མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མགོ་ལོག་འཇིཊ་མེད་ལན་ཀྲོའུ་ནས་ཕྱིར་ལོག་པའི་ལམ་བར་དུ་འཇུ་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༢/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ནས་གནས་ཚུལ་འབྱོར་པ་ལྟར་ན། མགོ་ལོག་འཇིགས་མེད་ལགས་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༠ ཉིན་ལན་ཀྲོའུ་ནས་ཕྱིར་ལོག་པའི་ལམ་བར་ནས་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག 

ཟླ་འདིའི་ཕྱི་ཚེས་ ༣ ཉིན་མདོ་སྨད་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༥ ཉིན་རྒྱ་གཞུང་གིས་མགོ་ལོག་འཇིགས་མེད་ལགས་ལ་ཁོ་རང་སྡོད་སའི་བླ་བྲང་གི་ཁང་པ་དེར་བཟོས་རྒྱག་དགོས་ཚུལ་བརྗོད་དེ་གཞན་དུ་སྤོར་བཅུག་རྗེས།  དེ་སྔོན་མཐོང་མ་མྱོང་བའི་རྒྱ་མི་ཁག་གཅིག་ཡོང་སྟེ་ཉིན་དཀར་སྡོད་ཁང་གཏོར་པ་མ་ཟད།  དགོང་མོ་ས་རུབ་རྗེས་ས་རྐོ་འཕྲུལ་འཁོར་ཡོང་སྟེ་ཁང་ཤུལ་བསྔོགས་བཤེར་ཀྱང་བྱས་ཡོད་འདུག  དེ་རྗེས་མགོ་ལོག་འཇིགས་མེད་ལགས་སྒེར་དོན་ཞིག་གི་ཆེད་རྒྱ་ནག་གྲོང་ཁྱེར་ལན་ཀྲོའུ་ལ་ཕྱིན་ཡོད་པ་དང་། ཕྱི་ཟླ་ ༩  ཚེས་ ༢༠ ཉིན་ཁོང་རྒྱ་ནག་གི་གྲོང་ཁྱེར་ལན་ཀྲོའུ་ནས་ཕྱིར་ཕེབས་པའི་ལམ་བར་ནས་རྒྱ་གཞུང་གིས་གསང་བའི་འཇུ་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་འདུག་ཡོད།

སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ཀྱིས་བརྗོད་པ་ལྟར་ན།  ཉེ་བའི་ཉིན་ཤས་གོང་ལ་གསེར་རྟ་རྫོང་གི་བཀའ་མངགས་བརྒྱུད།  མགོ་ལོག་འཇིགས་མེད་ལགས་ཀྱི་ཕ་ཡུལ་རག་ཁྲམ་ཡུལ་ཚོའི་ས་གནས་རྒྱ་གཞུང་གིས།  མགོ་ལོག་འཇིགས་མེད་ལགས་ལ་རང་གི་ཕ་ཡུལ་དུ་གནས་ཚུལ་ག་རེ་ཡོད་མེད་ཐད་གསང་བའི་ཞིབ་འཇུག་བྱས་ཡོད་པའི་སྐོར་ས་གནས་མང་ཚོགས་ཁྲོད་ཁྱབ་ཡོད་འདུག་ལ།  བོད་ནང་ནས་གནས་ཚུལ་མཁོ་གཏོང་གནང་མཁན་གྱིས། “མགོ་ལོག་འཇིགས་མེད་ལགས་དེང་སྐབས་སླར་ཡང་རྒྱ་གཞུང་གིས་བཙོན་འཇུག་བྱས་ཏེ།  མ་ཉེས་ཁག་གཡོགས་དང་མནར་གཅོད་གཏོང་བཞིན་ཡོད་ངེས་སྟབས།  འཛམ་གླིང་གི་དྲང་བདེན་ལ་དགའ་བའི་གཞུང་སྒེར་ཡོངས་ཀྱིས་བོད་མིའི་རྩ་དོན་སྤྱི་དང་། མགོ་ལོག་འཇིགས་མེད་ཀྱི་ཆེད་རྒྱབ་སྐྱོར་ནུས་ལྡན་གནང་རྒྱུར་ང་ཚོས་རེ་བ་ཆེན་པོ་བྱས་ཡོད།’’ ཅེས་འབོད་སྐུལ་གནང་ཡོད་འདུག   

དེ་སྔོན་རྒྱ་དམར་གཞུང་གིས་མགོ་ལོག་འཇིགས་མེད་ལ།  ད་ལྟ་རྒྱ་དམར་གྱི་བཙོན་འཇུག་འོག་ཡོད་པའི་འཇིགས་བྲལ་གློག་བརྙན་བཟོ་མཁན་དོན་གྲུབ་དབང་ཆེན་ལགས་ཀྱི་ལས་རོགས་ཡིན་པའི་ཉེས་འཛུགས་དང་།  ༢༠༠༨  ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོ་སློང་མཁན་གྱི་ཉེས་འཛུགས་སོགས་བྱས་ཏེ།  ད་ལྟའི་བར་སྔ་ཕྱིར་འཇུ་བཟུང་བཙོན་འཇུག་ཐེངས་མང་བྱས་ཏེ་གཅར་རྡུང་མནར་གཅོད་ཚད་མེད་བཏང་ཡོད་པ་ལྟར།  སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ལ་བོད་ནས་གནས་ཚུལ་མཁོ་སྤྲོད་པས། “༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་མགོ་ཚུགས་རྗེས།  ཕྱི་ཟླ་ ༣ ཚེས་ ༢༣ ཉིན་རྒྱ་གཞུང་ཉེན་རྟོག་པས་མགོ་ལོག་འཇིགས་མེད་ལགས་བླ་བྲང་བཀྲ་ཤིས་འཁྱིལ་ནས་བཙན་ཁྲིད་ཀྱིས་ཀ་ཆུའི་ཉེས་ཆེན་པའི་བཙོན་ཁང་སོགས་བཙོན་ཁང་འདྲ་མིན་ནང་ཟླ་ ༧ ཙམ་ལ་བཙོན་བཅུག་བྱས་སྐབས།  ཉིན་གྲངས་ ༥༣ དང་ཉིན་མཚན་བསྡོམས་ན་ཉིན་ཞག་ ༡༠༦ རིང་།  ཉེན་རྟོག་པ་དང་དམག་མི་སོགས་རེས་མོས་ཀྱིས་གཅར་རྡུང་དྲག་པོ་བཏང་ཡོད་པ་མ་ཟད།  ཁོང་གི་རྐང་ལག་བཞི་ལ་གཟུགས་པོའི་རྒྱབ་ལོགས་ནས་ལྕགས་བརྒྱབ་སྟེ། བཙོན་ཁང་ནང་གནམ་ལ་བཏགས་ནས་ཆུ་ཚོད་མང་པོར་བཞག་པར་བརྟེན། ལན་མང་དྲན་མེད་དུ་བརྒྱལ་ཡོད་པ་དང་། གཞན་གློག་རྒྱུགས་འདྲ་མིན་ཁ་ནང་དང་། མིག་ནང་སོགས་ལ་བཙུགས་ཏེ་གློག་གིས་རྒྱག་བཅུག་པ། གཉིད་བཀག་པ། ཟས་བཅད་པ། ཐ་ན་གཙང་སྤྱོད་ལ་མ་མངག་པ་སོགས་སྡུག་སྦྱོང་མནར་གཅོད་ཚབས་ཆེན་བཏང་མཐར། ༢༠༠༨ ལོའི་ཕྱི་ཟླ་ ༡༠ ནང་རྒྱ་གཞུང་གིས་དོ་དམ་བཀག་ཉར་འགན་ལེན་གྱི་གན་གྱའི་འོག་མགོ་ལོག་འཇིགས་མེད་ལགས་གློད་ཡོད་ཀྱང་།  བཙོན་ཁང་ནང་མནར་གཅོད་ཚད་མེད་བཏང་བར་བརྟེན།  ཁོང་གི་རྩིབ་མ་གཡས་གཡོན་གཉིས་ཀྱི་རྩིབ་རུས་མང་པོ་བཅག་སྟེ་དེང་སྐབས་ཀྱང་དྲག་སྐྱེད་ཡག་པོ་བྱུང་མེད་པ་དང་། ཁོང་གི་ལག་པ་གཉིས་ནད་པར་གྱུར་ཏེ་རང་ཉིད་ཀྱི་ཤམ་ཐབས་སྒང་ལ་སྐེད་རགས་བཅང་ཐུབ་མི་ཐུབ་ཙམ་དུ་གྱུར་ཡོད།” ཅེས་བརྗོད་འདུག   

བོད་ནས་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན།  ༢༠༠༩  ལོའི་ཕྱི་ཟླ་ ༣ ཚེས་ ༡༣ ཉིན་རྒྱ་དམར་ཉེན་རྟོག་པས་མགོ་ལོག་འཇིགས་མེད་བཙོན་འཇུག་ཐེངས་གཉིས་པ་བྱས་ཏེ། ཕྱི་ཟླ་ ༤ ཚེས་ ༢༠ བར་ཟླ་ ༡ དང་ཉིན་ ༨ རིང་བཀག་ཉར་བྱས་ཡོད་ལ། དེ་བཞིན་མཚམས་རེར་བདུན་ཕྲག་རེ་གཉིས་ཙམ་དང་། ཉིན་ཁ་ཤས་རེ་ལ་བཀག་ཉར་བྱེད་པ་དང་། སྐབས་རེར་ཟླ་བ་འདི་ནས་འདིའི་བར་ལ་ཁྱོད་དགོན་པའི་ནང་བསྡད་མི་ཆོག་ཟེར་ནས། ཉེན་རྟོག་པས་ཁོང་དགོན་པ་ནས་ཕྱིར་འབུད་ཐེངས་མང་བཏང་བ་སོགས་ནི། ཁོང་ལ་མཚོན་ན་འཆར་ཅན་གྱི་གནས་ཚུལ་ལྟ་བུ་ཞིག་ཆགས་ཡོད་འདུག   

གཞན་ཡང་། བོད་ནས་གནས་ཚུལ་གཏོང་གནང་མཁན་གྱིས།  མགོ་ལོག་འཇིགས་མེད་ལགས་ཀྱིས་རང་གི་ཕ་ཡུལ་མགོ་ལོག་གསེར་རྟ་རག་ཁྲམ་ཡུལ་ཚོའི་ས་གནས་སུ་བླངས་པའི་འདྲ་པར་ཞིག་བཏང་ཡོད་པ་མ་ཟད།  དེང་སྐབས་རྒྱ་གཞུང་གིས་བོད་ཀྱི་འབྲོག་པ་གྲོང་སྡེར་བསྒྱུར་རྒྱུའི་སྲིད་ཇུས་ལག་བསྟར་འདེབས་བཞིན་པ་ལྟར། པར་སྟེང་གི་མགོ་ལོག་འཇིགས་མེད་ལགས་ཀྱི་རྒྱབ་ཕྱོགས་ཀྱི་ཁང་ཤར་དེ་དག་ནི།  རྒྱ་གཞུང་གིས་མགོ་ལོག་འཇིགས་མེད་ལགས་ཀྱི་ཕ་ཡུལ་ཏོག་ཚ་སྡེ་བའི་འབྲོག་སྡེ་རྣམས་གྲོང་སྡེར་བསྒྱུར་ཡོད་རྣམ་པ་ཡིན་སྐོར་གསལ་བཤད་གནང་ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

སྐར་མ ༡༡ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

སྐར་མ ༣༦ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༤ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese