་། ས་གནས་མི་མང་གི་རྒྱ་གཞུང་གིས་དམ་དྲག་བྱས་མིན་ལ་མིན་ལ་མ་ལྟོས་པར། བོད་མི་མང་པོ་དུར་ཁྲོད་དུ་འཛོམས་ཏེ་འདས་པོ་ཁོང་ལ་མྱ་ངན་དང་བསྔོ་སྨོན་བཅས་གནང་ཡོད་འདུག