མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་པ་ ༦ འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༢/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་སྤེན་པའི་ཉིན་རྒྱ་གཞུང་གིས་བསྐྱར་དུ་དབོན་པོ་དགོན་པའི་གྲྭ་པ་དྲུག་འཛིན་བཟུང་བྱས་ཏེ། ད་ཆར་དབོན་པོ་ཞང་ཐོག་ཏུ་བཀག་ཉར་བྱས་འདུག

རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པའི་གྲྭ་བྱམས་པ་ཡོན་ཏན་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༥ ནས་ ༡༩ བར་རྒྱ་ནག་གཞུང་གིས་རྫ་ཆུ་ཁ་དབོན་པོ་ཞང་དུ་རྒྱ་དར་བསྒྲེངས་འཛུགས་དང་། ངོ་རྒོལ་གྱི་ལས་འགུལ་རིམ་པ་བྱུང་བའི་ཐད་དོགས་གཞི་ཡོད་པའི་ཉེས་འཛུགས་འོག་སྔ་ཕྱིར་གྲྭ་པ་ ༡༢ འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་མ་ཟད། ཁ་སང་ཕྱི་ཚེས་ ༢༠ ཉིན་ཡང་བསྐྱར་དབོན་པོ་དགོན་པའི་གྲྭ་ཐབས་མཁས་དང་འཕགས་གྲོལ། ཤེས་རབ། ཟླ་བ། མགོན་པོ། སྐྱ་པོ་བཅས་གྲྭ་པ་ ༦ ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ད་ཆར་དབོན་པོ་ཞང་ཐོག་ཏུ་བཀག་ཉར་བྱས་ཡོད་འདུག

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་གཞུང་གིས་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་དབོན་པོ་དགོན་པའི་གྲྭ་བ་ལྔ་འཛིན་བཟུང་དང་། ཕྱི་ཚེས་ ༡༨ ཉིན་གྲྭ་ཀླུ་སྒྲུབ་དང་རྒན་བློ་བཟང་སྒྲུབ་གསལ། བློ་བཟང་མཐར་ཕྱིན་བཅས་གྲྭ་པ་གསུམ་འཛིན་བཟུང་། ཕྱི་ཚེས་ ༡༩ ཉིན་དགོན་པའི་དྲུང་ཡིག་བསོད་བཟང་དང་རྒན་བསོད་ཉི། ཐག་མཆོག དབང་རྒྱལ་བཅས་འཛིན་བཟུང་བྱས་ཡོད་པ་མ་ཟད། གྲྭ་ཤག་སྔོག་བཤེར་སྐབས་གྲྭ་པ་ཞིག་གི་རྒྱ་སྒོར་ཁྲི་ ༦ ཉེན་རྟོག་མི་སྣས་ཁྱེར་ཡོད་པའི་གནས་ཚུལ་བྱུང་ཡོད་འདུག་ལ། ཕྱི་ཚེས་ ༡༩ ཉིན་གྱི་ཕྱི་དྲོ་གྲྭ་བ་རེ་རེ་བཞིན་ཡི་གེ་འབྲི་རུ་བཅུག་ཏེ་ཡིག་གཟུགས་ལ་བརྟག་དཔྱད་བྱས་རྗེས། ཁ་སང་བསྐྱར་དུ་དགོན་པའི་གྲྭ་པ་ ༦ བཅས་ཁྱོན་གྲྭ་པ་ ༡༨ འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

ད་ལྟའི་ཆར་ཁོང་ཚོའི་ཁྲོད་ཀྱི་ཁག་ཅིག་རྫ་སྟོད་དུ་བཀག་ཉར་གྱིས་ནང་མིར་ཐུག་འཕྲད་བྱེད་པར་བཀག་འགོག་བྱས་ཡོད་འདུག་ལ།  ཕྱི་ཚེས་ ༡༨ ཉིན་འཛིན་བཟུང་བྱས་པའི་རྒན་བློ་བཟང་སྒྲུབ་སེལ་དང་བློ་བཟང་མཐར་ཕྱིན། རྒྱལ་མཚན་བཅས་མི་གསུམ་སེལ་ཤུལ་རྫོང་དུ་འཁྲིད་ཡོད་སྟབས། དགོན་པའི་རྨང་གཞིའི་རིག་གནས་སློབ་གྲྭ་ཚོགས་མ་ཐུབ་པར་ལྷག་ཡོད་འདུག

དབོན་པོ་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་ནི། ༡༧༠༨ ལོར་གོ་རྒྱལ་དགེ་བ་ཚུལ་ཁྲིམས་མཆོག་གིས་ཕྱག་བཏབ་པ་དང་། ད་ལྟའི་བར་རྒྱུད་གྲྭ་སྟོད་སྨད་ཀྱི་ཕྱག་བཞེས་ལྟར་གནས་ཡོད་འདུག ༡༩༩༩ ལོའི་བོད་ཟླ་ ༨ པར་དགོན་པ་འདིར་མདོ་ཁམས་འཇང་དགུན་ཆོས་ཆེན་མོ་གསར་འཛུགས་དང་། ༢༠༠༥ ལོའི་བོད་ཟླ་ ༤ བའི་ནང་དགོན་པའི་ནང་རྨང་གཞིའི་རིག་གནས་སློབ་གླིང་གསར་འཛུགས་བཅས་གནང་ཡོད་པ་དང་། ད་ལྟའི་ཆར་དགོན་པར་ཁྱོན་གྲྭ་པ་ ༣༥༠ ཡས་མས་ཤིག་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༤ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༥ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༥ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༠ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese