རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་པའི་ནན་སྐུལ་ཞུས་འདུག
ཉེ་ཆར་རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་གྷ་རི་ལཱོ་ཁུ་ (Gary Locke) མཆོག བོད་ནང་རང་ལུས་མེར་བསྲེཊ་གཏོང་མཁན་མང་ཤོས་ཨ་མདོ་རྔ་བར་གཟིཊ་སྐོར་གནང་སྟེ། ས་གནས་བོད་རིཊ་མང་ཚོཊ་ལ་ཐུག་འཕྲད་དང་བོད་མིའི་དངོས་ཡོད་དཀའ་ངལ་རྣམས་རྟོག་ཞིབ་གནང་ཡོད་ཅིང་། གཞུང་ཚབ་ཆེན་མོ་མཆོག་ཨ་མདོ་རྔ་བ་ནས་ཕྱིར་ལོག་རྗེས་རྒྱལ་ས་པེ་ཅིན་ནས་དྲ་ལམ་བརྒྱུད་ཨ་རིའི་གསར་འགོད་པར་བོད་ཀྱི་གནད་དོན་ཐོག་རྒྱ་གཞུང་ལ་འབོད་སྐུལ་ཞུས་ཡོད་སྐོར་བརྗོད་ཡོད་འདུག
ཨ་རིའི་གཞུང་ཚབ་ཆེན་མོ་མཆོག་གིས་བརྗོད་པ་ལྟར་ན། སྐབས་དེར་ཨ་རིའི་གཞུང་ཚབ་ཀྱི་ངོས་ནས་རྒྱ་ནག་མཐོ་རིམ་དཔོན་རིཊ་ཚོར་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་། ལྷག་པར་དུ་བོད་ནང་གི་གྲྭ་བཙུན་ཚོས་རང་ལུས་མེར་བསྲེཊ་གཏོང་དགོས་པའི་སྲིད་བྱུས་ཐོག་བསྐྱར་ཞིབ་ཀྱིས། བོད་མིའི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བྱས་ཏེ་བོད་ཀྱི་དཀའ་རྙོག་སེལ་དགོས་པ་དང་། བོད་མིས་རང་ལུས་མེར་བསྲེཊ་གཏོང་བཞིན་པའི་འཚེ་བའི་དོན་རྐྱེན་དེར་ཨ་རིའི་ངོས་ནས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ལས་འགུལ་དེའི་རིཊ་ནི་ཧ་ཅང་ཡ་ང་སྐྱེ་གཞི་ཞིག་ཡིན་པ། མི་སུ་འདྲ་ཞིག་ཡིན་རུང་རང་ལུས་མེར་བསྲེཊ་གཏོང་འདོད་ཡོད་མཁན་གཅིག་ཀྱང་མེད་སྟབས། རྒྱ་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་བརྩི་བཀུར་ཞུ་དགོས་པའི་འབོད་སྐུལ་ཞུས་ཡོད་སྐོར་བརྗོད་ཡོད་འདུག
གནད་དོན་དེའི་ཐད་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལི་ཡིས་གསལ་བསྒྲཊ་ཤིག་སྤེལ་ཏེ། བོད་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་གནད་དོན་ཞིག་ཡིན་སྟབས། དེར་རྒྱལ་ཁབ་དང་མི་སྒེར་སུ་འདྲ་ཞིག་གིས་རྣམ་པ་འདྲ་མིན་ཐོག་ཐེ་བྱུས་བྱས་ན་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་ལན་འདེབས་བྱས་ཡོད་འདུག
“བོད་མིས་རང་ལུས་མེར་བསྲེཊ་གཏོང་བཞིན་པའི་འཚེ་བའི་དོན་རྐྱེན་དེར་ཨ་རིའི་ངོས་ནས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ལས་འགུལ་དེའི་རིཊ་ནི་ཧ་ཅང་ཡ་ང་སྐྱེ་གཞི་ཞིག་ཡིན་པ། ཟེར་བ་འདིས།” ང་ཚོས་འཚེ་བ་མེད་པའི་མེར་བསྲེགས་ཟེར་གྱིན་ཡོད་པ་དེ་ལ་ཨ་རིའི་གཞུང་ཚབ་མཆོག་གིས་ཁ་རྡུང་བྱས་པ་རེད་དམ། ཡང་ན་འགྲེལ་བཤད་གཞན་ཞིག་མཆི། གསར་འགོད་པ།