ཤར་ཕྱོགས་ཁུག་རྟ།
རྒྱ་ནག་གི་རྩ་ཁྲིམས་ལག་ཏུ་བཟུང་ནས་སྲིད་སྐྱོང་མཆོག་གིས་འབོད་སྐུལ་བྱ་རོགས།
༄༅།། བོད་ནང་གི་གནས་སྟངས་ཛ་དྲག་ཏུ་དྲག་ཏུ་འགྲོ་སྐབས་བཙན་བྱོལ་བོད་མི་མི་ཉུང་བ་ཞིག་གིས་བོད་ནང་གི་བོད་མི་ཚོ་རྒྱལ་ཁབ་ཀྱི་དབུ་ཁྲིད་དང། བོད་མིའི་འཐབ་རྩོད་ཀྱི་སྣེ་ཁྲིད་པ་ལྟ་བུར་བསྒྲགས་ཏེ། ཁོང་ཚོས་ལས་འགུལ་སྤེལ་ཕྱོགས་ལ་བལྟས་ནས་མ་གཏོགས་བཙན་བྱོལ་ནང་འཆར་གཞི་གང་ཡང་མེད་ཚུལ་ཆེན་པོ་རྫིག་པོ་དག་གིས་ཀྱང་གསུངས་ཚར་བ་རེད། དེ་དང་མཉམ་དུ་བོད་ནང་གི་རང་སྲེག་ལ་ཅི་གང་ལབ་རྒྱུའི་ཐོབ་ཐང་མེད་ཅེས་བཤད་མགོ་བཙུགས་པ་དང་མཉམ་ཅལ་འདྲོགས་པ་ཁ་ཤས་འུར་ལ་རྒྱུགས་ཏེ་དེ་དེ་བཞིན་ནོ་ཞེས་ཁ་གཡུག་ཚད་ལ་བཤད་ནའང། ངས་ནི། སྐད་ཆ་འདི་རྣམས་རྟོགས་པའི་རྣམ་དཔྱོད་མ་རྙེད་དོ། ངོས་ལེན་བྱེད་པའི་སྙིང་སྟོབས་ཀྱང་མ་རྙེད་དོ།
ད་ནི་ཛ་དྲག་གི་སྐབས་སུ་གཞིས་ལུས་བོད་མི་ཚོ་བོད་ཀྱི་འཐབ་རྩོད་ཀྱི་དབུ་ཁྲིད་ཆགས་སྟངས་ཤིག་མེད་ལ། གཞིས་ལུས་བོད་མི་ཚོས་མེ་མདའི་ཁ་འོག་ནས་བཙན་བྱོལ་བོད་མི་ཚོ་རང་གི་དབུ་ཁྲིད་དང་ལམ་སྟོན་པ། འཐབ་རྩོད་ཀྱི་གཞི་རྩར་ངོས་འཛིན་གནང་བཞིན་པའི་རེ་བ་མཐའ་དག་ཀྱང་འཁྱོག་ན་མི་འཁྱོག་འཁུར་དགོས་པ་ཞིག་ཡིན་སྟབས། ང་ཚོ་བཙན་བྱོལ་བོད་མི་ཚོ་དུས་ནམ་ཡང་ཁྱབ་བསྒྲགས་པ་ཁོ་ན་ཞིག་ཆགས་ཆོག་པའི་འོས་བབ། ལོ་རྒྱུས་དང་ཤི་གསོན་གཉིས་ཀྱི་འཐབ་རྩོད་ཀྱི་བརྒྱུད་རིམ། ལས་འབྲས་གང་ལ་བལྟས་ཀྱང་ཡོད་ཚོད་མི་འདུག་པས། ད་ནི་མགོ་སྲིད་སྐྱོང་ནས་བཟུང་སྟེ་བོད་ནང་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་ཞི་རྒོལ་སྡེབས་ལངས་འཐབ་རྩོད་བྱ་ཕྱོགས་ཀྱི་ལམ་སྟོན་འཛམ་གླིང་ཡོངས་བསྒྲགས་བྱ་རོགས། བོད་ཀྱི་བླ་ཆེན་རྣམས་ཀྱིས་ཀྱང་རང་རང་གི་དགོན་སྡེ་ཁག་ལ་དེ་བཞིན་འབོད་སྐུལ་བྱ་རོགས། བཙན་བྱོལ་དུ་འཁོད་པའི་སེར་སྐྱ་ཕོ་མོ་རྣམས་ཀྱིས་རང་རང་གི་གཉེན་ཉེ་འབྲེལ་ནས་མགོ་བཙུགས་ཏེ་བོད་ནང་དུ་འབོད་སྐུལ་བྱ་རོགས།
བཙན་བྱོལ་བོད་མི་ཚོས་ཀྱང་ལངས་ཕྱོགས་གཅིག་དང་དམིགས་འདུན་གཅིག་སྟེ་མིང་དོན་མཚུངས་པའི་རང་སྐྱོང་ཐོག་སྒྲིལ་སྟེ། བོད་ནང་གི་ད་ལྟའི་ཞི་རྒོལ་འདི་ས་ཁུལ་རྒྱ་ཁྱབ་ཅན་དང། སྒྲིག་འཛུགས་རང་བཞིན་བཅས་སུ་བསྒྱུར་རོགས་གནང། རྒྱ་ནག་གིས་ག་རེ་ལབ་ཀྱང་དབུས་སྒྲིག་འཛུགས་ནས་ལམ་སྟོན་བྱ་རོགས། རྒྱ་ནག་གི་རྩ་ཁྲིམས་ལག་ཏུ་བཟུང་ནས་སྲིད་སྐྱོང་མཆོག་གིས་འབོད་སྐུལ་བྱ་རོགས། རང་སྲེག་མཚམས་འཇོག་ཡོང་རྒྱུར་ཁ་གསལ་གཏིང་གསལ་གྱི་འབོད་སྐུལ་བྱ་རོགས། ༧གོང་ས་ཆེན་པོས་ཀྱང་ཛ་དྲག་གི་སྐབས་འདིར་རང་སྲེག་མཚམས་འཇོག་དང་ཞི་རྒོལ་སྡེབས་ལངས་ལ་རྒྱབ་སྐྱོར་གནང་རོགས། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་རྒྱུར་བཙན་བྱོལ་ནས་ཀྱང་གཞིས་ལུས་བོད་མི་རྣམས་ལྟར་གཅིག་ཏུ་སྒྲིལ་རོགས། གཞིས་ལུས་བོད་མི་ཚོས་དེ་རིང་གི་རེབ་གོང་བཞིན་རྩ་ཁྲིམས་ཀྱི་འབྲུ་དོན་དང་མཐུན་པའི་བོད་ཀྱི་རང་དབང་རྩོད་རོགས། ༧གོང་ས་ཆེན་པོ་གདན་འདྲེན་ཞུ་བའི་ཞི་རྒོལ་སྡེབས་ལངས་ཀྱིས་ཆིབས་བསུ་བྱ་རོགས། བཙན་བྱོལ་དབུས་སྒྲིག་འཛུགས་ནས་འཆར་གཞི་ལྡན་པའི་ལས་འགུལ་བརྩམས་ཏེ་བཙན་བྱོལ་བོད་མི་ཚོ་གཞིས་ཆགས་ནས་སྒུལ་རོགས། ཕྱི་རྒྱལ་ཁག་ནས་སྒུལ་རོགས། གཞུང་ཚབ་ཁག་གི་སྒོ་འགྲམ་ནས་སྒུལ་རོགས། གནམ་ཐང་ནས་སྒུལ་རོགས། སྤེལ་ཀོབ་ནས་སྒུལ་རོགས། མོན་གྷོ་ནས་སྒུལ་རོགས། རྡ་ས་ནས་སྒུལ་རོགས། གངས་སྐྱིད་ནས་སྒུལ་རོགས། ཚང་མ་སྒུལ་ཏེ་ལོངས་ཤོག ད་ལོངས་ཤོག
རང་གཞན་གཉིས་ཀྱི་སྲོག་ལ་གནོད་པའི་ཞི་རྒོལ་མ་བྱེད། བོད་ཁམས་ཡོངས་རྫོགས་དེ་རིང་གི་རེབ་གོང་ལྟར་ལོངས་ཤོག ད་ལོངས་ཤོག
རང་ཉིད་སྒེར་ངོས་ནས་བཤད་ན། རང་སྲེག་མ་བགྱིད་དང་མི་མང་འོས་ལང་གྱིས་ཀྱི་སྐད་ཆ་འདི་ཕ་ཡུལ་ལ་སྐུར་ངོ་མ་མི་སྤོབས་ཀི། དེའི་གནད་དོན་གཅིག་ནས། མི་རིགས་ལ་ལ་རྒྱ་དང་བརྩེ་སེམས་དེ་མིན་སྙིང་སྟོབས་དང་བསམ་བློ་བཅས། གང་ཐད་ནས་བོད་ཕྲུག་ངའི་སེམས་འདི་རིམ་པ་ཐ་མ་ཞིག་ཡིན་པས་སོ། གཉིས་ནས། ངར་ཉིན་ཟླ་ལོ་གསུམ་གྱི་དུས་ཚོད་ནང་དུ་བོད་དོན་ཆེད་ངལ་རྩོལ་ཞིག་འོང་རྒྱུ་ནི་ཉིན་སྐར་ལྟ་བུ་རེད། དེ་ནི་ང་རང་ངན་པའི་ཁར་ངའི་ཁོར་ཡུག་གིས་ཀྱང་ལན་པ་ཡོད། གང་ལྟར་སྐུ་ཞབས་ཁུག་རྟས་ཐོག་མར་འདི་འདྲའི་གྲོས་འགོ་བཏོན་པ་ལ་ལེགས་སོ་ཞུ་འོས་རུང་། ཡུལ་འདིའི་ཀ་ངོ་ཡིག་ངོ་ཆོད་ཙམ་གྱི་བདག་ལྟ་བུ་རྣམས་ལྟ་ཞོག འུ་ཚོའི་ཆབ་སྲིད་པ་རིག་གནས་པ་ཡོན་ཏན་པ་སོགས་ཀྱང་། གཉིད་དཀྲོག་མི་ཐུབ་པར་ང་ཡིས་འདོད་ཀྱིན་མཆན་འདི་ཐ་མ་ཡིན།
ལན་རེར་རེ་བ་ཆེན་པོས་སེམས་ཀྱི་དགོད་སྒྲ་མཁའ་ལ་བསྐྱལ།
སྐབས་རེར་མྱ་ངན་ཞིག་གིས་གདོང་གི་མིག་ཆུ་ས་ལ་བྱོ།
གང་ཞིག་ངེས་པ་མེད་པའི་ཚོར་དཔྱོད་ཟུང་གི་མངར་སྐྱུར་ནི།
ད་ལྟའི་མཐོ་སྒང་བོད་མིའི་སེམས་ཀྱི་ཁ་དོག་འདི་རང་ཟད།
བཀུར་འོས་དམ་པ་ལགས། བདག་གིས་ཁྱེད་ལ་འདྲི་ཆོག་མི་ཆོག་མ་དྲིས་ནས་དྲི་བ་ཞིག་འདྲི། ཁྱེད་དགོངས་པ་མི་འཚོམས་པའི་ཕྱིར། བདག་ལ་སྐད་ཆ་གཉིས་ཡོད། གཅིག བདག་ལ་དྲ་འཇུག་གི་དུས་ཚོད་ནི་
གཟའ་ཟླ་བ་དང་དམིགས་བསལ་གྱི་ཉིན་འགའ་རེ་མ་གཏོགས། ང་ཡོད་སའི་མཚན་མོའི་དུས་ཚོད་བཅུ་གཅིག་དང་བཅུ་གཉིས་གང་རུང་ཤ་སྟག་ཡིན་ལ། དེའི་ཚེའང་ཡུན་རིང་འདུག་ཁོམ་མེད། གཉིས། གལ་ཏེ་དྲ་ཐོག་ནས་ངེད་གཉིས་ཀྱིས་ཐད་ཀར་ཡིག་འབྲེལ་བྱ་རྒྱུའི་དབང་དུ་བཏང་རུང་། བདག་གིས་ཤར་མར་ཅི་བྲི་ཚེ། ཡི་གེའི་ཐོབ་ཐང་དང་ཚིག་སྦྱོར་ད་དུང་ཡིག་གཏག་གི་མགྱོགས་ལུགས་སོགས། གང་ཅའི་ཐད་ནས་དཀའ་ཁག་མང་པོ་ཡོད། དེ་བས་ན། ངས་གྲ་འགྲིག་སྔོན་སོང་གི་ཐབས་འདི་མི་བྱེད་རང་བྱེད་རེད། ད་ངས་དྲི་བ་འདྲི། དང་པོ། རང་རེའི་བོད་ཀྱི་ད་ལྟའི་གནས་བབས་འདི་འདྲ་ཞིག་ལ། དཔའ་བོ་གླིང་ཚ་ཚེ་བརྟན་རྡོ་རྗེའི་ཞི་བའི་འཐབ་རྩོད་དེ། བོད་ཀྱི་རྩ་དོན་རྩོད་ཕྱོགས་ཀྱི་ཐད་ནས་ཚད་གང་འདྲ་ཞིག་ལ་ཡོད་པའམ། ཡང་ན་དེར་དམིགས་བསལ་གྱི་ངོས་འཛིན་ཉིད་ལ་ཅི་ཞིག་ཡོད། གཉིས་པ། དཔའ་བོ་གླིང་ཚས་རང་གི་ཁྱིམ་མི་དང་(གཉེན་)ནོར་ལོངས་སྤྱོད་སོགས་ཡོད་ཚད་བློས་བཏང་ནས། རང་གི་ཁྱད་ཆོས་ལྡན་པའི་ཞི་བའི་འཐབ་རྩོད་འདི་མ་རྒྱལ་བར་དེ་སྲིད། བོད་མི་རིགས་ཀྱི་རྩ་དོན་འདིའི་སྟེང་ནས་རྩོད་པར་དམ་བཅའ་བཞག་པ་དང་།
དེ་བཞིན་དུ་སྒྲུབ་ཀྱིན་ཡོད་པའང་ཀུན་ཤེས་ལགས་ན། ཁོང་གི་ཞི་བའི་འཐབ་རྩོད་འདི་ནམ་རྒྱལ་ཐུབ་པའམ་ཡང་ན། དེ་རྒྱལ་བྱེད་ཆ་རྐྱེན་གྱི་ཐད་ནས་ཉིད་ལ་དགོངས་ཚུལ་ཅི་ཞིག་ཡོད། གསུམ་པ། དཔའ་བོ་གླིང་ཚའི་ཞི་བའི་འཐབ་རྩོད་འདི་ཐོག་མར་དཔའ་བོ་ཁོང་གིས་བཏོན་ཞིང་། རང་ཉིད་ནས་འགོ་བརྩབས་པ་ཞིག་ཡིན་ནའང་། རང་རེའི་ཚོགས་པ་ཆེ་ཆུང་དང་མི་མང་དེ་མིན་བོད་དོན་རྒྱབ་སྐྱོར་པ་ཚོའི་ངོས་ནས། ཁོང་གི་ཞི་བའི་འཐབ་རྩོད་དེ་སྟོབས་ཤུགས་སམ། རྣོ་ངར་ཅན་ཞིག་ཏུ་བསྒྱུར་ཕྱོགས་ཐད་ཉིད་ལ་གསུང་ཅི་ཞིག་ཡོད། བཞི་པ། དཔའ་བོ་གླིང་ཚའི་སྤྱིར་ཞི་བའི་འཐབ་རྩོད་འདིའི་ཆ་ཤས་ལ། ཁོང་དང་མ་སྨད་གསུམ་གྱིས་ཐོག་མར་(རང་སར་རང་སྐྱོད་ཀྱི་ཞི་བའི་གོམ་བགྲོད་)བྱས་པ་བཞིན། ད་དུང་དེའི་ཆ་ཤས་སུ་ཁོང་ལ་གཞན་དང་གཞན་པའི་ཞི་བའི་ལས་འགུལ་སྒྲུབ་ཐབས་ཅི་ཡོད་དམ་ཅི་བཟང་དང་། ཁོང་གི་ཞི་བའི་འཐབ་རྩོད་དེ་དང་དེའི་ཆ་ཤས་ཡོད་དོ་ཅོག་གི་ཚབ་མཚོན་རང་བཞིན་གྱི་གསུང་རྩོམ་དག་ལ། འུ་ཚོའི་དྲ་ཚིགས་དང་དུས་དེབ། ཚགས་ཤོག དེབ་པར་སྐྲུན་ཁང་བཅས་ཀྱི་དབང་འཛིན་པ་སོ་སོས་རོགས་རམ་བྱེད་ཕྱོགས་ཅི་ཡོད་དམ་ཅི་བཟང་གི་སྡེ་ཚན་གཉིས་ལ་ཁྱེད་ཀྱིས་རང་གི་དགོངས་ཚུལ་དང་མཐུན་པའི་གསུང་ཞིག་ཨེ་གནང་། ལྔ་པ། བོད་ཀྱི་ཞི་བའི་འཐབ་རྩོད་པ་ཆེན་པོ་དཔའ་བོ་གླིང་ཚ་ཚེ་བརྟན་རྡོ་རྗེའི་ཚབ་མཚོན་ཐུབ་པའི་མིང་བྱང་ལ། བོད་ཀྱི་གན་འདེ་རྗེ་སྟེ། འདི་སྐུ་ཞབས་ལྷ་ཆབ་སྦྱིན་པས་གནང་བ་ཡིན་དྲན་བྱུང་། དེ་ནས་བོད་ཀྱི་ཨ་ཇོ་དང་ཞི་བའི་བཙན་སྲས། དེ་མིན་དཔའ་གླིང་སྟེ་འདི་ནི་དཔའ་བོ་གླིང་ཚ་ཞེས་པའི་བསྡུས་མིང་ཡིན། གང་ལྟར་སྐུ་ཉིད་ཀྱིས་ཁོང་ལ་མིང་བྱང་ཅི་ཞིག་གནང་རྒྱུའམ་ཡང་ན། གོང་གི་མཚན་བྱང་དེ་དག་ནས་ཁོང་ལ་གང་འཚམ་གྱི་འདུག་གམ།། བཀའ་དྲིན་ཆེ། ཆོག་མཆན་མ་ཞུས་པའི་དྲི་བ་རྣམས་བདག་གིས་ད་དྲིས་ཚར། འོན་ཀྱང་། ཞོར་ལ་རེ་སྐུལ་ཉུང་ཉུང་ཞིག་ཞུ་ཆོག་པར་བྱོས། ད་སྐབས་དཔའ་བོ་གླིང་ཚ་བལ་ཡུལ་བཙོན་ཁང་དུ་ཡོད་པ་འུ་ཚོ་ཚང་མས་ཤེས་མོད། བལ་ཡུལ་སྲིད་གཞུང་གིས་སྤྱིར་བཏང་གི་བཙོན་པ་ཞིག་དང་མི་འདྲ་བར། ཁོང་ལ་དོ་དམ་ནན་པོ་བྱེད་ཀྱིན་པའང་བདག་གིས་ཐོས་པ་ལགས་ན། དཔའ་བོ་ཁོང་བཙོན་ལས་གྲོལ་ཐབས་དང་། གལ་ཏེ་ཁྲིམས་གཏུག་བྱ་རྒྱུའི་དབང་དུ་བཏང་ཚེ། ཁྱེད་ཀྱིས་གང་ཅིའི་ཐད་ནས་རྒྱབ་སྐྱོར་དང་བློ་འདོད་བྱ་རྒྱུ་མ་བརྗེད་པ་གྱིས།། (ཨ)ཡིས་གདན་ས་དགའ་ལྡན་ནས་བྲིས་་་་་་་འདི་ཡིན་་་་སྐུ་ཞབས་ཁྱེད་ལ་ཞལ་དྲོ་་་་ཁྱེད་ཀྱིས་རང་གི་འཚོགས་ཆེན་ལས་དོན་གྲུབ་རྗེས་སུ་བསྐུར་ཡང་ཆོག
དྲ་གྲོགས་ཨ་ལགས།
ཉེ་སྔོན་བཏང་བའི་ཞི་བའི་འཐབ་རྩོད་པ་གླིང་ཚའི་སྐོར་གྱི་དྲི་བ་དེ་དག་འདིར་ཅིག་འཇོག་རོགས། ངས་བརླག་འདུག དགོངས་སེལ་ཞིག་ལ་འགོར་འགྱངས་ཕྱིན་སོང། ལམ་སེང་ལན་ཕུལ་ཐུབ་པ་བྱ་ངེས།།
ཐོག་མར་བཤད་འདོད་པ་ཞིག་ལ་འུ་ཚོ་སུ་ཡིན་རུང་ཉན་མི་སྤྲོ་བ་དྲ་འབུ་མ་འབུའི་སྐད་ཆ་དེ་འདྲ། རྩ་བའི་གྲོས་མོལ་འདི་འདྲའི་ནང་ཁུར་འོངས་པ་ནི་ནོར་བ་རེད། དོན་དངོས་ཐད་ནས་བདག་ལ་བསམ་ཚུལ་འདི་འདྲ་ཞིག་བྱུང་། གཅིག སྤྱིར་བཏང་དང་བདེན་པའི་ངོས་ནས་བོད་པ་ཞིག་ཡིན་ཕྱིན་ཆད་བོད་དོན་ཐད་ནས་ཕན་ཚུན་ལ་གྲོས་མོལ་དང་བློ་འདོད། སྐུལ་སློང་དང་རོགས་རམ་སོགས་ཕན་པ་ཡོད་ཚད་བྱ་བྱེད་ལོས་ཆོག དེ་མི་ཆོག་པའི་རྒྱུ་མཚན་སུ་ལའང་ཡོད་པ་མ་རེད། ཡིན་ཡང་། སྐབས་བབ་ཀྱི་དབང་གིས་བོད་དོན་ཐད་དུ། བོད་པ་ཡིན་ཚད་ཀྱིས་གོང་དུ་བཤད་པ་བཞིན་གྱི་ཕན་པ་དེ་ཚོ། ཕན་ཚུན་ལ་བྱ་བྱེད་མི་ཆོག་པ་མང་པོ་ཡོད་པ་རེད། དེ་ནི་གནས་སྐབས་དེར་ཕན་གནོད་གཉིས་ལས་གནོད་པ་གཙོ་བའི་རྒྱུ་མཚན་གྱིས་མ་ཡིན་ནམ། དེས་ན་སྐབས་དུས་ཀྱི་རྒྱལ་ཕམ་ལ་ལྟོས་ནས་འགུལ་སྟངས་ནི། ཆབ་སྲིད་པ་ཚོའི་ཁྱད་ཡོན་ཞིག་ཡིན་པ་འདྲ་ཡང་དེའི་ཞིབ་ས་ནས་བདག་གིས་ཅི་ཡང་མི་ཤེས། གཉིས། སྐུ་ཞབས་ཁུག་རྟའི་ཀ་ཕྲེང་ཅན་གྱི་དོན་ཚད་དེ་དག་ནི། རྩ་བའི་བྱེད་སྒོ་གནད་འགག་ཅན་མང་པོ་ཞིག་དངོས་བརྒྱུད་གང་ཐད་ནས་ཡིན་པ་ཤེས་སླ་ངེས་རེད། འོན་ཀྱང་། ངས་ནོར་མེད་ན་ལག་ལེན་ཐད་ནས་ཕ་ཡུལ་སྤུན་ཟླ་སུས་ཀྱང་ད་སྐབས་འཁྱོངས་ནི་མ་རེད་འདོད་ཀྱིན་ཡོད།
སྤྱིར་ཡིན་ན་དྲ་འབུ་ཡིན་ཡང་མཉམ་དུ་གླེང་མོལ་བྱེད་སྤྲོ་ཡང། ལས་བྲེལ་གྱིས་དངོས་གནས་མི་ལྕོག་གི དེས་ན་ཁ་བརྡའི་ནང་བཀོད་པའི་མཆན་འགའ་འདིར་བཀོད་ཡོད།
འདི་ནི་ཁ་ཡོད་ལག་ཡོད་ཅིག་རེད་བསམས། གཟིགས་ཞིབ་གནང་རོགས།
གཞིས་ལུས་བོད་མི་ཚོར་སྤྲིངས་པའི་རང་སྐྱོང་རྩོད་ཐབས།
༡༽ ངོ་སྤྲོད།
ང་ཚོ་བོད་མི་རིགས་ལ་རྒྱ་མི་རིགས་ལྟར་ཆབ་སྲིད་ཀྱི་འཐབ་རྩོད་བྱེད་པའི་བློ་སྒོ་ཆེན་པོ་ཕྱེས་མེད་ལ། རྒྱ་མི་རིགས་ལྟར་ཆབ་སྲིད་ལ་རྔམས་ནག་པའི་བྱ་སྤྱོད་ཕར་ཞོག་དེ་འདྲར་བག་ཆགས་ཀྱང་བཞག་པ་ཉུང་ཉུང་རེད། དེ་ནི་གཏིང་ཇུས་མི་བསྟེན་པ་དང་ལས་དོན་ཐད་ཀར་སྒྲུབ་སྟངས་ཀྱི་ཆ་ནས་རང་བཞིན་མི་གཤིས་རང་ལ་ཁྱད་པར་ཆེན་པོ་ཤོར་ཡོད་པ། ད་ལྟ་ད་དུང་མིའི་གཤིས་ཀ་ལ་བལྟས་ན་གསལ་མཁྱེན་ཐུབ་པ་དེ་རེད། བར་སྐབས་ཤིག་ནས་བོད་མི་རྣམས་ཆོས་འདྲིས་ཆེ་དྲགས་ནས་འཇིག་རྟེན་གྱི་འཚོ་གནས་སྐྱ་ཐིག་འདེབས་ཕྱོགས་ཚུན་ཆད་ལ་ཆོས་དང་འབྲེལ་བའི་བསམ་ཚུལ་དང་གོམས་གཤིས་ཀྱིས་ཁྱབ་ཡོད། དུས་རབས་གོང་མའི་ལོ་རབས་ལྔ་བཅུའི་ནང་བོད་གཞུང་མང་བཙན་བྱོལ་དུ་ཐོན་དགོས་བྱུང་ཡང། ད་དུང་བོད་ནང་དུ་འཚེ་མེད་ཞི་བའི་ཆབ་སྲིད་ལས་འགུལ་སྤེལ་ཕྱོགས་ཤིག་ལམ་སྟོན་བྱེད་ཐུབ་མེད། རང་གཞུང་གིས་ད་ལྟ་རང་བཙན་རྩོད་ལེན་གནང་གི་མེད་པ་ཧ་ཅང་གསལ་བོ་ཡིན་སྟབས། དེ་ལ་མི་དམངས་ཀྱི་ངོས་དང་སྒོས་སུ་བོད་ནང་ནས་རང་བཙན་ཞེས་པའི་ཚིག་འདི་ཇེ་ཉུང་ནས་རྩ་ཡལ་དུ་འགྲོ་བཞིན་ཡོད་མོད། འོན་ཀྱང། དེའི་ཚབ་ཏུ་རང་སྐྱོང་གི་རྩོད་ཐབས་འཐུས་ཚང་ཞིག་ད་བར་མགོ་ཚུགས་མེད་པ་འདིས། བོད་ནང་ཛ་དྲག་གནས་སྟངས་ཇེ་ཆེར་འགྲོ་བཞིན་ཡོད། ད་ནི་ང་ཚོས་ཁ་ཡོད་ལག་ཡོད་དང། རང་གི་ནུས་པ་ལ་དཔག་པ། ཁྲིམས་དང་མཐུན་པའི་རང་སྐྱོང་རྩོད་ཐབས་ཤིག་གང་འདྲ་འདུག་ཅེས་ཐད་ཀར་བོད་མི་རང་རང་གི་དཔྲལ་བར་མཛུབ་མོ་འཛུགས་དགོས་སྟབས། བོད་ནང་རང་སྐྱོང་རྩོད་ཕྱོགས་ལ་ཐབས་ལམ་ཁ་ཤས་ཡོད་པ་རེད།
༢༽ སྒྲིག་འཛུགས།
བོད་ཆོལ་ཁ་གསུམ་ལ་ཁྱབ་པའི་ལས་འགུལ་སྣེ་ཁྲིད་པའི་སྒྲིག་འཛུགས་ཤིག་དགོས་པ་དང་སྒྲིག་འཛུགས་དེའི་ལས་གཞི་རྣམས་གཤམ་གསལ།།
ཀ སྒྲིག་འཛུགས་སྣེ་ཁྲིད་པ་སེར་སྐྱ་གཉིས་ཀྱིས་གྲུབ་དགོས་ཤིང། བོད་ཀྱི་ས་ཁུལ་ཆེ་ཁག་ཚང་མའི་མི་སྣ་འདུ་ཐུབ་པ་བྱ་དགོས།
ཁ སྒྲིག་འཛུགས་ཀྱི་སྣེ་ཁྲིད་པ་ཚོས་མི་མང་ནང་ངེས་པར་དུ་འཚེ་མེད་ཞི་བའི་ལམ་ནས་བཏོན་པའི་གཉིས་སྨན་དབུ་མའི་ལམ་གྱི་ལྟ་གྲུབ་འགྲེལ་བཤད་ཐུབ་དགོས།
ག གཉིས་སྨན་དབུ་མའི་ལམ་ནས་སྤྲད་པའི་༼ རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར༽་དངོས་སམ་བརྒྱུད་ནས་མི་མང་ནང་ཁྱབ་སྤེལ་བྱ་དགོས།
ང རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས། ཉེས་ཁྲིམས་སོགས་ངེས་པར་དུ་ས་གནས་སོ་སོར་མི་སྣ་ཆེད་འཛུགས་ཀྱིས་སློབ་སྦྱོང་བྱ་དགོས། བྱུང་ན་དགོན་པ་དང་སྡེ་པ། སློབ་གྲྭ་བཅས་ཀྱིས་རང་འགན་བླངས་ཏེ་སོ་སོའི་ཁོངས་སུ་གོ་རྟོགས་ཚད་ལྡན་སྤེལ་དགོས།
ཅ སྤྱི་ཁྱབ་སྒྲིག་འཛུགས་འདིས་ལས་འགུལ་ག་རེ་སྤེལ་བ་ཡིན་ནའང། བོད་བྱེས་ཀྱི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་མཐུན་པ། ༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པར་མ་སྤེལ་ཚེ། ལས་འགུལ་གྱི་ནུས་བ་ཁ་འཐོར་དུ་འགྲོ་རྒྱུ་དང། དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གི་ངན་བྱུས་དང་དྲག་གནོན་ལ་ཁོར་ཡུག་བསྐྲུན་པ་ཡིན་སྟབས། བོད་སྤྱིའི་མདུན་ལམ་ཕན་ཐོགས་འབྱུང་གི་མེད་པ་ངེས་པར་དུ་གཟབ་ནན་གནང་དགོས་ས་དེ་རེད།
༣༽ ལས་འགུལ།
ལས་འགུལ་གྱི་སྔོན་འགྲོའི་ཤེས་བྱ་རྣམས་ལ་སྦྱངས་རྗེས། ད་གཟོད་ལས་འགུལ་དངོས་སུ་ལག་བསྟར་བྱེད་དགོས་པ་ཡིན།
ཀ ལས་འགུལ་ཅི་ཞིག་སྤེལ་ཡང་འཚེ་མེད་ཞི་བ་དང་ཚུལ་མཐུན་ཡིན་དགོས་པ་མ་ཟད། རྒྱུ་མཚན་བཤད་རེས་གནང་རྒྱུ་ནི་རྩ་དོན་རེད།
ཁ ལས་འགུལ་སྤེལ་སྐབས་ས་གནས་བྱེ་བྲག་པ་གཅིག་ནས་སྤེལ་བ་དེ་ཧ་ཅང་གི་བློས་གཏོང་ཆེན་པོ་དང་གྱོང་ཆེན་པོ་ཡིན་སྟབས། ས་གནས་ཁག་ཚང་མས་ཉིན་བརྒྱ་དུས་གཅིག་མིན་ཡང། ངེས་པར་དུ་ས་གནས་ཆེ་ཁག་ཚང་མས་ཉིན་གཅིག་དུས་ཚོད་གཅིག་ཏུ་ལས་འགུལ་སྤེལ་ཐུབ་དགོས་པ་ཡིན།
ག ལས་འགུལ་མ་སྤེལ་བའི་སྔོན་ངེས་པར་དུ་རྒྱ་རིགས་དྲང་བདེན་པ་ཚོར་འབྲེལ་བ་བྱ་དགོས་ཤིང། བོད་ནང་གི་ལས་འགུལ་ཅི་བྱུང་གི་གནས་ཚུལ་རྒྱ་ནག་གི་ས་ཆ་གང་སར་འགྲེམས་ཐུབ་བྱ་རྒྱུ་ནི་ཡག་ཤོས་དེ་ཡིན།
ང ལས་འགུལ་སྤེལ་སྐབས། ངེས་པར་དུ་རང་སྐྱོང་རྩོད་ཀྱི་ཡོད་པའི་མངོན་འདོད་གསལ་བོར་སྟོན་དགོས་ཤིང། དེ་ནི་རྩ་དོན་ཞིག་ཡིན།
༤༽ ལས་འགུལ་སྤེལ་སྐབས་འཕྲད་དར་དང་འབོད་ཚིག
འཕྲད་དར་སྟེང་ལས་འགུལ་གྱི་དོན་རྩ་འགོད་པ་ལས་ཡི་གེ་ཉ་ཉོག་མེད་པ། མངོན་འདོད་ཆེས་ཉུང་ན་མཛེས་ཤིང་དེའང་རྒྱ་ནག་གི་ཁྲིམས་རྣམས་གཞི་རྩར་བཟུང་ནས་འགོད་ཐུབ་ན་ཧ་ཅང་སྤུས་དག་ཡིན།
ཀ ༧གོང་ས་སྐྱབས་མགོན་ཆེན་པོའི་བཞེད་དགོངས་བོད་མིའི་སྲོག་རྩ་ཡིན་པ་ངེས་པར་དུ་གསལ་བཤད་གནང་དགོས།
ཁ བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རང་སྐྱོང་རྩོད་བཞིན་པར་མྱུར་ཏུ་འབྲེལ་གཏུག་གནང་སྟེ་བོད་དོན་ཞི་འགྲིག་དགོས་རྒྱུ་གསལ་སྟོན་གནང་དགོས།
ག བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། ༧གོང་ས་མཆོག་གི་སྐུ་ཚབ་ཀྱིས་སྤྲད་པའི་རང་སྐྱོང་བསམ་འཆར་བོད་ནང་གི་བོད་མིའི་མངོན་འདོད་ཡིན་པ་ཤུགས་དྲག་པོའི་ཐོག་ནས་གསལ་བཤད་གནང་དགོས།
ང བྱེ་བྲག་ས་ཁུལ་གཅིག་ལ་དཀའ་ངལ་འཕྲད་སྐབས། དེ་མཉམ་རུབ་ཀྱིས་བདེན་དོན་རྩོད་དགོས། འདིའི་ནང་སྐད་ཡིག་དང་ཁོར་ཡུག དཔལ་འབྱོར། གཞན་ཡང་གཅར་རྡུང་གི་གནས་ཚུལ་སོགས་འདུས་ཡོད།
ཅ ལས་འགུལ་གྱི་མངོན་འདོད་རྣམས་བོད་རིགས་ཁྱིམ་ཚང་ཀུན་ལ་འགྲེམས་སྤེལ་དང། རྩིག་ངོས་ཁག་ཏུ་སྦྱར་བ། གཞན་ཡང་སོ་སོའི་ས་གནས་ཀྱི་ཁ་ཆེ་དང་རྒྱ་རིགས་མི་མང་ཚོར་གནས་ཚུལ་དེ་རྣམས་ཤེས་རྟོགས་བྱེད་འཇུག་དགོས།
ཆ ལས་འགུལ་སྤེལ་སྐབས་ཁོང་ཁྲོ་དང་ཚོར་བཪ་ངེས་པར་དུ་བདག་པོ་རྒྱག་དགོས་ཤིང། མི་གཅིག་ཚོར་བའི་གཞན་དབང་དུ་སོང་ནས་རྒྱག་རེ་རྒྱབ་པ་ཡིན་ན་དེས་མི་རིགས་ཤིག་གི་མདུན་ལམ་ལ་གནོད་ཀྱི་ཡོད་སྟབས། དེ་རྣམས་ལ་ངེས་པར་དུ་གཟབ་སྟེ་སྤོང་དགོས།
ཇ དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་སོ་སོའི་ས་གནས་ཀྱི་རྒྱ་རིགས་མི་མང་ཚོར་ཐ་ན་མིག་ལོག་ཅིག་གིས་ཀྱང་མི་བལྟ་བར་ཐད་ཀར་རྒྱ་ནག་གི་གཞུང་འཛིན་པ་དང་དེའི་སྲིད་བྱུས་ལ་ངོ་རྒོལ་ལས་འགུལ་སྤེལ་བ་ནི་ཆོས་དང་མཐུན་ལ། འཚེ་མེད་ཞི་བ་དང་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་མཐུན་པ་ཡིན་པས་དེ་གཟབ་ནན་བྱེད་དགོས།
ཉ སྐད་ཡིག་དང། ཁོར་ཡུག དཔལ་འབྱོར་གྱི་སྲིད་བྱུས། ཆབ་སྲིད་ཀྱི་ཐོབ་ཐང། དྲང་བདེན་མིན་པའི་ཁྲིམས་གཅོད་སོགས་བྱེ་བྲག་པ་རེ་རེར་ངོ་རྒོལ་རྩོད་ལེན་བྱ་སྐབས། དེ་རྣམས་རྒྱ་ནག་རང་གི་ཁྲིམས་ཡིག་དོན་ཚན་གང་དང་འགལ་འདུག་མིན་གསལ་ཞིང་གསལ་བ་འཕྲད་དར་སྟེང་བྲིས་ཏེ། དེར་མི་མང་འདུ་འཛོམས་ཀྱིས་ངོ་རྒོལ་བྱས་ཏེ་མངོན་འདོད་བྱེ་བྲག་པ་དམ་འཛིན་གནང་དགོས།
༥༽ རྒྱུན་དུ་གནང་དགོས་པའི་ལས་འགུལ་གཞན།
ལས་འགུལ་གཞན་ཞིག་ནི་བོད་མི་རིགས་ཀྱི་དཀའ་ངལ་གང་ཡིན་གསལ་བོར་ཤེས་རྟོགས་བྱ་ཆེད་སློབ་སྦྱོང་བྱ་རྒྱུ་དེ་ཡིན་ཞིང། དེར་ལས་དོན་བྱེད་དགོས་པ་གཤམ་གསལ་ལྟར་ཡིན།
ཀ བོད་ཀྱི་དགོན་པ་ཁག་གི་བླ་མ་མཁན་པོ་དང། གྲྭ་བ་བཅས་ཀྱིས་རང་རང་གི་ལྷ་སྡེའི་ནང་ནང་ཆོས་ཀྱི་གོ་རྟོགས་སྤེལ་དགོས་པ་ཡིན། ཉུང་མཐར་ཟླ་རེར་ཉིན་གཅིག་གམ་ཉིན་ཕྱེད་བཅས་སུ་ནང་ཆོས་གོ་རྟོགས་སྤེལ་དགོས།
ཁ སྡེ་པ་དང་དགོན་པ་སོ་སོས་བོད་སྤྱིའི་བསོད་ནམས་གོང་དུ་སྤེལ་ཕྱིར། ས་གནས་ཆེ་ཁག་ནང་ཉིན་བརྒྱ་དུས་གཅིག་ཏུ་རྣམ་དཀར་གྱི་ལས་ལ་འབད་རྒྱུ་གཏན་འབེབས་གནང་དགོས། དེའང་ལྷ་ས་དང་གཞིས་ཀ་རྩེ། ཆབ་མདོ། ཁམས་ཀྱི་ཡུལ་ལུང་སོ་སོ། ཨ་མདོའི་ཡུལ་ལུང་སོ་སོ་བཅས། རྒྱ་མིས་འབོད་པའི་ཞིང་ཆེན་སྟེ་བོད་མི་གནས་སྡོད་བྱེད་ས་རེ་རེའི་ནང་ཉིན་གཅིག་གཏན་འབེབས་ཀྱིས་ལོ་བསྟར་ཆགས་སུ་དེ་ཉིན་རྒན་བྱིས་སེར་སྐྱ་ཚང་མས་ཉིན་བརྒྱ་དུས་གཅིག་རྣམ་དཀར་གྱི་ལས་ལ་འབད་དགོས།
ག བོད་མིའི་ས་ཞིང་དང་འབྲོག་པའི་རྩ་ས། དེ་བཞིན་གནས་རྩ་ཆེན་བཅས་སུ་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་དང། བཟོ་གྲྭ་འདྲ་མིན་རྒྱག་གི་ཡོད་པ་རྣམས་ངེས་པར་དུ་སྤྱི་ལ་ཁྱབ་པའི་སྒྲིག་འཛུགས་དེར་སྙན་གསེང་ཞུ་བ་དང། སྤྱི་ལ་ཁྱབ་པའི་སྒྲིག་འཛུགས་དེས་ཤེས་རྟོགས་བྱས་ནས་དེའི་ཆེད་མི་མང་སྤྱི་ཡོངས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་དགོས། དེའང་ཁྲིམས་ལ་གཏུག་པ་དང། སྲིད་གཞུང་ལ་ཞུ་གཏུག་བྱེད་པ། རྒྱ་རིགས་མི་མང་ཚོར་གསལ་བཤད་ཞུ་བ། རྒྱ་རིགས་ནང་པ་དང་བླ་མ་ཚོར་སྙན་གསེང་ཞུ་བ་སོགས་བྱེད་དགོས།
ང ཆོས་ལུགས་ཚང་མ་མཐུན་སྒྲིལ་དགོས་ཕྱིར། སོ་སོའི་ས་གནས་ཀྱི་ཁ་ཆེ་ཆོས་རྒྱུད་འཛིན་མཁན་རྣམས་ལ་མཐུན་སྒྲིལ་གྱིས་སོ་སོའི་ཆོས་ལུགས་ཀྱི་བྱམས་བརྩེ་སྤེལ་རེས་དང། དེར་ཚོད་འཛིན་བྱེད་པའི་སྲིད་བྱུས་སོགས་ལ་མཉམ་རུབ་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་དགོས་པ་ཡིན།
མཐའ་དོན་ཞུ་སྙིང་།
བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཕྱིར་དང། རང་སྐྱོང་ཐོབ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་བོད་དུ་གདན་འདྲེན་ཞུ་ཐབས་སུ་ངེས་པར་དུ་རང་གཞན་གཉིས་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་དང། ཆུ་བོའི་རྒྱུན་བཞིན་རྟག་ཏུ་རང་མི་རིགས་ཀྱི་གོང་འཁོད་ཐོབ་ཐང་རྣམས་རྩོད་ལེན་གནང་བ་ཡིན་ན། བོད་ལ་ལོ་གཅིག་གཉིས་ནང་རང་སྐྱོང་ཐོབ་པར་སོམ་ཉི་མི་དགོས་པ་ཞིག་རེད།།
གུས་ཕྱག་བཅས་གཞིས་ལུས་སྤུན་ཟླ་ཚོར་སྤྲིངས།། ༢༠༡༢། ༧། ༦། ཉིན།
གྲོགས་དགེ་མཐོང་སླེབས་ནས་བསམ་ཚུལ་གསུངས་པ་དགའ། ལན་ཅིག་བྲིས་ནའང་མུན་ནག་ནང་དུ་སྐད་ཆ་བཤད་པ་འདྲ་ཞིག་མ་རེད།
༧གོང་ས་ཆེན་པོས་མ་གསུངས་པ་དེའི་རྒྱུ་མཚན་ང་ཚོས་མི་ཤེས་པ་དེ་བདེན་པ་རེད། ཡིན་ནའང། གསུངས་ན་འདི་དང་མ་གསུངས་ན་འདི་ཞེས་རྒྱུ་མཚན་སྔ་མོ་ནས་ཕེབས་ཟིན་སྟབས། དེར་འགྲེལ་ཚུལ་རང་རང་གི་བློ་སྒོ་དང་འབྲེལ་ནས་ཡོང་གི་ཡོད་སྟབས་སྣ་ཚོགས་པ་ཡིན་པ་ཆོས་ཉིད་རེད། ༧གོང་ས་ཆེན་པོས་ང་ཤི་བ་ནང་བཞིན་འདུག་གི་ཡིན། ཆབ་སྲིད་ཀྱི་འགན་མེད་ཅེས་བཀའ་ཕེབས་ཚར་བ་རེད།
གཉིས་ནས་ངས་ལོངས་ཤོག་ཟེར་བ་འདི་ཁྲིམས་མཐུན་གྱི་འབོད་སྐུལ་ཅིག་ཡིན། གཞིས་ལུས་བོད་མི་ཚོས་ལས་འགུལ་སྤེལ་དུས་རྒྱལ་ཁབ་ཁ་ཕྲལ་དང་སྤྱི་ཚོགས་བདེ་འཇགས་ལ་གཏོར་སྐྱོན། ཏཱ་ལའི་རུ་ཚོགས་དང་ངན་འབྲེལ་ཟེར་བ་བཅས་ནི་ཕུད་ཐབས་མེད་པའི་ནག་ཞྭ་གསུམ་རེད། དེ་གསུམ་གྱི་ཉེས་འགལ་རྩ་བྲལ་གྱི་ལས་འགུལ་སྤེལ་དགོས་ན་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས། དེ་བཞིན་ཁྲིམས་སྒྲིག་ཁག་གི་འབྲུ་དོན་གནམ་མཁར་འཕྱར་རྒྱུ་ནི་ཁྲིམས་མཐུན་གྱི་ལངས་ཕྱོགས་ཤིག་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཆེས་གཙུག་འཛིན་བྱེད་པར་ཁས་འཆེ་བའི་ཁྲིམས་སྒྲིག་ཁག་གི་ཐོབ་ཐང་ངེས་པར་དུ་ཞི་བའི་སྡེབས་ལངས་ཀྱིས་རྩོད་དགོས་པ་དེ་ཡིན། དེ་ལ་ཧ་ལས་ཧང་སངས་དགོས་དོན་གཅིག་ཀྱང་མེད།
ཡང་ཅིག་བཤད་ན། རྒྱ་ནག་གཞུང་གིས་འབོད་སྐུལ་བྱས་འདུག་ཅེས་ནག་འགལ་བྱེད་ས་ཁྱོན་ནས་མི་འགྲོ དེ་ནི་ཁ་ཕྲལ་མིན་པའི་རྒྱ་ནག་གི་ཁྲིམས་མཐུན་གྱི་ཞི་རྒོལ་སྡེབས་ཀྱིས་ལངས་སྟངས་ཤིག་ཡིན།
དྲ་གྲོགས་ཚོས་བརྗོད་དོན་ལ་འཇུས་ནས་གླེང་སློང་གནང་རྩིས་བྱེད་པ་འདི་ཡག་རྟགས་ཤིག་རེད། ཅི་སྟེ་ངས་གོང་དུ་བྲིས་པ་དེ་ཚོའི་ནང་དོགས་པ་ཡོད་ན་བསམ་འཆར་འདོན་རོགས། དྲི་བ་གཏོང་རོགས་དེ་གཅིག་ཡིན། གཉིས་ནས་དྲ་གྲོགས་སྟག་སྨྱོན་གྱིས་ངས་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་འགྲོ་ངེས་པ་ཤེས་ཀྱི་མི་འདུག་ཟེར། དེ་བདེན་པ་རེད། ད་ཐེངས་ཚོགས་ཆེན ༡༨ པར་རེ་བ་རྒྱག་མཁན་ཡོད་པ་རེད། ཡིན་ནའང། མི་ཁ་ཤས་ཀྱིས་སྔ་ཕྱི་མ་གཏོགས་མི་རིགས་རང་སྐྱོང་སྲིད་བྱུས་ཀྱི་ཆ་རྐྱེན་ཕྱིར་བསྡུ་བྱེད་ས་རེད་ཟེར་མཁན་འདུག ངས་ནི་དེ་འདྲ་ཞིག་རྩ་བ་ནས་མཐོང་གི་མེད་ལ། ཚོགས་ཆེན་འདིར་ཡང་ཚོགས་འདུའི་གྲོས་གཞི་སྔོན་བསྒྲགས་བྱས་པ་རྣམས་ཚུལ་བཞིན་ལག་བསྟར་ཡོང་མིན་ཉིན་ཁ་ཤས་ཀྱི་རྗེས་ལ་བཤད་ན་འོས་འཚམས་སུ་མཐོང་གི་ཡོད་མ་གཏོགས་སྔོན་དཔག་གི་རིག་པ་ཅི་གང་མེད།
གཉིས་ནས་བོད་ནང་དུ་སྐད་ཆ་བཤད་པའི་ཐོབ་ཐང་མེད་ཟེར་བ་དང། དབང་ཚད་མེད་ཟེར་བ་དེ་ཅི་ལྟར་མེད་སོང་བ་རེད་དམ། དེ་ལ་འགྲེལ་བཤད་ཐུབ་མཁན་ཡོད་ན་གནང་རོགས།
ངས་ནི་བོད་ནང་རང་སྐྱོང་རྩོད་ཕྱོགས་ཀྱི་ཐབས་ལམ་འདི་ཡག་པོར་མཐོང་གི་ཡོད། གཤམ་དུ་བཀོད་ཀྱི་ཡིན།
རྒྱལ་ས་ལྷ་ས་ནས་ཞི་རྒོལ་སྡེབས་ལངས་ཤིག་མ་བྱས་ན། རྒྱ་ནག་གཞུང་འགུལ་བསྐྱོད་རྒྱག་འཆར་ཡོད་ས་མ་རེད། རྒྱལ་ས་ལྷ་ས་བོད་ཀྱི་ཡུལ་དབུས། ཆོས་རིག་གི་བསྟི་གནས། ཕྱོགས་འདུས་མི་སྣ་འཛོམས་ས། རྒྱལ་ཕྱི་ནང་ལ་འབྲེལ་བ་ཆེ་ས། རྒྱ་ནག་གཞུང་གིས་དོགས་ཟོན་ཤུགས་ཆེར་བྱེད་ས། འཛམ་གླིང་སྤྱི་ཡིས་དམིགས་བསལ་དོ་སྣང་སྤྲོད་ཡུལ་འདིར། ཞི་རྒོལ་ཆེན་མོ་རབ་དང་རིམ་པར་ལངས་པ་རེད། ད་དེ་རིང་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་བཞི་པའི་དགོངས་དོན་དང་མཐུན་པར། བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་བོད་ཀྱི་ཆོས་རིག་དང། སྐད་ཡིག ཁོར་ཡུག་བཅས་ཀྱི་ཆེད་རྒྱ་ནག་གཞུང་གི་སྲིད་བྱུས་འཕྲལ་དུ་བསྒྱུར་བཅོས་དགོས་པའི་ཞི་རྒོལ་ཆེན་མོ་ཞིག་ལངས་ཐུབ་ཀྱི་རེད་དམ། གནད་འགག་གལ་ཆེའི་སྐབས་སུའང་རྒྱ་གཞུང་གི་རྒྱུག་ཁྱི་རང་འཁྲབ་སྡོད་མཁན་གྱི་བོད་རིགས་མགོ་ཁྲིད་དེ་ཚོས་བོད་མིའི་དངོས་ཡོད་གནས་བབ། བོད་མིའི་བསམ་འདུན་དངོས་གནས་རྒྱ་གཞུང་ལ་ཞུ་རྒྱུའི་གནོན་ཤུགས་ཤིག་སྤྲོད་ཐུབ་ཀྱི་རེད་དམ། ཁོང་ཚོས་ས་གནས་མི་མང་གི་མངོན་འདོད་ཅི་བཞིན་རྒྱ་གཞུང་ལ་ནམ་ཞིག་ཐད་ཀར་འཛེམ་དོགས་མེད་པར། རང་དོན་དོར་བའི་ཐོག་ནས་ཞུ་ཡི་རེད་དམ།།
ཤར་ཕྱོགས་ཁུག་རྟའི་རྩོམ་ཐུང་འདིའི་ཡང་སྙིང་བདག་གི་རྙེད་དོན་ལྟར་ན་འདི་འདྲ་ཞིག་སྟེ། བོད་ཕྱི་ནང་ཟུང་འབྲེལ་གྱིས་ཐུན་མོང་གི་ཞི་རྒོལ་འགོ་བརྩམས་ནས་མུ་མཐུད་དེ་མདུན་སྐྱོད་དང་། དེ་ཡང་མི་མང་ཡར་ལང་ཅན་གྱི་ལས་འགུལ་གཞིར་བཞག་ནས་ཟེར་གྱིན་ཡོད་པ་དེ་རེད། བདག་ལ་མཚོན་ན་སྤྱིར་དེ་འདྲའི་སྐུལ་སློང་ཞིག་ངོ་མ་འོས་རུང་། ལག་ལེན་དངོས་ཀྱི་ཐད་ནས་ད་རུང་འུ་ཚོར་དཀའ་ཚོད་རེད། འོད་སྟོང་བཀྲ་བའི་དེ་འདྲའི་བོད་ཀྱི་ལས་འགུལ་ནི། རང་རེའི་ཆེས་མཐའ་མཇུག་གི་སྐལ་པ་ཉིད་ཅིག་མ་རེད་དམ། དེ་ལས་དེའི་སྔོན་འགྲོའི་ཆ་རྐྱེན་དག་ད་སྐབས་འུ་ཚོས་ཚ་ཚ་འུར་འུར་ངང་གྲོས་བྱེད་དགོས་པ་ཞིག་ཏུ་མཐོང།།
མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་བཞུད་ཟིན་པའི་དཔའ་རྒོད་ཚོ། མེ་མདའ་དང་གཅར་བརྡུང་གི་ཁྲོད་ན་འབུར་བཞིན་པའི་སྤུན་ཟླ་ཚོ། ངས་ཁྱེད་ཚོར་དགོངས་སེལ་ཞུ། ངས་ནི་ཅི་ཡང་མི་འཇོན་ལ་གང་ཡང་མི་ཤེས། ངའི་ཉེ་འཁོར་གྱི་ཤེས་ཡོན་པ་དང་བསམ་བློ་བའི་གདོང་འབག་གྱོན་མཁན་ཚོས་བྱེད་སྟངས་དེར་བློ་ཕམ་མ་གནང་རོགས། ངའི་ཉེ་འཁོར་གྱི་གདོང་འབག་ཅན་ཚོས་རྒྱ་ནག་ལ་བརྡ་ལན་སྤྲོད་པའི་རྩོམ་ཡིག་གཅིག་སྤེལ་མི་ཐུབ་ལ། ངའི་ཉེ་འཁོར་གྱི་གདོང་འབག་ཅན་ཚོས་བློ་སེམས་གཅིག་སྒྲིལ་གྱི་ལས་འགུལ་གཅིག་སྤེལ་མི་ཐུབ། ཁོང་ཚོས་ཐུབ་པ་ནི་བརྡ་དག་འཁྱར་འཁྱོར་རེ་བེད་སྤྱོད་བྱས་ཏེ་ཕྲག་དོག་དང་ཕྱོགས་ལྷུང་བྱེད་རྒྱུ་དེ་ཡིན་ལ། ཁོང་ཚོས་ཐུབ་རྒྱུ་ནི་ཆབ་སྲིད་ཁ་གཡང་རེ་བེད་སྤྱད་བྱས་ཏེ་དམངས་ཚོགས་དཀྲུག་ཤིང་བཟོ་རྒྱུ་དེ་ཉིད་ཡིན། འུ་ཚང་གི་བླ་བཙོང་ཚོ་སྤྱང་ཚོགས་དང་མཉམ་འབྲེལ་མིན་སྲིད་ཀྱང་བག་ཆགས་རྙིང་རུལ་དང་། ཕྲག་དོག་འགྲན་རྩོད། ང་རྒྱལ་ཆེར་རློམས། བསམ་བློ་གུ་དོགས། སོགས་ཡོད་ཚད་ཀྱིས་དབུལ་བས་རེད། ཁྱེད་རྣམས་དགོངས་པ་མ་ཚོམ།
ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐིགས་པ།
༡༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༢༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༣༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༤༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༥༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༦༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༧༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༨༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༩༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༡༠༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༡༡༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༡༢༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༡༣༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༡༤༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༡༥༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༡༦༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༡༧༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༡༨༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༡༩༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༢༠༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
༢༡༽རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག
དུས་བབ་དྲ་ཚིགས་ཀྱི་ཁ་སྒོ་ཕྱེས་པ་ལྷན་དུ་བསམ་ཚུལ་སྡེ་ཚན་གྱི་མགོར་ཁ་བརྡ་དང་ངོ་དེབ་ནས་མཐོང་མྱོང་བའི་སྐུ་ཞབས་ཁུག་རྟ་ཡི་འབོད་བརྡའི་རྩོམ་ཐུང་དེ་མཐོང་བྱུང་མཆན་ཡང་གྲངས་༡༡་ཟིན་འདུག བདག་གིས་དེ་མ་ཐག་གསར་འགྱུར་གཞན་པར་བལྟ་རྒྱུ་བསྐྱུར་ནས། མཆན་འདེབས་མཁན་ཚོར་རེ་བའི་ངང་བལྟས་པ་ཡིན། འོན་ཀྱང་ངར་དཀའ་ངལ་ལས་སྤྲོ་སྣང་ཞིག་རྩད་ནས་སྟེར་མ་ཐུབ་ཐལ། གང་ལྟར་ཛ་དྲག་གི་དུས་ཚོད་འདི་འདྲ་ཞིག་ལ་འུ་ཚོ་སུ་ཡིན་རུང་བསམ་ཚུལ་བཤད་དགོས་ལ་དེར་ཡང་འདྲ་མིན་ཡོད་ངེས། ཡིན་ཡང་འུ་ཚོ་ཐུན་མོང་ལ་འོས་འགན་ཉིད་ཅིག་ཡོད་པ་ནི། བསམ་ཚུལ་དེ་དག་གི་ནང་ནས་བོད་རྩ་དོན་ལ་ཕན་པའི་ལེགས་ཆ་སྡུ་སྒྲུག་བྱས་ཏེ་སོ་སོའི་བསམ་བློ་ཡར་བསྐྱེད་ལ་འབད་རྒྱུ་དེ་རེད། དེ་ནས་ད་གཟོད་འུ་ཚོས་འུ་ཚོར་ཕན་པའི་བྱ་བ་ཞིག་རྙེད་འོང་གི་རེད་བསམས་ཀི་་་་་
ཡིད་སུན་བྱེད་ཀྱི་སྐད་ཆ་རྐྱང་རྐྱང་བཤད་ནས་མ་འདུག་རོགས་་་་་གཅིག་རྒྱབ་གཅིག་ལང་གིས་བོད་རྩ་དོན་ལ་ཕན་པའི་ལམ་ཞིག་ཚོལ་དང་་་་ངོ་མ་ངོ་རེ་ཚ།
ལོངས་ཤོག མཆོངས་ཤོག བཙན་བྱོལ་དུ་ཡོད་པའི་བོད་མི་ཚོ་ལོངས་ཤོག
གཞིས་ལུས་བོད་མི་རྣམས་ཀྱིས་རང་གི་ལུས་སྲོག་འབྱོར་བ་ལོངས་སྤྱོད་ཡོད་ཚད་གཏའ་མར་བཞག་ནས། བོད་མི་རིགས་ཀྱི་མ་འོངས་པའི་ཆེད་དུ། ད་ལྟའི་མྱོང་བཞིན་པའི་མི་རིགས་འདི་སྡུག་བསྔལ་ལས་གྲོལ་བའི་ཕྱིར་དུ་བྱ་དགོས་པ་ཡོད་ཚད་བྱས་ཟིན་པའམ་བྱེད་བཞིན་ཡོད། འཆི་དུར་ཁུང་ནས་ཀྱང་བཙུམས་མ་ཐུབ་པར་ཅེར་བའི་དཔའ་བོ་དཔའ་མོ་རྣམ་པའི་རེ་བ་སྟེ། བཙན་བྱོལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོས་ཕྱི་དོན་ཞིག་སྒྲུབ་བཞིན་ཡོད་བསམ་པ་དེ་བཞིན། ང་ཚོས་ཁོང་ཚོའི་དོན་འབྲས་ལ་འགན་དབང་འཁྱེར་བའི་བློ་སྤོབས་ཅི་ཞིག་ཡོད། རང་ཉིད་ཀྱི་བྲང་ལ་ལག་པ་བཞག་ནས་འདང་ཞིག་རྒྱོབས། གལ་སྲིད་གདེང་ཚོད་ཅིག་མེད་ན། ད་ལངས་རན་རེད་ལ། མཆོངས་རན་ཀྱང་རེད། གང་ཡིན་ཡང་བྱ་རན་རེད། ད་དུང་འདི་བཞིན་བསྡད་ན་གཞིས་ལུས་བོད་མི་རྣམས་ཀྱི་རེ་སེམས་བསྲེགས་པ་ལས་དོན་འབྲས་གང་ཡང་མི་འབྱུང་བ་མངོན་གྱུར་རེད།་དེ་རིང་ནས་མགོ་བཙུགས་ཏེ་ང་ཚོས་མ་མཐའ་ཡང་གཤེགས་ཟིན་ཟིན་མིན་གྱི་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་ནུས་པ་ཐོན་མིན་ལ་མ་བལྟོས་པར་བྱ་ནུས་པ་ཡར་ལངས་ཆེན་མོ་འདིའི་རིགས་ཀྱི་རྣམ་འགྱུར་ཙམ་ཡང་མ་བསྟན་ན། བཙན་བྱོལ་བ་རྣམས་གཞིས་སྡོད་བོད་མི་ཚོར་མགོ་སྐོར་མཁན་ཆགས་པའི་ནག་ཉེས་དེ་ལོ་རྒྱུས་ཀྱི་ནག་ཉེས་དང་། མི་རིགས་ཀྱི་ནག་ཉེས། ད་དུང་ལས་འབྲས་ཀྱི་ནག་ཉེས་ཅན་ཡང་ཡིན་པ་དྲན་སོས་དགོས་ཚོད་རེད། དེ་བས་ད་ལྟ་ང་ཚོས་དོན་འབྲས་ཐོན་མིན་དང་། འོས་མཚམས་ཡིན་མིན། ལྟ་བ་འགྲིག་མིན། བསམ་ཚུལ་དག་མིན། ད་དུང་སྐབས་སུ་བབ་མིན་ལ་བསམ་ནས་གདམ་ཁ་འབྱེད་པའི་དུས་མ་རེད། སྤུན་ཟླ་ཚོ། སྙིང་ཁོང་ནས་སེམས་ཤིག་ཡོད་ན། སེམས་སྟེང་ན་དྲོད་ཞིག་ཡོད་ན། ད་ལོངས་ཤོགས། ཚང་མ་མཉམ་དུ་ལོངས་ཤོག
(བོད་རེ་བས་ཕུང་། རྒྱ་དོགས་པས་ཕུང་།)(བདག་ཉིད་བདག་གི་མགོན་ཡིན་ཞིང་། །བདག་ལྟ་སུ་ཞིག་མགོན་དུ་འགྱུར། །)
ཁ་སང་དེ་རིང་བོད་ནང་གི་གནས་སྟངས་ཛ་དྲག་ནས་ཛ་དྲག་རུ་འགྲོ་བཞིན་འདུག་ལ། རྒྱལ་སྤྱིའི་ཐོག་སྟོབས་ཆེན་རྒྱལ་ཁབ་དུ་གྲགས་པའི་ཨ་རི་དང་རྒྱ་ནག་གི་སྲིད་འཛིན་གསར་རྙིང་འཕོ་འགྱུར་གྱི་འུར་ཟེང་ཆེན་པོ་ཞིག་གིས་བརྒྱུད་ལམ་ཐམས་ཅད་བཅད་ནས་འདུག བཙན་བྱོལ་དུ་ཡང་དམིགས་བསལ་ཚོར་སྣང་ཡོད་མཁན་རེ་ཟུང་མ་གཏོགས་མི་མང་སྤྱང་ནི་འཇམ་ཇགས་སེ་གནས་འདུག འུར་རྒྱག་མཁན་ཚོ་ནི་ཆབ་སྲིད་པ་དག་རེད། ཡིན་ནའང་། ད་ནི་ཆ་སྲིད་པ་ཚོས་ཀྱང་གོ་སྐབས་འཛིན་མ་ཤེས་ནས་ལྷག་ཡོད་པ་འདྲ། ཉེ་ཆར་རྒྱ་ནག་གི་རྒྱལ་དར་ཕྱར་ནས་ཡོང་དགོས་པའི་འབོད་སྐུལ་བྱས་པ་དང་། ད་ལྟ་ཡང་སྲིད་སྐྱོང་པར་རྒྱ་ནག་གི་རྩ་ཁྲིམས་ལག་ཏུ་འཛིན་དགོས་པའི་ལམ་སྟོན་བྱེད་ཀྱི་འདུག མ་ཚད་སྐྱབས་མགོན་རིན་པོ་ཆེ་ལ་ཡང་ཞི་རྒོལ་སྡེབས་ལངས་ལ་རྒྱབ་སྐྱོར་གནང་རོགས་ཟེར། ཇི་འདྲའི་སློབ་སྟོན་པ་ངར་མ་ཞིག་སླེབས་འདུག རང་གིས་འཐབ་རྩོད་མ་བྱས་པར་མི་ལ་ཅིག་བྱེད་རོགས་ཟེར། དང་པོ་བཤད་མཁན་རང་གིས་རྒྱ་ནག་རྒྱལ་དར་ཁུར་ལ་རྩ་ཁྲིམས་བཟུང་ནས་མི་མང་སྡེབས་ལངས་ཀྱི་སྣེ་ཁྲིད་བྱོས་དང་། དེ་ནས་༸བོད་མིའིས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་དང་། སྲིད་སྐྱོང་པར་བསླབ་བྱ་བྱེད་ལོས་ཆོག བཤད་སྟངས་ལ་བརྟས་ན་འདུག་འདུག་མཁན་དེ་༸གོངས་མཆོག་གིས་གཙོས་པའི་སྲིད་སྐྱོང་པ་དང་མི་མང་ཡིན་པའི་བཟོ་ཞིག་འདུག་ཨ། དཀོན་མཆོག་གིས་མཁྱེན།
དགེ་མཐོང་གི་བཤད་སྟངས་སྣང་བར་འགྲོ་སོང་ངོ་མ་ཤར་ཁུགས་ཟེར་བ་འདི་ལ་དངོས་གནས་དོགས་པ་ཟ་གྱི་འདུག་ཤ་ཚ་ཚ་སྙིང་ཉེ་ཉེ་ཡོད་མདོག་ཁ་བོ་གཞིའི་ལས་སྤུན་ཟླ་ཚོ་བསམ་བཞིན་དུ་དགྲ་བོ་ལག་དམར་ཚང་གི་མེ་མདའི་སོ་ཁ་ལ་འདེད་ཀྱི་འདུག་
ཤར་ཁུག་གི་སྐད་ཆ་གཏིང་ནག་པོ་འདུག ཁྱེད་ནས་ཤེས་མེད་པ་ཞིག་ནི་བཀའ་ཤག་གསར་པས་དབུ་མའི་ལམ་གྱི་སྲིད་བྱུས་ཁ་ཞེ་གཉིས་མེད་ཀྱིས་འཛིན་གྱི་ཡོད་མེད་ཐད་དོགས་གཞི་ཡོད་པ་དེ་རེད། དེ་ནི་ཁྱེད་ལྟར་བཀའ་ཤག་གསར་པས་རང་སྐྱོང་བསམ་འཆར་སྐོར་བཀའ་ཤག་གིས་ཁྱོན་ནས་གླེང་གི་མེད། རྒྱུ་མཚན་དེ་འདྲས་རྒྱ་ནག་ཕྱོགས་ནས་སྲིད་སྐྱོང་གསར་པ་ངོས་ལེན་ཡོད་མེད་ཀྱི་གནད་འགག་གཅིག་པུ་མིན་པར། ཁྱོན་ནས་འབྲེལ་མོལ་གྱི་སྒོ་མོ་བརྒྱབས་བཞག་ཡོད། ཡ་གཏན་ནས་བྱེད་ཀྱི་མེད། སྣང་ཚུལ་འདི་དེང་སང་བོད་ཀྱི་ཆབ་སྲིད་ཉམས་ཞིབ་པ་དག་གི་གླེང་གཞི་ཞིག་རེད།
གཞན་ཁྱེད་ནས་མགྲིན་ཚབ་ཐད་དོགས་སློང་བྱས་པ་དེ་ཡག་པོ་རེད། དེ་བཅའ་ཁྲིམས་དོན་ཚད་དང་པོའི་དགོངས་དོན་དང་མཐུན་པ་ཞིག་རེད་ལ། ལོ་རྒྱུས་དང་འཐབ་རྩོད་ཀྱི་རྒྱུད་རིམ་བཅས་ལ་མཐུན་པའང་ཁྱེད་བདེན།
རྒྱ་ནག་གི་བཅའ་སྒྲིག་ཁག་གི་འབྲུ་དོན་གཞིར་བཟུང་འཐབ་རྩོད་བྱས་པ་ལས་སླ་བོར་མེ་མདས་བསད་མི་ཆོག་ལ་བཙོན་འཇུག་ཀྱང་བྱས་མི་ཆོག དེའི་དཔེ་མཚོན ༢༠༠༨ ཚུན་ཆད་དུ་བོད་ནང་བསྟུན་མར་བྱུང་ཡོད། ཡིན་ཡང་དེར་བཀའ་ཤག་གིས་ཁ་གསལ་བའི་ལམ་སྟོན་བྱ་རྒྱུ་ཁག་པོ་རེད། དེ་ནི་བཀའ་ཤག་གསར་པས་འབྲེལ་མོལ་ཐད་ནུས་ཤུགས་རྩལ་དུ་འདོན་དུས་ནས་བཀའ་ཤག་གི་ལས་ཡུན་ལོ་བཞི་པ་ནས་མགོ་རྩོམ་ངེས་པ་རེད། དེ་ནི་ལོ་ལྔ་ཚན་ཕྱི་མའི་སྔོན་འགྲོའི་སྟ་གོན་ཀྱང་རེད་འདོད་པས། བཀའ་ཤག་འདི་ལ་རྒྱ་ནག་ཕྱོགས་ནས་རེ་བ་གང་ཡང་མེད་ལ། ཐ་ན་རྒྱལ་སྤྱིའི་ནང་ཞུ་གཏུག་ཅི་ཙམ་བྱས་ཀྱང། ༢༠༠༢ ལོར་ཡོ་རོབ་གྲོས་ཚོགས་ཀྱིས་བཞག་པའི་གྲོས་ཆོད་དེ་འདྲ་ཞིག་ཀྱང་ད་བར་སུ་གང་གིས་འཇོག་ཐབས་མེད། འདི་དག་ནི་རང་སྲེག་ཞུ་གཏུག་བྱེད་དུ་སོང་བའི་ནུས་བ་གྲུབ་འབྲས་བཅས་ལ་ཏན་ཏན་འབྲེལ་བ་ཡོད་པས། ཤར་ཁུག་ཁྱེད་དང་ཁྱེད་རིགས་ཀྱི་རེ་བ་འདི་ནི་བཀའ་ཤག་འདིས་སྒྲུབ་མི་སྲིད་པ་ཞིག་རེད་འདོད།།
བསམ་ཚུལ་འདི་འབྲེལ་གྱི་བགྲོ་གླེང་ནང་ཁ་བརྡའི་ནང་གཟིགས་རོགས་ཞུ། ཁ་བརྡར་བགྲོ་གླེང་འགྲོ་བཞིན་པ་ཡིན་པས་འདིར་བསྐྱར་འགོད་བྱ་རྒྱུ་དུས་ཚོད་ཀྱིས་མི་ལྕོགས་ན་དེ་ལུགས་དྲ་འབུ་རྣམས་ཀྱིས་ཡིད་འཇགས་ཞུ།
རྒྱ་ནག་གི་རྩ་ཁྲིམས་ལག་ཏུ་བཟུང་ནས་ཞུ་འབོད་བྱེད་པ་ནི་ཚོགས་པ་དབུ་མའི་ལམ་གྱི་ལངས་ཕྱོགས་ཡིན་ན་མ་གཏོགས་༸རྒྱལ་བས་ལམ་སྟོན་མཛད་པའི་དབུ་མའི་ལམ་པ་དག་གི་ལངས་ཕྱོགས་རྩ་བ་ནས་མིན་ནོ།།
གཞིས་ལུས་རྒྱ་ཆེའི་མི་མང་སྡེབས་ལངས་བྱས་པ་རེད་ལ། རྒྱ་ནག་གི་རྩ་ཁྲིམས་ཕར་ཟད་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པའི་སྡེབས་ལངས་ཆེན་པོ་ཞིག་བྱས་པ་རེད། དེ་དག་ཚང་མ་རྒྱ་ནག་གིས་ཁྲིསམ་འགལ་རེད་ཟེར་བ་ལས། དེ་མ་ཡིན་པའི་ཁྲིམས་འགལ་དུ་འདོད་མཁན་གང་ཞིག་འདུག་ཨང་།
དོན་དངོས་སྟེང་ནས་བསམ་བློ་ཞིག་ཐོངས་དང་། གནའ་ནས་ད་བར་བོད་མི་ཚོས་ཞི་རྒོལ་རྐྱང་རྐྱང་གིས་བོད་མིའི་བདེན་དོན་འཐབ་རྩོད་བྱས་ཀྱང་། རྒྱ་ནག་གི་རྩ་ཁྲིམས་ཀྱིས་སྲུང་སྐྱོབ་བྱས་བཞག་པའི་བོད་མི་ག་ཚོད་ཡོད།
རྒྱ་དམར་པོའི་རྩ་ཁྲིམས་ནི་ནམ་ཡང་བོད་མི་ཚོའི་ཐོག་ཏུ་དྲང་ཐད་ནས་མེད་པ་བླུན་པོས་ཀྱང་ཤེས་ན་ཁྱེད་ཀྱིས་རྒྱ་ནག་གི་རྩ་ཁྲིམས་ལག་ཏུ་བཟུང་ནས་འབོད་སྐུལ་བྱེད་དགོས་དོན་གང་ཡིན་ནམ།
འཚེ་བ་མ་ཡིན་པར་བོད་མིའི་བདེན་དོན་འཐབ་རྩོད་ཅིག་ཡིན་ན་༸རྒྱལ་མཆོག་བསྟན་འཛིན་རྒྱ་མཚོས་རྒྱབ་སྐྱོར་མ་བྱས་པ་ཞིག་མེད་པས་ཁྱེད་ཀྱི་སྐད་ཆ་འདི་གང་ཞིག་ལ་གཡུག་གིན་ཡོད།
མི་རིགས་འཐབ་རྩོད་བྱས་ནས་རང་གཞན་གྱི་སྲོག་ལ་མ་གནོད་པར་ཞི་རྒོལ་རྐྱང་པས་རང་སྐྱོང་བླངས་བཞག་མཁན་གྱི་མི་རིགས་གང་འདྲ་ཞིག་ཡོད་པ་རེད།
ང་ཚོས་ངོས་ནས་ཞི་རྒོལ་བྱས་ཀྱང་རྒྱ་ནག་ཕྱོགས་ནས་བོའུ་མཆུ་ང་ཚོ་ལ་གཏད་ཡོད་པ་ཁྱེད་ཀྱིས་ཤེས་ཀྱི་ཡོད་དམ། རྔ་བའི་སྲང་ལམ་གྱི་(ང་ཚོས་གུང་ཁྲན་གྱི་ཁ་ལ་ཉན་གྱི་ཡིན། མེ་མདས་ང་ཚོ་ཁ་ལ་ཉན་གྱི་རེད་)ཅེས་པ་མཐོང་མྱོང་ངམ།
ཡང་(རྔ་བ་མི་དམངས་ལ་གིས་འདུད་ཞུ) ཞེས་དྲག་ཆས་སྤྲས་ཤིང་འཇིགས་འཇིགས་ཀྱིས་རླངས་འཁོར་ནང་སྲང་ལམ་སྐོར་སྐྱོད་བྱེད་བཞིན་མ་མཐོང་སོང་ངམ།
འདིས་ག་རེ་མཚོན་བཞིན་པ་རེད། ང་ཚོས་ཞི་རྒོལ་བྱས་ཀྱང་ཕར་ཕྱོགས་ནས་སྲོག་ལ་རྒོལ་རྒྱུ་ཡིན་པ་མཚོན་གྱི་མི་འདུག་གམ།
གཞན་བཤད་དགོས་པ་ཞིག་ལ། རང་གཞུང་གིས་མ་བྱས་པ་ཞིག་ལ་མི་སྒེར་བ་ཞིག་གམ། ཚོགས་ཆུང་ཞིག་གིས་དེ་ལྟར་བྱ་དགོས་ཞེས་མི་མང་ལ་སྐུལ་སློང་དང་། འུར་སློང་བྱེད་ཀྱི་མ་འདུག
རྒྱ་དར་ཕྱར་དགོས་མི་དགོས་དང་། རྒྱའི་རྩ་ཁྲིམས་ལག་ཏུ་འཛིན་མི་འཛིན་གཞུང་གིས་བཀའ་སློབ་གནང་ཡོང་གི་རེད།
དབུ་མའི་ཚོགས་ཆུང་ལས་གཞན་སྟོབས་ཆེ་ལ་ནུས་པ་བརྒྱ་འགྱུར་སྟོང་འགྱུར་གྱིས་ཆེ་བ། ཤར་ཁུག་ལས་བསམ་བློ་དང་ཤེས་ཡོན་མཐོང་རྒྱ་གང་གི་ཐད་ནས་ཕུན་སུམ་ཚོགས་པའི་བཀའ་ཁྲི་དང་ཚོགས་གཙོ་སོགས་ཡོད་པ་རེད། ཁྱེད་རང་གིས་བྲེལ་བ་བྱ་དགོས་པ་མ་རེད་ལོ།
ཐོག་མར་ཁ་བྱང་འདིའི་ནང་དོན་མ་ཟད་ཡིག་ནོར་ཅིག་གིས་བརླགས་འདུག གང་ཞེ་ན། རང་སྲེག་མ་བཏང་མིན་པར་རང་སྲེག་གཏང་ལབ་དགོས་པ་འདྲ།
མ་གཏང་ཞེས་པ་དང་སྡེབས་ཀྱིས་ལོངས་ཤོག་ཅེས་པ་འདི་གཉིས་བོད་ནང་གི་སྤུན་ཟླ་ཚོར་བཤད་རྒྱུའི་ཐོབ་ཐང་ཞིག་སྐྱབས་བཅོལ་བ་ཚོ་ལ་ནམ་ཡང་མེད།
རྩ་བའི་ཉིད་ཀྱིས་ཚོར་སྣང་ཡོད་པའི་སྒོ་ནས་སྐད་ཆ་འགའ་བཤད་ཐུབ་པར་དགའ་བསུ་ཞུ། འོན་ཀྱང་ང་ཚོས་བོད་ནང་གི་གནས་སྟངས་མི་ཤེས་པས་དེ་ནི་བཟང་དང་ངན། མཚམས་ཞོགས་དང་མ་འཇོག་སོགས་ཀྱི་ཐ་ཚིག་སྒྲོག་པ་དང་རེ་སྐུལ་གཏོང་རྒྱུའི་ཆ་རྐྱེན་ང་ཚོ་ལ་ཡོད་ནི་མ་རེད། འདི་ནི་ཁྱེད་རང་གཅིག་པུ་ལ་ལབ་པ་མིན་པར། ཨ་ཀྱཱ་རིན་པོ་ཆེ་གཙོས་ཆེན་པོ་དང་ཆུང་ངུ་། འབྲང་ཡོངས་ལ་བརྡ་ཙམ་དུ་སྦྱར་བའོ།། གལ་སྲིད་དེ་འདྲ་འབོད་སྐུལ་ཞུ་དགོས་ཚེ་༧གོང་ས་མཆོག་གིས་སྔོན་ནས་བརྒྱུད་ལམ་ཁག་གིས་བཅར་འདྲིའི་སྐབས་གསུངས་ཟིན་ཡོད་ངེས། དེ་ལྟར་མི་གསུངས་པར་ངས་མི་ཤེས། རླབས་ཆེན་རེད། ཐུགས་བསམ་སྐྱོ་གི་གསུངས་པ་ལ་རྒྱུ་མཚན་དང་དགོས་པ་རླབས་ཆེན་ཡོད་ངེས་པས་ཚེ་དང་ལྡན་པ་དག་གིས་དཔྱད་པར་མཛོད།
ལྷག་པར་ཉིད་ཀྱིས་ལོངས་ཤོག་ཅེས་པའི་ཐ་ཚིག་སྒྲོག་པ་འདི་ལ་ངོས་ལེན་མེད། རྒྱུ་མཚན། བོད་ནང་གི་གནས་སྟངས་དེ་ང་ཚོས་མི་ཤེས་པ་དང་། ང་ཚོས་ཕྱོགས་རེ་བ་རེ་ཚོད་དཔག་བྱ་ནུས་ཀྱང་ཡོད་ཚད་མི་ཤེས་པ་གསལ་གསལ་ཐིང་ཐིང་དུ་ངེས། རང་ཉིད་རང་དབང་ལུང་བ་ནས་བསྡད་དེ་བོད་ནང་དུ་སྡེབས་ལོངས་བྱོས་ལབ་ན་ཕྲན་ལྟ་བུ་ཞིག་ལ་མཚོན་ན་ཁོག་ཏུ་ཤར་ཡང་ཁ་ནས་འདོན་ཐུབ་ས་མ་རེད། ང་ཚོས་འདི་ནས་ཀུ་བཏབ། མཐའ་ན་བྱིས་པ་ཆུང་ཆུང་ཚོས་ཀྱང་བྱེད་ནུས་པའི་ལས་འགུལ་རྒྱ་ནག་གི་རྒྱལ་དར་མེ་ལ་བསྲེག། ཆུ་ལ་བསྐུར་ཆོག་ཆོག་རེད། བོད་ནང་ནས་དེ་འདྲ་ཞིག་བྱེད་དགོས་ན་ཚེ་སྲོག་གཏའ་མར་འཇོག་དགོས་པས་ཉིད་ཀྱིས་ལོངས་ཞེས་པའི་ཚིག་འདི་གཞིས་ལུས་སྤུན་ཟླར་སྒྲོག་པ་ན་ང་ཤ་འདར་རུས་འདར་བརྒྱབས་སོང་། རབ་ཡིན་ན་ཁ་སང་ལས་འགུལ་དེའི་ཕྱོགས་སུ་འབད་རྒྱུ་ལས་འདིའི་ཕྱོགས་ལ་བཟང་ངན་གི་སྐད་ཆ་མ་བཤད་རོགས་ཞུ། ལྷག་པར་མེ་བསྲེགས་ཞི་བའི་ལས་འགུལ་འདི་རྒྱལ་ཁབ་གཞན་ལ་སྔར་ཡོད་མ་མྱོང་བ་དང་ཕྱིས་སུ་ཡང་འབྱུང་མི་སྲིད་པའི་བོད་མིའི་སྙིང་སྟོབས་ཤིག་དང་། ཨ་ཆད་འུ་ཐུག་གི་ཞི་བའི་ལས་འགུལ་ཐ་མ་ཡིན་པ་ཡིད་དུ་ཟུངས། གྲོགས་པོ་ལགས།
ནང་དུ་ནོར་འཕྱུག་ཡོད་སྲིད་པས་ལམ་སྟོན་དང་བགྲོ་གླེང་གནང་རྒྱུ་མཁྱེན།
ལྟས་ངན་རྒྱ་ནག་རྩ་ཁྲིམས་གཞི་བཟུང་དགོས་ན། ཁྱེད་རང་གིས་ཟུང་།
ཁྱེད་རང་ལ་དངོས་གནས་ཉེན་ཁ་འདུག ད་ཚོད་གྱིས་ན་ཡག།
བླ་མས་བཤད་ན་བླ་མ་བདེན། དཔོན་པོས་བཤད་ན་དཔོན་པོ་བདེན། ད་དཀོན་མཆོག་མཁྱེན། ག་བ་ཉན་དགོས་མིན་ཧ་གོ་ཡི་མི་འདུག
ལངས་སྟངས་འདི་འདྲ་རེད། ངོ་མ་ཕྱི་སྡོད་བོད་མི་ཚོ་ལོངས་ཤོག དགོས་མཁོ་ཅན་དང་འཆར་གཞི་ཅན་གྱི་སྙན་ཞུ་ལ་ངོ་མ་སེམས་སྟེང་ནས་རྒྱབ་སྐྱོར་ཡོད།
སྤྱིར་ང་ཚོ་བཙན་བྱོལ་ནང་ཡོད་པ་རྣམས་ཀྱིས་གཞིས་ལུས་སྤུན་ཟླའི་ཚེ་སྲོག་ལ་བསམ་བློ་རྩ་བ་ནས་བཏོང་གི་མེད་ང་ཚོ་སྡེབ་ལང་བྱས་ཀྱང་འཛམ་གླིང་མི་དམངས་གི་བལྟད་མོ་བལྟ་བ་དང་གུང་ཁྲན་རིང་ལུགས་ཀྱིས་རྡུང་བརྡེག་བཏོང་བ་ཞིག་ལས་གང་ཡང་མེད། ད་ལྟ་ང་ཚོ་གཞིས་བྱེས་གཉིས་ནས་རང་ནུས་གང་ཡོད་རང་མི་རིགས་གི་རིག་གཞུང་འདི་སྲུང་སྐྱོབས་བྱེད་པའི་དུས་ལ་བབས་ཀྱང་རང་གི་རྡོ་ཡར་ཀྱག་རྗེས་རང་གི་རྐང་པའི་སྟེང་དུ་ཞུ་བཞིན་འདུག་པ་ལས་གཞན་གང་ཡང་མེད་པ་ཤེས་བཞིན་དུ་ཨུ་ཚུགས་མཐའ་སྐྱེལ་བྱེད་པ་ནི་རང་གི་རིགས་གཞུང་རང་གི་མེད་པ་བཟོ་བ་དང་གཉིས་སུ་མ་མཆེས།