མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་འབྲེལ་མཆོད་འབུལ།

བོད་ཀྱི་དུས་བབ།
༢༠༡༢/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་སྙིང་དཀར་བཀྲ་ཤིས་ལཊ་དང་སྙིང་ལྕཊ་འབུམ་གཉིས་ཀྱི་ཆེད་གཞུང་འབྲེལ་མཆོད་འབུལ་གནང་ཡོད།

དེ་རིང་ཕྱི་ཚེས་༡༤ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༤།༠༠ སྟེང་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་དབུ་བཞུགས་ཐོག དབུས་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ངག་དབང་འཕེལ་རྒྱལ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་དབུས་པའི་སྤྱི་འཐུས་རྒྱུན་ལས། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཡོངས་དང་། དེ་བཞིན། རྣམ་རྒྱལ་གྲྭ་ཚང་དང་བཞུགས་སྒར་ཉེ་འཁོར་གྱི་དགོན་སྡེ་ཁག་གི་དགེ་འདུན་པ་དང་མི་མང་བཅས་ལྷན་འཛོམས་ཐོག ཕྱི་ཚེས་ ༡༢ ཉིན་བོད་མདོ་སྨད་རེབ་གོང་མདོ་བར་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་ཕྱིན་པའི་རང་ལོ་ ༢༤ ཡིན་པའི་རྒྱལ་གཅེས་དཔའ་བོ་སྙིང་དཀར་བཀྲ་ཤིས་ལགས་དང་། རང་ལོ་ ༡༨ ཡིན་པའི་རྒྱལ་གཅེས་དཔའ་བོ་སྙིང་ལྕཊ་འབུམ་གཉིས་ཀྱི་ཆེད་གཞུང་འབྲེལ་བསྔོ་སྨོན་མཆོད་འབུལ་ཞིག་གནང་སོང་།

བསྔོ་སྨོན་མཆོད་འབུལ་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་ལྟའི་བར་བོད་མི་ ༧༢ གྱིས་རང་ལུས་མེར་བསྲེཊ་ཀྱིས་བོད་རྩ་དོན་ཆེད་རང་སྲོག་བློས་གཏོང་བྱས་པ་དེས། རྒྱལ་སྤྱི་དང་རྒྱ་ནག་སྲིད་གཞུང་། བཙན་བྱོལ་ནང་གནས་སྡོད་བོད་མི་ཡོངས་ལ་བརྡ་ལན་གསལ་བོ་ཞིག་སྤྲད་ཡོད་ཚུལ་དང་། འཛམ་གླིང་གི་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་ཤུགས་ཆེར་འགྲོ་བཞིན་ཡོད་སྐོར། ༸གོང་ས་མཆོག་གིས་ཉི་ཧོང་དུ་མཛད་འཕྲིན་སྐྱོང་བཞིན་པའི་སྐབས་གྲོས་ཚོགས་ནང་ཕེབས་ཏེ་འཐུས་མི་ ༡༥༠ ལྷག་དང་ཐུག་འཕྲད་གསུང་བཤད་དང་། སྲིད་བློན་ཟུར་པ་དང་སྲིད་དོན་ཚོགས་པ་བཅས་ཀྱི་གནད་ཡོད་མི་སྣར་ཐུག་འཕྲད་བྱས་ཏེ། ཁོང་རྣམ་པས་མ་འོངས་པར་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་གནང་ཡོད་སྐོར་སོགས་གསུངས་ཏེ། བསླེབས་ལ་ཉེ་བའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དང་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དེ་རྒྱལ་སྤྱིའི་གདུང་སེམས་མཉམ་སྐྱེད་ཀྱི་ཉིན་མོར་སྲུང་གཙི་བྱ་རྒྱུའི་ཐད་ཁོང་གིས། “ ཉིན་གཉིས་ཀྱིས་རྗེས་སུ་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་རྒྱལ་ཁབ་ ༤༠ ལྷག་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་འདིར་འཛོམས་ཏེ། ཉིན་གསུམ་རིང་བོད་དོན་ཐོག་ཕྱག་ལས་ག་རེ་གནང་མིན་ཐོག་གྲོས་བསྡུར་བྱས་རྗེས། ལས་འགུལ་སྤེལ་རྒྱུའི་འཆར་གཞི་སྒྲིག་ཡོང་གི་རེད། དེ་རིང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་དང་སྲིད་སྐྱོང་བཅས་མཉམ་འཛོམས་ཐོག དམིགས་བསལ་ཚོགས་ཆེན་སྐབས་ཀྱི་ལས་འགུལ་སྤེལ་རྒྱུའི་གྲོས་ཆོད་ཁག་ལས།   ལོ་གསར་ཡར་སྔོན་དུ་བཀའ་སྤྱི་ཐུན་མོང་ཐོག་ལས་འགུལ་ག་རེ་སྤེལ་མིན་གྲོས་བསྡུར་གནང་བ་ཡིན།

བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཆོས་ཚོགས་ཁག བོད་རིཊ་སྤྱི་མཐུན་ཚོགས་པ་ཁག་ལ། ཕྱི་ཟླ་ ༡༢ པའི་ཚེས་ ༡༠ ཉིན་གྱི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར། རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཉིན་གཅིག་དུས་གཅིག་ལ་གདུང་སེམས་མཉམ་སྐྱེད་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་བ་ཡིན་ལ། ཉིན་དེར་ཚང་མ་མཉམ་རུབ་ཐོག་གདུང་སེམས་སྐྱེད་བྱ་རྒྱུ་དང་། བོད་མི་ཚོ་ས་གནས་ཁག་སོ་སོའི་གསར་ཁང་དུ་བཅར་ཏེ་གསར་འགོད་པ་རྣམས་ལ་བོད་དོན་ཞུ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་དམིགས་བསལ་ཕྱོགས་བསྒྲིགས་འགྲེམས་སྤེལ་བྱས་པའི་སྐར་མ་ ༡༠ ཅན་གྱི་གློག་བརྙན་ས་གནས་ཁག་གི་གསར་འགོད་པ་དང་གྲོས་ཚོགས་འཐུས་མིར་འབུལ་ཐུབ་པ་བྱ་དགོས་པའི་འབོད་སྐུལ་གནང་གི་ཡོད། ” ཅེས་གསུང་བྱུང་།  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

མཆན། 2

  1. གངས says:
    ལོ་ 13 སྔོན།

    རེད་ཡ། ད་ང་ཚོས་སྨོན་ལམ་སོགས་གསུང་ནས་གདུང་སེམས་མཉམ་བསྐྱེད་བྱེད་དགོས་ཀྱང་དགོས། སྐབས་ཐོག་གི་གཅིག་དང་གཉིས་ཙམ་གྱི་ཆེད་མ་ཡིན་པར་འུ་ཚང་ལ་དཔའ་བོ་དཔའ་མོ་བདུན་བཅུ་ཙམ་ཡོད་ནི་རེད།
    ད་དུང་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་གདུང་སེམས་མཉམ་བསྐྱེད་ལས་བོད་མི་ཁྱོན་ཡོངས་ནས་མཉམ་རུབ་ཐོག་ལས་འགུལ་འཆར་གཞི་ལྡན་པ་ཞིག་སྤེལ་རོགས། གཞུང་གི་ལས་བྱེད་དང་གྲོང་གི་མང་ཚོགས། གྲྭ་སའི་གྲྭ་བ་དང་ཨ་ནེ། ད་དུང་སློབ་གྲྭའི་སློབ་མ་སུ་ལའང་གུ་ཡང་མེད་པར་རྒྱལ་སྤྱིའི་དོ་སྣང་ཡོད་པ་ཞིག་དང་། མྱི་དང་རྒྱུ་ཡི་འགྲོ་སོང་བཏང་ཡང་བཏང་ཡིན་བསམ་བསམ་ཞིག་སྤེལ་དགོས། ད་ཐེངས་ད་བསྒུག་ནས་འདུག

    Reply
  2. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 13 སྔོན།

    གཞུང་འབྲེལ་གྱི་སྨོན་ལམ་སོགས་གསུང་ནས་གདུང་སེམས་མཉམ་བསྐྱེད་བྱས་པ་བཟང་གི་འོན་ང་ཚོ་ལྷོད་ལྷོད་བྱས་ནས་འདུག་ཁོམ་མེད་ཁུ་གང་མགྱོགས་རྒྱ་ས་ལྡི་ལི་ནས་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་གཞི་རྒྱ་ཆེ་བའི་ལས་འགན་ཞིག་སྤེལ་དགོས་རྒྱུ་འདི་ཁ་ཚ་དགོས་གཏུགས་རེད། མ་མཐའ་ཡང་བོད་མི་ཁྲི་གསུམ་ནས་བཞི་འཛོམས་ཏེ་སྒེར་ལངས་ཆེན་པོ་ཞིག་མ་བྱས་པར་དུ་ང་རང་ཉལ་ནས་འདུག་གི་ཡིན། བཙན་བྱོལ་པ་ཚོ་བོད་རང་དབང་སླར་གསོ་ཆེད་དུ་འབད་བརྩོན་བྱེད་ཀྱི་ཡོད་ན་ལས་འགན་ཡོངས་རྫོགས་མཉམ་རུབ་ཐོག་སྤེལ་རོགས། ལས་འགན་ཟེར་པ་དེ་ནུས་པ་ལ་བལྟ་རྒྱུ་ལས་གཟུགས་བརྙན་བསྟན་པ་ཙམ་གྱི་ལས་འགན་དུ་མི་འགྲོ གཞུང་མང་གཉིས་ནས་ཐུགས་བསམ་ཡག་པོ་ཞིག་བཞེས་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese