སྤྱི་འཐུས་ཀྱིས་སྣེ་འཁྲིད་པའི་བདེན་པའི་མེ་ལྕེ་དེ། རཱ་ཇི་སི་ཐན་གྱི་གྲོང་ཁྱེར་ཇེལ་ཕོར་གཙོས་ས་གནས་ཁག་ཅིག་ཏུ་སྐོར་སྐྱོད་གནང་ཡོད་འདུག
སྤྱི་འཐུས་ཀྱིས་སྣེ་འཁྲིད་པའི་བདེན་པའི་མེ་ལྕེ་རྒྱ་གར་ལྷོ་ཕྱོཊ་གྷོ་ཇི་རཱ་ཐི་ནང་སྐོར་སྐྱོད་གྲུབ་སྟེ། ཕྱི་ཚེས་ ༡༤ ཉིན་ས་གནས་བོད་རིཊ་མང་ཚོཊ་ཀྱི་ཕེབས་བསུའི་འོག་རཱ་ཇི་སི་ཐན་གྱི་གྲོང་ཁྱེར་ཇེལ་ཕོར་དུ་འབྱོར་ཡོད་ཅིང་། ཉིན་དེའི་ཕྱི་དྲོར་བོད་མི་མང་སྤྱི་ཀརྨ་ཡེ་ཤེས་ལཊ་གཙོས་འབྲེལ་ཡོད་མི་ཁག་ཅིག་གིས། རཱ་ཇི་སི་ཐན་མངའ་སྡེ་གྲོས་ཚོཊ་ཀྱི་ཕྱོཊ་འགལ་ཚོཊ་པའི་དབུ་ཁྲིད་གཞོན་པ་སྐུ་ཞབས་གྷན་ཤམ་ཏི་ཝ་རི (Ghanshyam Tiwari) ལཊ་དང་མཇལ་འཕྲད་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་བོད་དོན་རྒྱབ་སྐྱོར་གྱི་མཚན་རྟཊ་བསྡུ་རུབ་གནང་ཡོད་འདུག་ལ། སྐབས་དེར་མེ་ལྕེ་སྐོར་སྐྱོད་ཚོཊ་པས་མངའ་སྡེའི་ཤེས་རིག་བློན་ཆེན་མཆོག་གི་ཡབ་དགོངས་པ་རྫོཊ་པར་ཐུཊ་གསོ་དང་། བློན་ཆེན་མཆོག་གིས་བོད་དོན་ཐོག་འགྱུར་མེད་ཀྱི་རྒྱབ་སྐྱོར་གནང་བར་ཡི་རངས་བསྔཊ་བརྗོད་གནང་ཡོད་འདུག
ཕྱི་ཚེས་ ༡༦ ཉིན་མེ་ལྕེ་སྐོར་སྐྱོད་ཚོཊ་ཆུང་གིས་ཇེལ་ཕོར་གསར་འགོད་མཐུན་ཚོཊ་ཀྱི་ཚོཊ་ཁང་དུ་གསལ་བསྒྲཊ་ཤིག་སྤེལ་ཏེ། སྤྱི་འཐུས་ཀརྨ་ཡེ་ཤེས་ལཊ་ཀྱིས་རླུང་བརྙན་འཕྲིན་དང་གསར་ཤོག་བཅས་ཀྱི་གསར་འགོད་པ་ ༣༠ ཙམ་ལ། བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་དམིཊ་ཡུལ་དང་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས། བོད་ནང་ད་བར་བོད་མི་ ༥༥ ཡིས་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེཊ་བཏང་ཡོད་ཚུལ། རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་གཏོང་བཞིན་ཡོད་སྐོར། བོད་ཀྱི་གནད་དོན་ཨེ་ཤ་ཡའི་བདེ་འཇཊ་དང་འབྲེལ་བ་ཡོད་སྐོར་བཅས་ངོ་སྤྲོད་གནང་ཡོད།
ཕྱི་ཚེས་ ༡༧ ཉིན་རཱ་ཇི་སི་ཐན་མངའ་སྡེའི་གྲོས་ཚོཊ་ཚོཊ་གཙོ་སྐུ་ཞབས་རྡི་སྤེན་རྡ་ར་སིང་ཤེ་ཁ་ཝ་ཏེ་མཆོག་དང་མཇལ་འཕྲད་གནང་སྟེ། མེ་ལྕེ་སྐོར་སྐྱོད་ཀྱི་དམིགས་ཡུལ་དང་བོད་ནང་གི་མེར་བསྲེཊ་གནས་ཚུལ་བཅས་ངོ་སྤྲོད་གནང་སྟེ། ཚོཊ་གཙོར་བོད་དོན་ཞུ་ཡིག་ཅིག་འབུལ་ལམ་ཞུས་སྐབས། ཚོཊ་གཙོ་མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་མཚན་རྟཊ་བཀོད་དེ་མ་འོངས་པར་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་ཡོད་པ་མ་ཟད། ཞུ་ཡིག་དེ་རྒྱ་གར་དབུས་ཕྱི་སྲིད་ལས་ཁུངས་སུ་འབུལ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག དེ་བཞིན། ཉིན་དེར་ཀརྨ་ཡེ་ཤེས་ལགས་ཀྱིས་ས་གནས་དེར་གོ་སྒྲིག་ཞུས་པའི་༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོཊ་གསེར་གྱི་གཟེངས་རྟཊ་བཞེས་པའི་དུས་དྲན་མཛད་སྒོར་མང་ཚོཊ་ལ་མེ་ལྕེ་སྐོར་སྐྱོད་དང་བོད་ནང་གི་གནས་སྟངས་ངོ་སྤྲོད་དང་། དེའི་རྗེས་ཁོང་གིས་རཱ་ཇི་སི་ཐན་གཙུག་ལག་སློབ་གྲྭའི་དགེ་སློབ་སྐོར་ཞིག་ལ། བཙན་བྱོལ་བོད་མི་མང་གཙོ་འཕེལ་རིམ་དང་རྒྱ་གཞུང་གི་དབང་བསྒྱུར་འོག་བོད་མི་རིཊ་ཀྱི་ཆོས་དང་རིག་གཞུང་། མི་རིཊ་ངོ་བོ་རྩ་བརླག་ཏུ་འགྲོ་བཞིན་པ་ནན་བརྗོད་གནང་འདུག
ཕྱི་ཚེས་ ༡༨ ཉིན་ཀརྨ་ཡེ་ཤེས་ལགས་ཀྱིས་སྣེ་འཁྲིད་པའི་བདེན་པའི་མེ་ལྕེ་དེ་རཱ་ཇི་སི་ཐན་མངའ་སྡེའི་གྲོང་ཁྱེར་ཇོ་ཐོ་སྤུར་དང་། ཨུ་དྷེ་སྤུར། ཇེ་སྤུར་སོཊ་སུ་སྐོར་སྐྱོད་སྐབས་མངའ་སྡེའི་ཆབ་སྲིད་པ་དང་ཤེས་ཡོན་ཅན། དམག་སྤྱི་ཟུར་པ། ཁྲིམས་རྩོད་པ། གསར་འགོད་པ། སློབ་ཕྲུག་བཅས་ཀྱིས་རྒྱབ་སྐྱོར་ཤུཊ་ཆེར་གནང་ཡོད་འདུག
རཱ་ཇི་སི་ཐན་གྱི་མེ་ལྕེ་སྐོར་འགྲུབ་རྗེས་ཕྱི་ཚེས་ ༡༩ ཉིན་ནས་མུ་མཐུད་རྒྱ་གར་མ་དྷ་ཡ་སྤ་ར་རྡ་ཤེ་ (Madhaya Pradesh) མངའ་སྡེའི་རྒྱལ་ས་བྷོ་སྤལ་ (Bhopal) ནང་སྐོར་སྐྱོད་གནང་འཆར་ཡོད་འདུག
གསར་འགོད་པ། དཔལ་ལྡན།