ཉེ་ཆར་བསང་ཆུ་རྫོང་བསང་ཁོག་ཞང་དུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཟིན་པའི་རྒྱལ་གཅེས་དཔའ་བོ་ཁོང་གི་མཚན་ལ་ཐུབ་དབང་སྐྱབས་འབོད་ཀྱི་ཡོད་པ་དང་། ཁོང་རང་ལོ་ ༢༣ ཡིན་འདུག
ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་གྱི་བོད་ནང་གི་དགོང་དྲོའི་ཆུ་ཚོད་༨ ཙམ་ལ། མདོ་སྨད་བླ་བྲང་བསང་ཆུ་རྫོང་བསང་ཁོག་ཞང་གི་སྲང་ལམ་དུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཟིན་པའི་རྒྱལ་གཅེས་དཔའ་བོའི་མཚན་ལ་ཚེ་དཔག་སྐྱབས་དང་། རང་ལོ་ ༢༡ ཡིན་ཞེས་གནས་ཚུལ་ཐོན་ཡོད་ཀྱང་། དེ་རིང་འདི་གའི་གསར་ཁང་ལ་ཁོང་གི་སྤུན་མཆེད་ཅིག་གིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱལ་གཅེས་པ་ཁོང་གི་མཚན་དངོས་ལ་ཐུབ་དབང་སྐྱབས་ཞུ་བ་དང་། ད་ལྟ་རང་ལོ་ ༢༣ ཡིན་འདུག
གསར་འགོད་པ། དོན་གོ
དལ་བའི་རྟེན་བཟང་མྱུར་དུ་ཐོབ་པའི་སྨོན་འདུན་ཞུའོ། །