མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མགོ་ལོག་ཏུ་དྲག་རྡུང་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༢/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་སྐབས་ ༡༨ པའི་ཚོགས་འདུ་དང་སྐབས་བསྟུན་ནས།  མགོ་ལོག་རྨ་ཆེན་རྫོང་སྡོམ་ཁོག་ཞང་དུ་དྲག་རྡུང་དམག་སྦྱོང་ལས་འགུལ་ཞིག་སྤེལ་ཏེ།  ལོ་ ༡༥ ནས་ ༦༥ བར་གྱི་སྐྱེས་པ་ཚང་མར་གཅར་རྡུང་བྱས་ཡོད་འདུག

ཕྱི་ཟླ་ ༡༠ ཚེས་ ༢༤ ནས་བཟུང་རྒྱ་གཞུང་གིས་མགོ་ལོག་ཁུལ་རྨ་ཆེན་རྫོང་གི་ཞང་སོ་སོའི་ནང་དྲག་རྡུང་ལས་འགུལ་ཞིག་སྤེལ་མགོ་བརྩམས་ཡོད་པ་དང་།  ཕྱི་ཟླ་ ༡༡ ཚེས་ ༣ ནས་བཟུང་སྡོམ་ཁོག་ཞང་དུའང་དམངས་དམག་སྦྱོང་བརྡར་ལ་ཁ་གཡར་ཏེ།  རྨ་ཆེན་རྫོང་ཉེན་རྟོག་པ་དང་སྡོམ་ཁོག་ཞང་ཉེན་རྟོག་པ། ༡༡༠ ཉེན་ཟོན་རུ་ཁག་བཅས་མཉམ་འབྲེལ་ཐོག་ཉིན་ ༡༠ རིང་དྲག་རྡུང་ལས་འགུལ་སྤེལ་མགོ་བརྩམས་ཡོད་འདུག 

དྲག་རྡུང་དམག་སྦྱོང་ལས་འགུལ་དེར་སྡོམ་ཁོག་ཞང་ཁོངས་ཀྱི་ལོ་ ༡༥ ཡན་ནས་ ༦༥ མན་གྱི་སྐྱེས་པ་ཡོངས་རྫོགས་ཞུགས་དགོས་པའི་བཙན་བཀའ་བཏང་ཡོད་ལ།  གལ་སྲིད་རང་འགུལ་ཐོག་མཉམ་ཞུགས་མ་བྱས་ཚེ་ཉེན་རྟོག་པ་འཇུ་བཟུང་བཙན་ཁྲིད་བྱེད་དུ་ཡོང་རྒྱུ་ཡིན་པའི་བཙན་བཀའ་བཏང་ནས།  སྐྱེས་པ་ཡོངས་རྫོགས་སྡོམ་ཁོག་ཞང་ཐོག་ཏུ་བསྡུ་སྐོང་བྱས་རྗེས། བཙན་དྲག་འོག་སྐྱེས་པ་ཚང་མའི་མགོའི་སྐྲ་བཞར་བཅུག་སྟེ་གཅར་རྡུང་དྲག་གནོན་གྱི་ལས་འགུལ་སྤེལ་ཡོད་པ་དང་།  དེ་བཞིན། ལམ་མདོ་ཁག་ནས་སྒུག་སྡོད་བྱས་ཏེ་ལས་འགུལ་ལ་གཡོལ་མཁན་སྐྱེས་པ་ཚང་མ་བཙན་ཁྲིད་ཀྱིས་གཅར་རྡུང་དྲག་པོ་གཏོང་བཞིན་ཡོད་འདུག    

འདི་གར་གནས་ཚུལ་མཁོ་གཏོང་བ་དམེ་ཚང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་བརྗོད་པ་ལྟར་ན།  དྲག་རྡུང་ལས་འགུལ་དེའི་ཁྲོད།  རྨ་འདབས་རིག་གནས་ཞབས་ཞུ་ཚོགས་པའི་ཚོགས་གཙོ་ཟུར་པ་དང་འབྲོང་ཁེར་ལྡོམ་སྒྲ་བརྙན་སྒྲིག་སྦྱོར་ཁང་གི་གཙོ་གཉེར་བ་དཔལ་ཆེན་སྐྱབས་དང་། རྨ་འདབས་རིག་གནས་ཞབས་ཞུ་ཚོགས་པའི་ཚོགས་གཙོ་རྟ་བོའུ་མགོན་པོ་བཀྲ་ཤིས།  རྡུང་ལེན་པ་ཨོ་རྒྱན་ཚེ་རིང་།  སྒྱུ་རྩལ་པ་པདྨ་འོད་གསལ་སོགས། བོད་ཀྱི་རིག་གནས་ཡུལ་སྲོལ་ཐད་ཕྱག་ལས་གནང་མཁན་གྱི་གླུ་བ་དང་སྒྱུ་རྩལ་པ། སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་རྣམས་དམིགས་སུ་བཏོན་ཏེ་གཅར་རྡུང་དྲག་པོ་བྱེད་བཞིན་ཡོད་འདུག 

ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྟ་བོའུ་མགོན་པོ་བཀྲ་ཤིས་དང་ཨོ་རྒྱན་ཚེ་རིང་གཉིས་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ།  ད་ལྟ་མགོ་ལོག་ཁུལ་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་།  ལོ་ ༥༣ ཅན་གྱི་རྒན་པོ་དགྲ་ལྷར་ཡང་རྨས་སྐྱོན་ཕོག་ཏེ་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་ལ།  དཔལ་ཆེན་སྐྱབས་ནི་འདུག་བཟོད་མ་ཐུབ་པར་བྲོས་བྱོལ་དུ་ཕྱིན་ཡོད་པ་དང་།  དེ་མིན་གྱི་སྐྱེས་པ་གཞན་མང་པོར་རྡུག་རྡེག་ཚ་ནན་བཏང་སྟེ་ཉལ་སར་ལྷུང་བཅུག་ཡོད་འདུག 

ས་གནས་མི་མང་གིས་དྲག་རྡུང་ལས་འགུལ་དེ་ནི།  སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ལ་ཁག་བཞག་སྟེ།   ནམ་རྒྱུན་ས་གནས་མི་མང་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་པའི་ལས་དོན་སྒྲུབ་མཁན་དང་།  བོད་པའི་སྐད་ཡིག་རྒྱུན་འཛིན་སྐོར་ལ་ཧུར་ཐག་གིས་འབད་འབུངས་བྱེད་བཞིན་པའི་བོད་མི་རྣམས་བསམ་བཞིན་མང་ཚོགས་ཀྱི་མདུན་ནས་གཅར་རྡུང་བྱས་ཏེ།  ལུག་བསད་དེ་ར་འདར་བཅུག་པའི་དཔེ་ལྟར་མང་ཚོགས་ལ་འཇིགས་སྐུལ་བྱ་ཐབས་ཀྱི་ལས་འགུལ་ཞིག་ཡིན་པར་བརྗོད་ཀྱི་ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༣ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༣ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༧ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 6

  1. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    ཨ་རིག་དང་གངས་ལགས་འབྲི་སྟངས་ཀྱི་ཆ་ནས་རྫུན་དུ་འགྲོ་བ་འགའ་འདུག་ཅེས་པ་དེས་དོན་གསལ་བོ་གོ་མ་སོང་། ཡིན་ནའང་། གནས་ཚུལ་བརྗོད་མཁན་གྱི་འགྲེལ་བརྗོད་གནང་བ་ལྟར་གཅིག་གཅིག་གཉིས་གཉིས་ཀྱིས་བྲིས་ཡོད། གང་ཞིག་ཁ་གསལ་མེད་པ་དང་གང་ཞིག་ལ་དོགས་སློང་པ་ཡིན་ན་དེ་གསལ་འདོན་བྱས་ན་ལེགས་པོ་འདུག དབྱུག་པས་ལེབ་རྡུང་བྱས་ན་གསལ་བཤད་ཀྱང་ཅི་ལྟར་བྱེད་དགོས་ཤེས་ཀྱི་མི་འདུག

    Reply
  2. གངས says:
    ལོ་ 14 སྔོན།

    དོན་འདི་ཁ་གསལ་བོ་ཞིག་གསུངས་རོགས། གཞི་རྩའི་གནད་དོན་གང་ཡང་མེད་པར་སྐྱེས་པ་ཚང་མར་དྲག་རྡུང་གཏོང་དགོས་བ་ག་རེ་ཡིན་ན། མ་མཐའ་ཡང་ཁག་རྫུན་མ་ཞིག་འཇོག་ས་ཡོད་ཀྱི་རེད། གོང་དུ་ཨ་ཁུ་ཨ་རིག་གིས་གསུང་བ་བཞིན་རེད། མི་སུ་ལ་བཤད་ནའང་ཅུང་ཙམ་ཡིད་ཆེས་དཀའ་བའི་གནས་རེད། དེ་བས་དབྱེ་ཞིབ་གསལ་བོ་ཞིག་བྱས་ནས་རྒྱལ་སྤྱིའི་གསར་ལམ་ཁག་ལ་སྐྱེལ་དགོས། རབ་ཡིན་ན་དེའི་སྐབས་ཀྱི་འདྲ་པར་རེ་ལག་པར་རེགས་ན་དགོས་བ་ཧ་ཅང་ཆེ།

    Reply
  3. བདེ་རྒྱལ། says:
    ལོ་ 14 སྔོན།

    རྒྱ་དང་སྒྱུ་མ་མཁན་ལ་ཡིད་མ་རྟོན་ཞེས་པ་ལྟར། སྐབས་འདིར་ང་ཚོས་ཅིས་ཀྱང་འཚེ་མེད་ཞི་བ་དགོས།

    Reply
  4. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    རྩ་བའི་རྒྱ་ནག་གིས་ང་ཚོར་རྡུང་རྡེག་ཚད་མེད་གཏོང་གི་ཡོད་པ་ཀུན་གྱིས་ཤེས་གསལ་རེད། འོན་ཀྱང་འདི་ལ་དབྱེ་ཞིབ་ཅིག་བྱས་ན་མ་གཏོགས་འབྲི་སྟངས་ཐད་ནས་ཏོག་ཙམ་རྫུན་དུ་འགྲོ་ངེས་པའི་གཏམ་འགའ་རེ་འདུག དེ་མིན་ད་ལྟའི་རྒྱ་ནག་གི་བྱ་ལས་བཙོག་ག་དག་ནི་ངས་བཤད་མི་དགོས་པར་འཛམ་གླིང་གི་མཐོང་སར་བསྟར་ཡོད་པ་དེའོ།།

    Reply
  5. འཇམ་བཟང་། says:
    ལོ་ 14 སྔོན།

    ད་ཡིན་ན་ངོ་མ་ཚད་ལས་བརྒལ་སོང་། རྒྱ་ནག་དམར་གཞུང་དེ། ང་ཚོའི་ག་རེ་བྱེད་དགོས་སམ།
    སྤུན་ཟླ་ཚོ། ད་ལངས་ཤོག་ཡ། བཙན་བྱོལ་བའི་སྤུན་ཟླ་ཕུ་ནུ་རྣམས་པ་ཚོ། ་་་་་་་་་་་་་་་་་་་་་་་་་་་

    Reply
  6. ཁ་སྒང་རྡོར་རིན། says:
    ལོ་ 14 སྔོན།

    གནས་ཚུལ་འདི་བཙན་བྱོལ་བོད་མི་སྒྲིག་འཛུགས་ཀྱིས་སྤྱི་སྒེར་སུས་འཇོན་ན་རྒྱལ་སྤྱིའི་གསར་ལམ་ཁག་ལ་སྐྱེལ་དགོས། འདི་དག་གིས་བོད་མིའི་རང་སྲེག་གི་རྒྱུ་རྐྱེན་དངོས་གནས་པ་དེ་ཤེས་ཐུབ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese