མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱའི་རིག་གནས་བགྲོ་གླེང་།

བོད་ཀྱི་དུས་བབ།
༢༠༡༢/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ཉི་མའི་ཉིན་ནེའུ་ཛི་ལན་ཌིར་བོད་རྒྱའི་རིག་གཞུང་བརྗེ་རེས་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་འདུག

ཁ་སང་གཟའ་ཉི་མའི་ཉིན་རྒྱབ་ཚུ་ཚོད་ ༢ ནས་ ༥ བར། ཨོ་སི་ཌི་ལི་ཡར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། ནེའུ་ཛི་ལན་ཌིའི་རྒྱ་བོད་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་འོག  ནེའུ་ཛི་ལན་ཌིའི་གྲོང་ཁྱེར་ཨོག་ལན་ཌིའི་མའེ་མའོ་རེ་ཧོལ་ (Mt Eden War Memorial Hall) ཐོག་གི་ཡང་སྟེང་ཚོགས་ཁང་ནང་། བོད་རྒྱའི་རིག་གཞུང་བརྗེ་རེས་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་དེ་ཚོགས་ཡོད་པ་དང་།  ཚོགས་འདུའི་སྟེང་སྐུ་མགྲོན་གཙོ་བོ་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ལགས་གཙོས།  བོད་རྒྱ་མི་རིགས་གཉིས་ཀྱི་མི་སྣ་དང་ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་ ༧༠ མཉམ་ཞུགས་བྱས་ཡོད་འདུག 

རིན་ཆེན་དོན་གྲུབ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཚོགས་འདུའི་ཐོག་མར་ཚོགས་བཅར་བ་ཡོངས་ནས་སྐར་མ་ཁ་ཤས་རིང་། ད་ལྟའི་བར་བོད་མིའི་རང་དབང་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་དང་།  ༸གོང་ས་མཆོག་ཕྱིར་བོད་ཡུལ་དུ་གདན་འདྲེན་ཞུ་ཆེད།  རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གཤེགས་པའི་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་དང་། དེ་དག་གི་རྗེས་ཤུལ་ནང་མི་བུ་ཕྲུག་བཅས་པར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ། སྐྱབས་འགྲོ་དང་མ་ཎི་གསོག་སྒྲུབ་གནང་ཡོད་ལ། དེ་བཞིན། ཚོགས་འདུའི་ཐོག་བོད་རྒྱ་མི་རིགས་གཉིས་ཀྱི་སྲོལ་རྒྱུན་རིག་སྐོར་ནས་འཁྲབ་སྟོན་བྱས་ཏེ་ཕན་ཚུན་རིག་གནས་བརྗེ་རེས་ཐད་གོ་རྟོགས་སྤེལ་ཡོད་པ་རེད།

ཚོགས་ཐོག་ཏུ་རྒྱ་རིགས་སྐུ་ཞབས་ཁྲེན་ལགས་ཀྱིས།  ད་བར་བོད་མི་ ༦༢ ཙམ་གྱིས་སོ་སོའི་རང་དབང་གི་དོན་དུ་རང་ལུས་མེར་བསྲེག་བཏང་ཡོད་ཀྱང་།  རྒྱ་གཞུང་གིས་ཁོང་རྣམས་ཀྱི་ཚེ་སྲོག་ལ་སེམས་ཁུར་སྤུ་ཙམ་མེད་པར།  ད་དུང་ཁ་ནས་སྤུན་ཟླ་མི་རིགས་ང་དྲུག་ཅེས་བཤད་ཀྱིན་པ་དེ་ནི་སྐྱག་རྫུན་རང་རེད་ཅེས་ཚོར་ཤུགས་ཆེན་པོས་བརྗོད་ཡོད་པ་དང་།  རྒྱ་རིགས་བགྲེས་སོང་ལོ་རྒྱུས་སྨྲ་བ་སྐུ་ཞབས་ཧྥན་ལགས་ཀྱིས་ཀྱང་།  ༡༩༤༩ ལོར་རྒྱ་དམར་གྱིས་བོད་ལ་དྲག་པོས་དབང་སྒྱུར་བྱས་པ་ནས་བཟུང་བོད་ཡུལ་མུན་པས་སྒྲིབ་མགོ་ཚུགས་པ་དང་། གྲོས་མཐུན་དོན་ཚན་ ༡༧ ཟེར་བ་ཡང་བཙན་དབང་གི་འོག་ནས་བཞག་དགོས་བྱུང་བ། ཐ་ན་དེ་སྐབས་ཀྱི་ཐམ་ཀ་ཡང་རྫུན་མ་ཞིག་བཟོས་ནས་བེད་སྤྱོད་བྱས་ཡོད་ལ།  བོད་ཀྱི་རིག་གཞུང་གི་བསྟི་གནས་ཆེས་གནའ་རབས་ཀྱི་དགོན་སྡེ་ ༦༠༠༠ ལྷག་ཙམ་རྩ་གཏོར་བཏང་ཡོད་པ་རྣམས་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད་སྐོར་གསལ་བརྗོད་གནང་ཡོད་འདུག 

མཇུག་མཐར་སྐུ་མགྲོན་གཙོ་བོ་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ལགས་ཀྱིས།  བཙན་བྱོལ་ནང་གི་མང་གཙོའི་འཕེལ་རིམ་སྐོར་ཚོགས་བཅར་བ་རྒྱ་རིགས་དང་ཕྱི་རྒྱལ་བ་དག་ལ་ངོ་སྤྲོད་གནང་བར་མ་ཟད།  ཚོགས་བཅར་བ་རྣམས་ཀྱི་དྲི་བར་ལན་འདེབས་བཅས་གནང་སྟེ་ཚོགས་འདུ་མཇུག་སྒྲིལ་ཡོད་འདུག 

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༤ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༥ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༥ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༠ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese