མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མཱ་ལཱ་ལཱ་སྲོག་ཉེན་ལས་ཐར་འདུག

བོད་ཀྱི་དུས་བབ།
༢༠༡༢/༡༠/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དབྱིན་ཡུལ་དུ་པཱ་ཀི་སི་ཐན་གྱི་བུ་མོ་མཱ་ལཱ་ལཱར་སྨན་བཅོས་བྱས་ཏེ་ཉིན་དྲུག་པ་འགྲོ་སྐབས། འབྲེལ་ཡོད་སྨན་ཁང་གིས་ཁོ་མོར་སྲོག་ཉེན་མེད་པའི་ཁྱབ་བསྒྲགས་བྱས་འདུག

ཁ་སང་ཕྱི་ཚེས་ ༢༡ ཉིན་དབྱིན་ཡུལ་གྱི་རྒྱལ་མོ་ཨེ་ལེ་ཛཱ་བྷེ་ཐི་ཡི་སྨན་ཁང་ (Queen Elizabeth Hospital Birmingham) གིས་གསར་བསྒྲགས་ཤིག་སྤེལ་ཏེ། ད་ཆར་པཱ་ཀི་སི་ཐན་གྱི་བུ་མོ་མཱ་ལཱ་ལཱ་ (Malala Yousufzai) སྨན་ཁང་དེར་སྨན་བཅོས་ལ་འབྱོར་པའི་ཉིན་ ༦ འགྲོ་བཞིན་པ་དང་། སྨན་པ་ཚོས་ཁོ་མོར་སྲོག་ཉེན་མེད་པའི་ཁེག་ཐག་བྱས་ཡོད་འདུག

ཕྱི་ཚེས་ ༩ ཉིན་རང་ལོ་ ༡༤ ཡིན་པའི་བུ་མོ་མཱ་ལཱ་ལཱ་པཱ་ཀི་སི་ཐན་གྱི་མེན་གྷོ་རཱ་ (Mingora) ས་གནས་ཀྱི་སློབ་གྲྭ་ནས་སྤྱི་སྤྱོད་རླངས་འཁོར་བསྡད་དེ་ཕྱིར་རང་ཁྱིམ་དུ་ལོག་སྐབས། ཊ་ལེ་བྷན་ (Taliban) དྲག་སྤྱོད་པས་མེ་མདའ་བརྒྱབ་སྟེ་མོའི་མགོ་དང་སྐེ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་། སྐབས་དེར་ས་གནས་སྨན་ཁང་དུ་ཁྲིད་ཀྱང་སྨན་བཅོས་བྱས་ཐུབ་མེད་པ་ལྟར། ཨ་རི་དང་དབྱིན་ཇི་སོགས་ཀྱིས་ཁོ་མོར་སྨན་བཅོས་མཐུན་འགྱུར་བྱ་རྒྱུའི་ཁས་ལེན་འོག་དབྱིན་ཡུལ་དུ་སྨན་བཅོས་ལྟ་སྐྱོང་དུ་བླངས་ཡོད།

དོན་རྐྱེན་དེ་བྱུང་རྗེས་པཱ་ཀི་སི་ཐན་གཞུང་གིས། དྲག་སྤྱོད་པ་དག་གང་མགྱོགས་འཛིན་བཟུང་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་མ་ཟད། འབྲེལ་ཡོད་མཐོ་རིམ་དཔོན་རིགས་མང་པོ་ཁོ་མོར་ལྟ་སྐོར་དུ་ཕྱིན་ཡོད་འདུག དེ་བཞིན། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ཝེལ་ལེམ་གྱིས་ཀྱང་ཊ་ལེ་བྷན་གྱིས་ལོ་ ༡༤ ཅན་གྱི་བྱིས་པ་ཞིག་ལ་དྲག་རྒོལ་བྱས་པ་ནི། པཱ་ཀི་སི་ཐན་ཙམ་མིན་པར་འཛམ་གླིང་ཡོངས་ཀྱི་མི་མང་ཚང་མ་ཧང་སང་དུ་བཅུག་ཡོད་ཚུལ་དང་། དབྱིན་གཞུང་གིས་པཱ་ཀི་སི་ཐན་དང་མཉམ་འབྲེལ་ཐོག་འཇིགས་སྐུལ་རིང་ལུགས་པ་ཚར་གཅོད་གཏོང་རྒྱུར་མཉམ་ལས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག་ལ། རྒྱལ་སྤྱིའི་ཤེས་ཡོན་ལྷན་ཚོགས་ཀྱིས་ཀྱང་མཱ་ལཱ་ལཱ་གཙོས་པའི་པཱ་ཀི་སི་ཐན་ནང་གི་བུད་མེད་བྱིས་པ་ཚང་མར་ཤེས་ཡོན་གྱི་གོ་སྐབས་འཐོབ་རྒྱུར་ནུས་ཤུགས་འདོན་རྒྱུ་ཡིན་སྐོར་བརྗོད་འདུག

མཱ་ལཱ་ལཱ་ནི་པཱ་ཀི་སི་ཐན་ནང་གི་བུད་མེད་ཀྱི་ཤེས་ཡོན་རྩོད་ལེན་བྱེད་མཁན་ཞིག་ཡིན་པ་དང་། ཁོ་མོར་ཐེངས་འགར་ཊ་ལེ་བྷན་ཤོག་ཁག་གིས་འཇིགས་སྐུལ་ཉེན་བརྡ་བཏང་ཡོད་ཀྱང་། ཁོ་མོས་བརྒྱུད་ལམ་འདྲ་མིན་བརྒྱུད་འཛམ་གླིང་ཕྱི་ཕྱོགས་སུ་པཱ་ཀི་སི་ཐན་ནང་གི་བུད་མེད་ལ་ཤེས་ཡོན་ཐོབ་ཐང་མེད་སྐོར་དང་། མོས་སོ་སོའི་ཉེན་ཁར་མ་འཛེམས་པར་སློབ་གྲྭར་སྐྱོད་པའི་དབང་གིས་ཁོ་མོ་གསོད་རྩིས་བྱས་པ་ཞིག་ཡིན་འདུག མཱ་ལཱ་ལཱ་ཡི་ཕ་རྒན་གྱིས་སྔོན་ཆད་བུད་མེད་སློབ་གྲྭ་ཞིག་བཙུགས་ཡོད་པའང་ཊ་ལེ་བྷན་དང་། ཁ་ཆེ་ལྟ་བ་མཁྲེགས་འཛིན་པའི་གནོན་ཤུགས་འོག་སྒོ་རྒྱག་དགོས་བྱུང་ཡོད་པ་རེད།

པཱ་ཀི་སི་ཐན་ནང་གི་ཁ་ཆེ་ལྟ་བ་མཁྲེགས་འཛིན་པ་དང་ཊ་ལེ་བྷན་ཤོག་ཁག་བཅས་ཀྱིས། བུད་མེད་ལ་ཤེས་ཡོན་སྤྲོད་རྒྱུར་འགོག་རྒོལ་བྱེད་ཀྱི་ཡོད་པ་མ་ཟད། བུད་མེད་སློབ་གྲྭ་དག་ལ་འཇིགས་སྐུལ་དང་གཏོར་རྒོལ་བྱེད་ཀྱི་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

མཆན། 1

  1. མི་རྒོད། says:
    ལོ་ 10 སྔོན།

    ཨེ་མ་བུ་མོ་འདི་ལ་འདི་འདྲ་བས་དོ་སྣང་ཡོད་པ་ནི་སེམས་ཀྱི་རྨ་ཁར་འགྱུར། ངས་དཔའ་རྒོད་ཕོ་མོས་མཛད་རྗེས་འདི་ལས་ཧ་ཅང་གི་ཟབ་ཟབ་པོ་འགྱུར་ཡོད། ཡིནའང་སུས་ཀྱང་ཡ་ང་བ་མེད་རེད། ཨ་ཁ་འཛམ་གླིང་འདི་ནང་དྲང་བདེན་གྱི་བདུད་རྩི་ཡེ་ནས་མེད་པ་རེད་་་་་་་་་ཡ་སྐྱོ་བ་ལ་་་་་བོད་་་་་བོད་་་་བོད་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist