མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གནད་དོན་དེ་མ་འོངས་པར་ཛ་དྲག་ཆགས་མི་སྲིད་པ་མ་རེད།

བོད་ཀྱི་དུས་བབ།
༢༠༡༢/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ངྷ་སར་ཚོགས་པ་དང་བསྟུན་ཏེ་ཧྥ་རན་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་སུ་གནས་ཚུལ་ཁག་ཅིག་གི་ཐོག་བཅར་འདྲི་ཞུས་ཡོད།

    དྲི་བ། སྤྱི་ཚོགས་ནང་དམིགས་བསལ་ཚོགས་ཆེན་གྱི་གྲོས་ཆོད་མང་ཆེ་བ་ནི་བསམ་ཚུལ་དང་རེ་འདུན་ཙམ་ལས།  ཉམས་ཞིབ་རང་བཞིན་ལྡན་པའི་ཐབས་ལམ་རིགས་མི་འདུག་པའི་བསམ་ཚུལ་གླེང་མཁན་འདུག  ཐེངས་འདིའི་ཚོགས་ཞུགས་མི་འགྲོའི་ཐད་དགོངས་ཚུལ་ག་རེ་ཡོད་དམ།

    ལན། ཆབ་སྲིད་ཀྱི་ལས་དོན་ཆེ་ཆུང་གང་བསྒྲུབས་ཀྱང་། སྤྱི་ཚོགས་ནང་སྐད་ཆ་འདྲ་མིན་བཤད་མཁན་ཡོང་གི་རེད། ཚོགས་བཅར་བ་སུ་ཡོང་མིན་ཐད་འདས་པའི་ཉམས་མྱོང་ལ་གཞིགས་ཏེ་གནད་ཡོད་མི་སྣ་གདན་ཞུ་གནང་འདུག ཚོགས་བཅར་བ་སྒེར་གྱི་བསམ་ཚུལ་ཙམ་མིན་པར་ས་གནས་ཁག་གི་བསམ་ཚུལ་ཁྱེར་ཡོང་ཡོད་པ་རེད། གཞི་རིམ་མང་ཚོགས་ཀྱི་ངོས་ནས་བསམ་ཚུལ་ཡག་པོ་ཞིག་ཁྱེར་ཡོང་ཐུབ་ཡོད་མེད་དེ། གཞི་རིམ་མང་ཚོགས་རང་ངོས་ཀྱི་ཤེས་འཇོན་ལ་རག་ལས་ཡོད་རེད། མང་ཚོགས་ཀྱི་བསམ་ཚུལ་ལེགས་ཉེས་དང་ཚོགས་ཆེན་ལ་འབྲེལ་བ་ཡོད་མེད་ཐད། གང་ཟག་སོ་སོའི་ལྟ་ཚུལ་འཁྱེར་སྟངས་ཀྱི་ཐོག་ནས་མཐའ་གཅིག་ཏུ་འདི་རེད་དང་འདི་མ་རེད་ཀྱི་སྐད་ཆ་བཤད་ཁག་པོ་རེད། ད་རེབ་ཕྱོགས་མཐའ་ཁག་ནས་ལས་རིགས་འདྲ་མིན་དང་ལས་ཀ་འདྲ་མིན་བྱེད་མཁན་གྱི་མི་སྣ་མང་པོ་ཞིག་འཛོམས་ཏེ་བསམ་ཚུལ་ཕྱོགས་གཅིག་ཏུ་སྤུངས་ཡོད་པ་རེད། རིག་པའི་སྒོ་མོ་འབྱེད་ཐུབ་པ་དང་ཐབས་ལམ་འདྲ་མིན་གང་ལ་གང་འཚམ་བསྡུ་ཐུབ་ཡོད་པ་རེད་བསམ། 

    དྲི་བ། ཐེངས་འདིའི་ཚོགས་ཆེན་ལ་འགྲོ་གྲོན་ཧིན་སྒོར་འབུམ་ ༦༠ ལྷག་བཏང་ཡོད་པ་རེད། ཚོགས་ཆེན་གྱི་གྲོས་ཆོད་ཁག་ལ་ཁྲིམས་ཀྱི་ནུས་པ་མེད་པའི་ཐད། ཁྱེད་རང་ཚོགས་ཞུགས་པ་ཞིག་གི་ངོས་ནས་བསལ་ཚུལ་ག་རེ་ཡོད། 

    ལན། ཚོགས་ཆེན་སྐབས་ཀྱི་མི་སྒེར་གྱི་བསམ་ཚུལ་ཡོངས་རྫོགས་གྲོས་ཆོད་དང་སྲིད་ཇུས་ཀྱི་ངོ་བོར་ལག་ལེན་བསྟར་ཐབས་ཡོད་པ་མ་རེད། ཚོགས་ཆེན་ཐོག་གི་བསམ་ཚུལ་དེ་སྤྱི་ཚོགས་ཀྱི་གནས་སྟངས་མཚོན་པའི་མེ་ལོང་ལྟ་བུ་ཞིག་རེད་མ་གཏོགས། གང་ཟག་བྱེ་བྲག་པའི་བསམ་ཚུལ་རྣམས་ལམ་སེང་ངོས་ལེན་དང་འདོད་པ་ཁེངས་པ་ཞིག་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་གང་འདྲ་ཞིག་གིས་ཀྱང་གནང་ཐབས་ཡོད་པ་མ་རེད། རྒྱལ་ཁབ་ཀྱི་ཁྲིམས་བཟོའི་དབང་ཆ་གྲོས་ཚོགས་ལ་ཡོད་པ་རེད། གྲོས་ཚོགས་ཀྱིས་ལག་པ་མ་འཆང་བ་ཡིན་ན་ཁྲིམས་ཀྱི་ནུས་པ་ཤིག་ཡོང་ས་ཡོད་པ་མ་རེད། ཁྲིམས་ཀྱི་ནུས་པ་ཡོད་པ་མ་རེད་ཅེས་སྒྲོག་པ་དང་བློ་ཕམ་བྱེད་པ་དེ་ནི། དམངས་གཙོའི་སློབ་སྦྱོང་དང་འགྲོ་སྟངས་ཤེས་ཀྱི་མེད་པའི་རྟགས་རེད། ཚོགས་ཆེན་ཐོག་བསམ་ཚུལ་ཁྱེར་ཤོག་ལབ་ཡོད་པ་ལས་ཁྲིམས་འཆར་ཁྱེར་ཤོག་ལབ་ཡོད་པ་མ་རེད། དེ་བཞིན། བསམ་ཚུལ་ཚང་མ་གྲོས་ཚོགས་ལ་འགྲོ་དགོས་པའི་ཁྱབ་ཀྱི་མ་རེད། རིགས་གཅིག་ཁྲིམས་ཀྱི་ངོ་བོར་འགྲོ་མི་དགོས་པར་འཛིན་སྐྱོང་བཀའ་ཤག་གིས་བཀའ་རྒྱའི་ཚུལ་དུ་ལམ་སེང་ལག་བསྟར་བྱེད་རྒྱུའི་རིགས་ཤིག་ཡོད་པ་རེད། དེ་གཞི་འཛིན་ས་ནི་ཚོགས་བཅར་བའི་བསམ་ཚུལ་དང་གྲོས་ཆོད་ལྟར་ལག་བསྟར་བྱེད་ཀྱིན་ཡོད་པ་རེད། གཞུང་དང་མི་མང་བར་ཡིད་ཆེས་དགོས་པ་གལ་ཆེན་པོ་རེད། མི་མང་གི་འོས་ཤོག་བླུགས་ས་དེར་ཡིད་ཆེས་བྱས་ཏེ་འོས་ཤོག་བླུགས་ཡོད་པ་རེད། ཁོང་ཚོས་ལག་ལེན་བསྟར་གྱི་ཡིན་ཞེས་ལབ་སྐབས་ང་ཚོའི་ངོས་ནས་ཡིད་ཆེས་དང་ཆ་འཇོག་བྱ་རྒྱུ་དེ་དམངས་གཙོའི་འགྲོ་སྟངས་རེད། ལས་དོན་རིགས་གཅིག་ཁྲིམས་བཟོ་ལྷན་ཚོགས་ཀྱིས་ལག་པ་འཆང་སྟེ་བགྲོ་གླེང་བྱས་རྗེས།  ཕུགས་རྒྱང་རིང་པོའི་ལས་དོན་ཐོག་འགྲོ་དགོས་པའི་རིགས་ཁྲིམས་ཐོག་ལ་བསྒྱུར་ཐུབ་པ་རེད་བསམ།

      དྲི་བ།  ད་ལྟའི་བཀའ་ཤག་གི་ངོས་ནས་རྒྱལ་སྤྱིའི་ཐོག་འབྲེལ་ལམ་འཛུགས་ཕྱོགས་ཐད་དགོངས་ཚུལ་ག་རེ་ཡོད་དམ།

    ལན།  དེང་སྐབས་ཕྱི་རྒྱལ་ཁག་ཏུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་ཀྱི་ངོས་ནས་གྲོས་ཆོད་རག་རྒྱུའི་རིམ་པ་ཞིག་འགྲོ་བསྡད་ཡོད་པ་རེད། ང་སྒེར་གྱི་བསམ་ཚུལ་ལྟར་ན། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་འབྲེལ་ཡོད་བོད་དོན་རྒྱབ་སྐྱོར་གྱི་ལས་ཀ་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གནང་དགོས་པ་ཞིག་རེད་བསམ། འཛིན་སྐྱོང་བཀའ་ཤག་གིས་མ་འོངས་པར་གནང་དགོས་པ་དེ་ནི། ཨ་རི་དང་ཧྥ་རན་སི་སོགས་སྟོབས་ཆེན་རྒྱལ་ཁབ་དག་གི་གཞུང་གི་སྐུ་ཚབ་ཕྱི་སྲིད་ལས་ཁུངས་རྣམས་རེད། དེའི་སྐོར་གྱི་མི་སྣ་དང་། དེ་དང་འབྲེལ་ཡོད་སྲིད་བློན་དང་སྲིད་འཛིན་ལས་ཁུངས་ཁག་ལ་འབྲེལ་བ་བཙུགས་ཏེ། བོད་ནང་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་དྲག་པོའི་གཞུང་ལ་ངོ་རྒོལ་བྱེད་བཞིན་པ་དེར། ཁོ་ཚོར་ལྟ་ཚུལ་ཅི་ཞིག་ཡོད་མེད་དང་། རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱིས་བོད་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས། ༸གོང་ས་མཆོག་བོད་ལ་གདན་འདྲེན་བྱེད་དགོས་ཞེས་པའི་མངོན་འདོད་ཁག་ལ། ཁོ་ཚོའི་ངོས་ནས་རྒྱབ་སྐྱོར་ཡོད་མེད་གསལ་པོ་འདྲི་དགོས་པ་རེད། དེར་ངོ་ཚ་དགོས་པ་དང་འཁུམ་དགོས་པ་གང་ཡང་མི་འདུག་བསམ། དེ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྲོ་སྟངས་ཤིག་རེད་མ་གཏོགས། ལྟོ་གོས་སློང་མོ་རྒྱག་གི་ཡོད་པ་མ་རེད། མི་རིགས་ཤིག་གི་ཆེ་མཐོང་ཁུར་ཏེ་མི་རིགས་དེའི་བདེ་སྡུག་རྒྱལ་ཁབ་གཞན་དག་ལ་ཞུ་དགོས་པ་དེ་ང་ཚོའི་མཐོ་རིམ་མི་སྣ་ཚོའི་འགན་རེད།

   དྲི་བ། བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་ ༥༡ བྱུང་ཡོད་པ་རེད། རྒྱལ་སྤྱིའི་ཆབ་སྲིད་སྡིངས་ཆའི་སྟེང་ནུས་པ་ག་འདྲ་ཞིག་ཐོན་མེད་ཐད་དགོངས་ཚུལ་ག་རེ་ཡོད་དམ། 

    ལན།  ད་ལྟའི་ཆར་བོད་ནང་ཛ་དྲག་གནས་སྟངས་ཆགས་ཡོད་པ་དེ། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱིས་གཅིག་གྱུར་ཐོག་ངོས་འཛིན་ཡོད་པ་རེད། ཡིན་ནའང་། རྒྱལ་སྤྱིའི་ཐོག་ནས་བོད་མི་ ༥༡ རང་ལུས་མེར་བསྲེགས་བཏང་བ་ནང་བཞིན་གྱི་རིན་ཐང་ཞིག་ང་ཚོར་རག་ཐུབ་ཡོད་པ་མ་རེད། དེ་རྒྱུ་མཚན་གང་ལ་ཐུག་ཡོད་མེད་ངས་གསལ་པོ་ཤེས་ཀྱི་མེད། ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས་བོད་ནང་ཛ་དྲག་གནས་སྟངས་ལ་གཞིགས་པའི་བློ་འཚབ་ཡོད། སེམས་ཁྲལ་ཡོད་ཟེར་བའི་གསར་འགོད་བསྒྲགས་གཏམ་དེ་འདྲ་ཡོང་གི་འདུག ཡིན་ནའང་། དོན་དམ་པའི་ཐོག་ནས་འཛམ་གླིང་ཐོག་གནས་ཚུལ་ཛ་དྲག་བྱུང་བའི་སྐབས་ལ། ནུབ་ཕྱོགས་རྒྱལ་ཁབ་ཀྱི་རྣམ་འགྱུར་སྟོན་སྟངས་དེ་འདྲ་ཞིག་མ་རེད། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཕྱི་འབྲེལ་མི་སྣ་དང་སྲིད་འཛིན་གྱི་མགྲིན་ཚབ་པས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དང་མི་མང་ལ་དྲག་གནོན་བྱས་པའི་གནད་དོན་ལ་མཐའ་གཅིག་ཏུ་སྐྱོན་བརྗོད་དང་། མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་མཚམས་འཇོག་བྱེད་དགོས་པ་སོགས། ཁྲིམས་དང་ཆབ་སྲིད་ཀྱི་ཐ་སྙད་བེད་སྤྱོད་བཏང་སྟེ། ཆབ་སྲིད་ཀྱི་བརྒྱུད་ལམ་ཁག་ནས་དྲིལ་བསྒྲགས་གནང་དགོས་ཀྱི་ཡོད་པ་རེད།

    དྲི་བ།  རྒྱ་གཞུང་གིས་ཕྱོགས་ཡོངས་ནས་བོད་མི་རིགས་རྩ་མེད་དུ་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བཞིན་ཡོད་པ་རེད།  ཁྱོད་ཀྱིས་བོད་ནང་རང་ལུས་མེར་བསྲེགས་མ་ཡིན་པའི་གདོང་ལེན་བྱེད་ཐབས་གཞན་གང་འདྲ་མཐོང་གི་ཡོད། 

    ལན། དེའི་ཕྱོགས་ནས་ལས་འགུལ་མང་པོ་ཡོད་པ་རེད་བསམ་གྱི་འདུག བོད་ནང་རྒྱ་གཞུང་གིས་ཐབས་ལམ་འདྲ་མིན་ཐོག་འབྲོག་པ་གནས་སྤོར་བྱ་དགོས་པའི་བཙན་བཀའ་གཏོང་གི་ཡོད་པ་རེད། འདིའི་ཐད་བོད་ནང་གི་བོད་མི་ཚོས་དབང་བསྒྱུར་བའི་འཆར་འགོད་ལ་མཉམ་འབྲེལ་མི་བྱེད་པའི་ལས་འགུལ་ཞིག་སྤེལ་དགོས་ཀྱི་འདུག བོད་མིའི་འཚོ་བའི་གོམས་གཤིས་དང་ཁོར་ཡུག ཡུལ་མི་དང་ལྷ་ཀླུ་གཞི་བདག་གི་འབྲེལ་བ། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་སྲུང་སྐྱོབ་ཆེད་འགྲོ་རྒྱུ་མིན་ཞེས་བཤད་ཆོག་གི་རེད། ཡིན་ནའང་འཚེ་མེད་ཞི་བའི་རྒྱ་ལས་མ་བརྒལ་བ་གནང་རྒྱུ་གལ་ཆེན་པོ་རེད། རྒྱ་གཞུང་གིས་ཟ་མ་འདི་ཟོ་དང་ཆང་འདི་འཐུང་ཞེས་བཤད་སྐབས་འཐུང་རྒྱུ་ཡོད་པ་མ་རེད། ང་ཚོ་བོད་པ་ཚོའི་ངོས་ནས་བོད་ཆས་དང་བོད་ཟས་སྤྱོད་པ། རྒྱ་མིར་དཔལ་འབྱོར་གྱི་མཐུན་རྐྱེན་མ་སྤྲད་པར་བོད་པ་རང་གི་ལག་ནས་ཉོ་ཚོང་བྱེད་པ། བོད་པའི་ལས་བྱེད་ཚོའི་ངོས་ནས་ཀྱང་རྒྱ་ནག་གཞུང་གིས་བཀའ་གང་བཏང་བ་དེ་ལག་ལེན་བསྟར་རྐྱང་བྱས་ན་དེ་ནོར་འཁྲུལ་རེད། མི་རིགས་ཀྱི་ལྟ་བ་དང་ལངས་ཕྱོགས་འཛིན་དགོས་པ་རེད། དེང་སྐབས་རྒྱ་གཞུང་གི་ལས་ཁུངས་ནང་ལས་ཀ་བྱེད་རྒྱུ་ཞིག་ཡོད་པ་དེ་ཡང་གཞི་རིམ་བོད་རིགས་མི་མང་ལ་བརྟེན་ནས་བྱུང་བ་ཡིན་སྟབས། བོད་ཅེས་པའི་མི་རིགས་འདི་མེད་པ་ཆགས་ན་ནམ་ཞིག་ཁོང་ཚོ་ཡང་ལས་མེད་ཆགས་རྒྱུ་ཡིན་པ་དང་། རྒྱ་ནག་གཞུང་ལ་མི་བསྟུན་པའི་ལས་འགུལ་སྣ་ཚོགས་སྤེལ་དགོས་རེད་བསམ། 

    དྲི་བ། ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་པའི་ཆོས་ཚོགས་དང་བོད་རིགས་ཚོགས་པ་ཁག་གི་ངོས་ནས་ཁྲོམ་སྐོར་ཙམ་མིན་པར། ཕྱིའི་རྒྱལ་ཁབ་ཀྱི་འགྲོ་ལུགས་དང་མཐུན་པའི་སྒོ་ནས་གཞུང་དང་མི་མང་ནང་ནུས་པ་ཐོན་པའི་ལས་འགུལ་ག་རེ་སྤེལ་དགོས་ཀྱི་འདུག  

      ལན། ཁྲོམ་ལམ་དུ་ངོ་རྒོལ་བྱེད་ཀྱིན་པ་དེ་བཙན་བྱོལ་སྤྱི་ཚོགས་ནང་སྔོན་མ་ནས་ཡོད་པ་རེད། དེར་གྲུབ་འབྲས་ཆེན་པོ་ཞིག་ཐོན་རྒྱུ་ཁག་པོ་རེད། ཕྱི་རྒྱལ་ན་ཡོད་པའི་བོད་མི་ཚོས་བོད་ཀྱི་ནང་ཆོས་དང་འབྲེལ་བའི་ཐོག་ནས་ང་ཚོར་སྟོབས་དང་ནུས་པ་ཞིག་ཡོད་པ་དེ་བེད་སྤྱད་ནས། རིག་གཞུང་དུས་ཆེན་སོགས་ཀྱི་ལས་འགུལ་སྤེལ་དགོས་པ་རེད་བསམ་གྱི་འདུག  ཧྥ་རན་སིར་མཚོན་ན་འདས་པའི་ལོ་བཞི་ལྷག་གི་རིང་རིག་གཞུང་དུས་སྟོན་ཚོགས་ཡོད་པ་རེད།  ཉིན་གཅིག་རིང་མི་ ༣༠༠༠ ཡས་མས་ཤིག་འཛོམས་ཐུབ་ཀྱི་འདུག དེས་ཕྱོགས་གཅིག་ནས་བོད་ཀྱི་ཟས་གོས་དང་། ཟློས་གར། ཆོས་དང་རིག་གཞུང་ཁྱབ་བསྒྲགས་དང་། དེ་དང་བསྟུན་ནས་བོད་ནང་གི་ཆབ་སྲིད་གནས་སྟངས་སྐོར་གྱི་པར་རིས་འགྲེམས་སྟོན་གྱིས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱེད་ཐུབ་ཀྱི་འདུག དེ་བཞིན། ཧྥ་རན་སི་དང་ཡུ་རོབ། བྱང་ཨ་རི་བཅས་ཀྱི་བོད་མི་མང་པོ་ཞིག་ལ་རིམ་གྱིས་ཡུལ་མིའི་ཐོབ་ཐང་ལག་འཁྱེར་རག་གི་ཡོད་པ་རེད། ལག་འཁྱེར་རག་མཁན་ཚོས་བོད་མི་སྐྱབས་བཅོལ་བ་ཡིན་པའི་ངོས་ནས་སྐྱིད་སྡུག་ཞུ་རྒྱུ་ཙམ་མིན་པར། སོ་སོ་སྡོད་སའི་རྒྱལ་ཁབ་དེའི་མི་སེར་གྱི་ཐོབ་ཐང་བེད་སྤྱད་ནས། རྒྱལ་ཁབ་སོ་སོའི་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་རྣམས་ལ་འབྲེལ་བ་བྱས་ཏེ། རང་ཉིད་བོད་ནང་ཡོང་མཁན་གནས་སྡོད་རྒྱལ་ཁབ་གང་དེའི་མི་སེར་ཞིག་ཡིན་པའི་ངོས་ནས། བོད་ནང་གི་ཛ་དྲག་གནད་དོན་ལ་བློ་འཚབ་དང་དོ་སྣང་ཡོད་པ། བོད་ནང་གི་བོད་མིའི་དཀའ་ངལ་ལ་རྒྱབ་སྐྱོར་ཡོད་པ་དེ་གྲོས་ཚོགས་འཐུས་མི་ཚོར་ཕར་བརྡ་ལན་སྤྲོད་ཐུབ་རྒྱུར་འབད་བརྩོན་གནང་དགོས་པ་རེད། དེ་ལྟར་བྱས་ན་རིམ་པས་ནུས་པ་ཆེན་པོ་འཐོན་ཐུབ་ཀྱི་རེད་བསམ་གྱི་འདུག 

     དྲི་བ།  ཉིས་སྟོང་བརྒྱད་ལོའི་ས་བྱི་ཞི་རྒོལ་ཆེན་མོ་ནས་བཟུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་གནད་དོན་ཐོག་འཛིན་པའི་ལྟ་སྟངས་ལ་འགྱུར་བ་ག་རེ་ཕྱིན་ཡོད་པ་རེད།

    ལན།  སྔོན་ཆད་རྒྱ་ནག་གཞུང་ཚབ་ཁག་དང་དྲིལ་བསྒྲགས་ལས་ཁུངས་ཀྱིས་ཁྱབ་བསྒྲགས་ལྟར། བོད་ནི་ད་ལྟའི་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་སུ་འབོད་པ་དེ་འདྲ་ཞིག་ལ་གོ་བཞིན་པ་ཙམ་ལས། རྒྱ་ནག་གི་ཞིང་ཆེན་གཞན་དག་ནང་ཡོད་པའི་བོད་ཀྱི་ས་ཁུལ་རྣམས་ཞེ་དྲག་མགོ་འཚོས་ཀྱི་ཡོད་པ་མ་རེད། ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་དེ་བྱུང་བ་ནས་བཟུང་། ང་ཚོ་བོད་པའི་ངོས་ནས་ཕར་འགྲེལ་བཤད་རྒྱག་བཞིན་པའི་དངོས་ཡོད་ལོ་རྒྱུས་ནང་ཡོད་པའི་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པ་དེ་ཀོང་བུ་གཅིག་ལ་ངོས་འཛིན་ཡོང་གི་ཡོད་པ་རེད། ཆབ་སྲིད་ཀྱི་ས་ཁྲའི་ཐོག་ལ་ཕྱིའི་རྒྱལ་ཁབ་ཁག་གི་སྔར་གྱི་ལྟ་ཚུལ་ལ་འགྱུར་བ་ཐེབས་གྱི་འདུག དེ་ང་ཚོའི་རྒྱལ་ཁ་ཆེན་པོ་ཞིག་རེད་བསམ་གྱི་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ལའང་འགྱུར་བ་ཞིག་ཐེབས་ཡོད་པ་རེད།  སྔོན་ཆད་ང་ཚོ་བཙན་བྱོལ་བོད་མི་ནང་ཁུལ་ལ་མཚོན་ནའང་། བོད་ལ་ས་རྒྱ་ཆེན་པོ་ཡོད་པ་རེད་ཟེར་བ་ཙམ་ལས་མདོ་སྟོད་སྨད་ཀྱི་ས་ཆ་རྣམས་ག་འདྲ་ཡིན་པ་ཤེས་ཀྱི་མེད། ས་བྱི་ཞི་རྒོལ་ཆེན་མོས་རྗེས་ནས་བཟུང་། བཙན་བྱོལ་བོད་མིའི་ཁྲོད་དུའང་བོད་ཀྱི་ས་ཁམས་ལ་ཆ་རྒྱུས་དང་གོ་རྟོགས་མཐོ་རུ་སོང་འདུག 

     དྲི་བ། ད་ལྟའི་ཆར་ཧྥ་རན་སིའི་ནང་གཞུང་མང་གཉིས་ཀྱི་ངོས་ནས་བོད་དོན་ཐོག་དོ་སྣང་དང་རྒྱབ་སྐྱོར་གྱི་གནས་སྟངས་ག་འདྲ་འདུག

    ལན། ང་རང་ཧྥ་རན་སིར་སོང་ནས་ལོ་ ༡༤ ལྷག་ཕྱིན་སོང་། ཧྥ་རན་སིའི་མི་མང་གི་ངོས་ནས་བོད་པར་དགའ་བོ་དང་རྒྱབ་སྐྱོར་ཡོད་པ་རེད། དེང་སང་ལས་ཁུངས་འདྲ་མིན་ནང་བོད་མི་མང་པོར་ལས་ཀ་རག་བསྡད་ཡོད་པ་རེད། དེ་དག་གི་ལས་ཀ་བྱེད་རོགས་རྣམས་འཛམ་གླིང་ས་ཆ་གང་ས་གང་ནས་ཡོད། དེ་དག་གིས་བོད་པ་ཟེར་དུས་ཕྱིའི་གཟུགས་གཞིའི་ཆ་ན་ག་འདྲ་ཡོད་པ། བསམ་བློ་གཏོང་སྟངས་ག་འདྲ་ཡིན་པ། གཤིས་ཀ་ག་འདྲ་ཡིན་པ། བོད་པའི་འཐབ་རྩོད་དང་བདེ་སྡུག་སོགས་ཤེས་རྟོག་བྱུང་སྟེ་དེ་ཡིས་བོད་དོན་དྲིལ་བསྒྲགས་ཤུགས་ཆེན་པོ་འགྲོ་བཞིན་འདུག  ཧྥ་རན་སི་དང་ཨ་རི་ལྟ་བུར་མཚོན་ན་འཛམ་གླིང་རྒྱལ་ཁབ་མང་པོའི་མི་འགྲོ་ས་ཞིག་ཆགས་ཡོད་པ་རེད། དེར་དེང་སང་བོད་པ་མང་པོ་ཞིག་ནུབ་ཕྱོགས་ལ་ཡོང་བཞིན་པ་དེ་ལེགས་ཆ་ཞིག་རེད་བསམ་གྱི་འདུག ཧྥ་རན་སི་ལ་མཚོན་ན་བརྙན་འཕྲིན་ནང་ཟླ་བ་གཅིག་རེའི་ནང་བོད་ཀྱི་གནས་ཚུལ་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཞིག་མ་བསྟན་པ་ཧ་ལམ་ཡོད་པ་མ་རེད། བོད་དོན་དང་ཐད་ཀར་འབྲེལ་བ་ཡོད་པ་སྟོན་མ་ཐུབ་པ་ཡིན་ན་ལ་དྭགས་སྐོར་སྟོན་གི་རེད། གང་ལྟར་བོད་ཀྱི་ཆོས་དང་རིག་གནས་ཀྱི་ཤུགས་རྐྱེན་ཡོད་པའི་ས་ཞིག་ཏན་ཏན་སྟོན་གི་རེད། དེའི་རྒྱུ་མཚན། མང་ཚོགས་ལྟད་མོ་ལྟ་མཁན་ཚོའི་ནང་ན་དེའི་སྐོར་གྱི་དགོས་འདུན་དང་ལྟ་འདོད་ཡོད་མཁན་མང་པོ་ཡོད་སྟབས། དེ་ཡིན་གཅིག་མིན་གཅིག་སྟོན་དགོས་ཆགས་ཀྱི་ཡོད་པ་རེད། 

    དྲི་བ། ད་ལྟའི་བར་གྱི་བོད་རྒྱ་འབྲེལ་མོལ་གྱི་གྲུབ་འབྲས་ཐད་གདེང་འཇོག་དང་། མ་འོངས་པར་བོད་རྒྱའི་གནད་དོན་སེལ་ཐབས་ཐད་བསམ་ཚུལ་ག་རེ་ཡོད། 

     ལན། ཡུ་རོབ་གྲོས་ཚོགས་ཀྱིས་ ༢༠༠༡ ཕྱི་ཟླ་ ༦ པའི་ནང་། རྒྱ་ནག་གིས་བོད་དང་སྐད་ཆ་མ་བཤད་པ་ཡིན་ན། དྷ་རམ་སའི་བོད་མིའི་སྒྲིག་འཛུགས་ཏེ་ལོ་རྒྱུས་རང་བཞིན་ལྡན་པའི་བོད་མིའི་ཁྲིམས་མཐུན་སྲིད་གཞུང་ལ་ངོས་འཛིན་བྱ་རྒྱུ་ཡིན་སྐོར་བཤད་ཡོད་སྟབས། གཅིག་ནས་སྐབས་དེར་རྒྱ་ནག་ཏུ་ཨོ་ལིམ་ཕིག་རྩེད་འགྲན་གྲ་སྒྲིག་བྱེད་ཀྱིན་ཡོད་པ་དང་། གཉིས་ནས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྒང་ལ་གལ་ཆེན་པོ་ཆགས་རྒྱུ་རེད་བསམ་སྟེ། རྒྱ་གཞུང་གིས་ ༢༠༠༢ ནས་གྲོས་མོལ་གྱི་སྒོ་བསྐྱར་དུ་ཕྱེས་པ་རེད། དེ་དུས་ང་ཚོའི་བོད་གཞུང་གིས་གོ་སྐབས་ཤིག་དམ་འཛིན་བྱེད་ཐུབ་ཡོད་པ་མ་རེད། རྒྱ་མིས་སྐད་ཆ་བཤད་རྒྱུ་ཡིན་ཞེས་བརྗོད་པ་ལ་བརྟེན་ནས་ང་ཚོའི་ངོས་ནས་སྐད་ཆ་བཤད་པ་རེད། ཡིན་ནའང་། དེ་རྒྱ་གཞུང་གི་འཁྲབ་སྟོན་གྱི་རྣམ་པ་ཞིག་རེད་མ་གཏོགས་དོན་དམ་པའི་ཐོག་བོད་ཀྱི་དཀའ་ངལ་སེལ་རྒྱུའི་འདོད་པ་ཡོད་པ་མ་རེད། མ་འོངས་པར་རྒྱ་ནག་གི་མགོ་ཁྲིད་གསར་བ་དེ་ཚོས་བསམ་བློ་གཏོང་སྟངས་ཡག་པོ་བྱུང་བ་ཡིན་ན། བོད་ཀྱི་གནད་དོན་དེ་རྒྱ་ནག་དང་ཐད་ཀར་བཀའ་མོལ་གྱི་ལམ་ནས་སེལ་རྒྱུ་ནི་དབུ་མའི་ལམ་གྱི་དམིགས་ཡུལ་རེད། ཡིན་ནའང་། བོད་ཀྱི་གནད་དོན་དེ་མ་འོངས་པར་ཛ་དྲག་ཆགས་མི་སྲིད་པ་མ་རེད། རྒྱ་ནག་གིས་དམག་བེད་སྤྱོད་བཏང་སྟེ་དམར་གསོད་དྲག་གནོན་བྱས་པ་ལ་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེ་གཏོགས་བྱེད་དགོས་པ་ཡོང་སྲིད་ཀྱི་རེད། ང་ཚོས་ད་ལྟ་ནས་གཞི་རྩའི་ཁོར་ཡུག་ཅིག་བསྐྲུན་རྒྱུར་གྲ་སྒྲིག་བྱེད་དགོས་པ་རེད། བོད་འདི་མ་འོང་པར་དམག་དོན་གྱི་ས་ཆ་དང་རྡུལ་ཕྲན་ཚོད་ལྟ་བྱེད་ས། ཚད་བརྒལ་གྱི་གཏེར་ཁ་སྔོག་འདོན་བྱ་ཡུལ་དུ་མི་འགྱུར་བའི་ཆེད། ལྷོ་ཤར་ཨེ་ཤ་ཡའི་འཛམ་གླིང་གི་མི་འབོར་གྱི་བཞི་ཆ་གཅིག་གི་འཐུང་ཆུ་དང་འཚོ་གནས་བདེ་འཇགས་འབྲེལ་བ་ཡོད་པ་དེ་ཨེ་ཤ་ཡའི་རྒྱལ་ཁབ་ཚོར་ངོ་སྤྲད་དེ།  བོད་དོན་འདི་མི་རིགས་ཤིག་གི་རང་དབང་འཐབ་རྩོད་ཙམ་ཞིག་མ་ཡིན་པར། ཁོ་ཚོའི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཚོ་གནས་ཁོར་ཡུག་ལ་ཐད་ཀར་འབྲེལ་བ་ཡོད་པ་ཧ་གོ་བ་ཡིན་ན། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཕྱོགས་གཅིག་ཏུ་སྒྲིལ་བའི་ཐོག་ནས་ཤ་ཚ་དང་རྒྱབ་སྐྱོར་རག་ཡོང་གི་རེད།

 

གསར་འགོད་པ། ཚེ་རིང་རྒྱལ།

༼བོད་ཀྱི་དུས་བབ་ཚགས་ཤོག་སྤྱིའི་འདོན་ཐེངས་ ༥༦༨ ལས་བདམས་བཀོད་བྱས།༽

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༩ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 2

  1. གནས་ཚང་། says:
    ལོ་ 13 སྔོན།

    དམིགས་བསལ་ཚོགས་ཆེན་སྟེང་དུ་ས་གནས་ཀྱི་བསམ་ཚུལ་འཁྱེར་ཡོད་མཁན་གྱི་ཚོགས་ཞུགས་པ་ཞིག་ཡོད་སྲིད་ཀྱི་མ་རེད། ངོས་རང་བསྡད་སའི་ལུང་ཁུག་འདིའི་མི་རེ་གཉིས་ཤིག་ཚོགས་འདུ་དེར་ཞུགས་སོང་། ཡིན་ནའི། མང་ཚོགས་ལ་སྐད་ཆ་ཚིག་གཅིག་དྲིས་མ་སོང་། ས་གནས་གཞན་པ་དང་ཕྱི་རྒྱལ་ལུང་པ་ཁག་གི་གནས་སྟངས་ཀྱང་གཅིག་པ་རེད་ཅེས་ཁ་པར་བརྒྱུད་ནས་ཤེས་ཐུབ་ཀྱི་འདུག དེ་བས། ཐུབ་བསྟན་ཟེར་མཁན་འདིས་ག་རེ་ལབ་བསམ་གྱི་ཡོད་པ་རེད་དམ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ རྒྱ་གཞུང་གིས་ཟ་མ་འདི་ཟོ་དང་ཆང་འདི་འཐུང་ཞེས་བཤད་སྐབས་འཐུང་རྒྱུ་ཡོད་པ་མ་རེད། ང་ཚོ་བོད་པ་ཚོའི་ངོས་ནས་བོད་ཆས་དང་བོད་ཟས་སྤྱོད་པ། རྒྱ་མིར་དཔལ་འབྱོར་གྱི་མཐུན་རྐྱེན་མ་སྤྲད་པར་བོད་པ་རང་གི་ལག་ནས་ཉོ་ཚོང་བྱེད་པ། བོད་པའི་ལས་བྱེད་ཚོའི་ངོས་ནས་ཀྱང་རྒྱ་ནག་གཞུང་གིས་བཀའ་གང་བཏང་བ་དེ་ལག་ལེན་བསྟར་རྐྱང་བྱས་ན་དེ་ནོར་འཁྲུལ་རེད། མི་རིགས་ཀྱི་ལྟ་བ་དང་ལངས་ཕྱོགས་འཛིན་དགོས་པ་རེད། ་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese