མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་མདུན་པུས་བཙུགས་ཀྱི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༢/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡༤ ནས་མགོ་བཙུགས་ཏེ་ཉིན་ ༣ རིང་སུད་སི་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སྒོ་འགྲམ་དུ།  བོད་མི་བཞིས་རྒྱལ་ཚོགས་ལ་པུས་བཙུགས་ཞུ་འབོད་ཀྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་འདུག

ཟླ་འདིའི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ། ༣༠ ཐོག་སུད་སི་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སྒོ་འགྲམ་དུ། བོད་མི་མཁར་ནང་འཕགས་པ་དང་། ཐར་ཤུལ་བསོད་གྲགས། སེར་ཤུལ་ཨུ་རྒྱན་ཚེ་རིང་། འཇིགས་བྲལ་བསྟན་འཛིན་བཅས་ནས། བོད་ནང་གི་བོད་མི་ཚོའི་ཞུ་འབོད་ལ་རྒྱལ་ཚོགས་ཀྱིས་བདག་སྤྲོད་མ་གནང་ཚེ། ཁོང་ཚོས་བོད་ནང་གི་བོད་མིའི་རང་ལུས་མེར་བསྲེགས་ཀྱི་མེ་ལྕེ་གསོན་པོ་ཞིག་རྒྱལ་ཚོགས་ཀྱི་སྒོ་འགྲམ་དུ་སྦར་དགོས་པ་ཆགས་ཉེན་ཡོད་པའི་སྙན་ཞུ་ཕུལ་ཏེ།  ཉིན་ ༣ རིང་པུས་བཙུགས་ཀྱི་ཞུ་འབོད་ལས་འགུལ་ཅིག་སྤེལ་བཞིན་པ་མ་ཟད། ཁོང་ཚོས་རྒྱལ་ཚོགས་ལས་ཁུངས་ཀྱི་ལས་བྱེད་པ་ ༣༥༠ ལྷག་དང་། རྒྱལ་ཚོགས་གཡས་གཡོན་དུ་ལྟ་སྐོར་ཕེབས་མཁན་རྒྱ་རིགས་གཙོས་པའི་མི་མང་བརྒྱ་ཕྲག་གི་ལག་ཏུ་སྙན་ཞུ་ཡི་གེ་འགྲེམས་སྤེལ་བྱས་ཡོད་འདུག

འཇིགས་བྲལ་བསྟན་འཛིན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་གནང་དོན་ལྟར་ན། བོད་མི་ལས་འགུལ་ཁོང་ཚོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ནེ་ཝི་པེ་ལེ་མཆོག་ལ་ཕུལ་བའི་སྙན་ཞུའི་ནང་། རྒྱ་བོད་འགྲིག་མཐུན་གྱི་རེ་བ་འདི་ལ་བདག་སྤྲོད་མེད་ཚེ་བོད་མིའི་བཟོད་སྒོམ་ལ་ཚད་ཅིག་ཡོད་པ་ཡིན་པས། གཞིས་བྱེས་གཉིས་སུ་ཡོད་པའི་བོད་ཀྱི་གཞོན་རབས་ཡོངས་ནས། རང་གི་རྒྱལ་ཁབ་ཀྱི་ཁྲག་དྲི་བྲོ་བའི་ལོ་རྒྱུས་ཀྱི་དོན་རྐྱེན་འདི་རྩ་བ་ནས་བརྗེད་མི་སྲིད་པ་ང་ཚོས་གསལ་པོ་ཤེས་ཀྱི་ཡོད། དེར་བརྟེན། དེ་རིང་ང་ཚོས་བོད་ནང་གི་བོད་མི་ཚོ་དཀའ་ཁག་ལས་སྐྱོབ་ཆེད་ཁོང་ཚོའི་ཚབ་བྱས་ཏེ་པུས་མོ་སར་བཙུགས་ཏེ། དགོས་འདུན་དོན་ཚན་ ༤ ཅན་གྱི་རེ་འབོད་ཞུ་ཡིག་དེ་ཕུལ་བ་ཡིན་སྐོར་དང་། དེ་བཞིན། ང་ཚོས་བོད་ནང་གི་བོད་མིའི་རང་ལུས་མེར་བསྲེགས་ཀྱི་མེ་ལྕེ་གསོན་པོ་ཞིག་རྒྱལ་ཚོགས་ཀྱི་ལས་ཁུངས་སྒོ་འགྲམ་དུ་སྦར་མི་དགོས་པ་ཞིག་ཅི་ནས་དགོངས་བཞེས་གནང་རོགས་ཞེས་འབོད་སྐུལ་གནང་ཡོད་འདུག 

ཁོང་ཚོས་བཏོན་པའི་དགོས་འདུན་ཁག་ནི། གཅིག  ཕྱི་ལོ་ ༡༩༥༩ དང་། ༡༩༦༡། ༡༩༦༥ སོ་སོར་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་གླེང་སློང་དང་། ལག་བསྟར་མཇུག་གནོན་ངེས་པར་བྱེད་དགོས་པ། གཉིས། རྒྱལ་ཚོགས་ནས་རྒྱ་གཞུང་ལ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་རྟོག་ཞིབ་སླད། རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་དང་གསར་འགོད་པ་ཆེད་གཏོང་གིས་ས་གནས་ས་ཐོག་གི་གནས་སྟངས་ངོ་མ་ཤེས་ཐབས་ཆེད། རྒྱབ་སྐྱོར་གནང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཙམ་མིན་པར་ངེས་པར་ཕེབས་ཐུབ་པ་དགོས་རྒྱུ། གསུམ། རྒྱལ་ཚོགས་ཀྱིས་བོད་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་རྒྱ་གཞུང་གི་དབར་དོན་དམ་གྱི་འབྲེལ་མོལ་གནང་རྒྱུའི་སྡིངས་ཆ་བསྐྲུན་དགོས། བཞི། ༸པཎ་ཆེན་རིན་པོ་ཆེ་སོགས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་གྲོལ་གཏོང་ཐབས་བྱ་དགོས་རྒྱུ། བཅས་ཡིན་པ་རེད། 

ཁོང་ཚོས་ལས་འགུལ་གྱི་ཉིན་གཉིས་པར་ཇི་ནི་ཝ་སྤྱི་ཁྱབ་ཉེན་རྟོག་པ་ཆེད་ཕེབས་ཀྱིས། པུས་བཙུགས་ལས་འགུལ་སྤེལ་མཁན་བོད་མི་བཞི་ལ་མེར་བསྲེགས་ཀྱི་ལས་འགུལ་གནང་ཐལ་མེད་པའི་ཞུ་སྐུལ་གནང་ཡོད་པ་མ་ཟད།  ཉིན་འདི་འགར་རྒྱལ་ཚོགས་ཀྱི་གཡས་གཡོན་དུ་ལྟ་རྟོག་ནན་མོ་དང་། ལས་འགུལ་བ་བཞིའི་ལུས་ཕུང་ལ་ཞིབ་བཤེར། དགོང་དྲོ་རྒྱལ་ཚོགས་ཀྱི་མཐའ་འཁོར་ཡོངས་ཉེན་རྟོག་པས་ལྕགས་རིས་བསྐོར་ཡོད་པ་དང་། དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་སུ་པུས་བཙུགས་ལས་འགུལ་སྤེལ་གྱི་ཡོད་སྟབས།  ལས་འགུལ་བ་ ༤ དང་ལྷན་དུ་ཉེན་རྟོག་པ་སྡོད་རྒྱུ་གཏན་འཁེལ་བྱས་ཡོད་འདུག

ལས་འགུལ་བ་ཚོས་འཕྲེད་དར་སྟེང་རང་ལུས་མེར་བསྲེགས་ཀྱི་དཔར་རིས་དག་བཤམས་སྟོན་བྱས་ཡོད་ཀྱང་། པར་རིས་མང་ཚོགས་ནང་འགྲེམས་སྟོན་ཐད་རྒྱ་ནག་གིས་རྙོག་དྲ་ཤོད་ཀྱི་ཡོད་པ་དང་། མང་ཚོགས་ནང་དཔར་དེ་འདྲ་འཇིགས་སུ་རུང་བ་སྟོན་ཆོག་གི་མེད་པའི་གནས་སྟངས་བཅས་ཀྱི་འོག  རང་ལུས་མེར་བསྲེགས་ཀྱི་པར་རིས་བཤམས་སྟོན་བཀག་འགོག་བྱས་ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༨ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༨ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༣ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 5

  1. བདུད་རྡོ། says:
    ལོ་ 13 སྔོན།

    ལས་འགུལ་ལ་ཡི་རང་ཡོད།

    Reply
  2. མི་རྒོད། says:
    ལོ་ 13 སྔོན།

    ལས་འགུལ་འདི་ཧ་ཅང་ཡག་པོ་འདུག་ཐུགས་རྗེ་ཆེ་ཁྱེད་རྣམས་པས་སྐུ་གཟུགས་ལ་འཕྲོད་བསྟེན་དང་། ལས་དོན་མྱུར་སྒྲུབ་ཡོང་བའི་རེ་སྨོན་དང་གུས་འདུད་ཞུ།།།།
    བོད་ཚང་དཔའ་མཛངས་ཡོངས་ཀྱི་རེ་སྨོན་སྒྲུབ་ནས་དལ་འབྱོར་རྟེན་བཟང་གི་ཉིན་དཀར་མྱུར་ཏུ་ཤར་བ་གྱུར་ཅིག།།།
    བདེན་པ་ཉིད་རྒྱལ་གྱུར་ཅིག།།།།།།

    Reply
  3. དྲང་སྲོང་། says:
    ལོ་ 13 སྔོན།

    ཤིན་ཏུ་ཛ་དྲག་ཅིང་སྐྱིད་གཡའ་བའི་དུས་སྐབས་འདིར་སུད་སིར་གནས་སྡོད་གཞོན་སྐྱེས་བཞི་ནས་ལས་འགུལ་འདི་འདྲ་ཞིག་སྤེལ་འགོ་བཙུགས་པ་ནི་བཙན་བྱོལ་རང་དབང་ལུང་པར་ཡོད་པར་བོད་མི་ཀུན་གྱིས་མིག་དཔེར་འོས་པ་ཞིག་ཏུ་མཐོང་། ལས་འགུལ་གྱི་རྣམ་པ་དང་ལྷག་པར་ཞུ་འབོད་ཀྱི་ངར་སྒྲ་ལས་ང་ཚོ་ཚང་མར་སྟོབས་ཤུགས་ཀྱི་རྣོ་ངར་ཞིག་སྟེར་བཞིན་འདུག བོད་མི་ཚོས་རྣ་བསམ་དེ་འདྲ་བཏང་ན་ལུས་སྲོག་མེ་ལྕེར་སྒྲོན་པའི་དཔའ་བོ་དཔའ་མོ་ཚོའི་རེ་བ་ཆུད་ཟོས་སུ་མི་འགྲོ་ལ། མགྱོགས་མྱུར་དོན་འབྲས་སྨིན་ངེས་ཡིན། ད་ཐོན་ཤོག ཁོང་རྣམས་ཀྱི་རྗེས་སུ་སུད་སི་བོད་སྟོང་ཚོ་བརྒལ་ཐོན་ཤོག ད་དུང་རྒྱལ་ཁབ་སོ་སོའི་ནང་ཡོད་པའི་རྒྱལ་ཚོགས་ཀྱི་སྒོ་འགྲམ་དུ་རྒྱལ་ཁབ་སོ་སོའི་ནང་ཡོད་པའི་བོད་མི་ཚང་མ་ཐོན་ཤོག ང་ཚོ་ཚང་མ་མཉམ་དུ་ཞུ་འབོད་བྱེད། གནས་སྐབས་རིང་། སྲིད་བློན་ནས་གཙོས། བླ་སྤྲུལ་མཁན་པོ་ནས་གཙོས། རྩོམས་པ་པོ་མཁས་དབང་ནས་གཙོས། དགེ་རྒན་སློབ་མ་ནས་གཙོས། རྒན་ཁོག་དང་། མདངས་གསུམ་སྐྱེས་པའི་ཕྲུ་གུ་ཡན་ཆད། མལ་སར་ལུས་པའི་ནད་པ་ཡན་ཆད་ཐོན་ཤོག དུས་ལ་བབས་འདུག་གོ། །དུས་ཚོད་འདི་མ་ཟིན་ན་ཕྱིས་ཡོང་ངོ་……………………

    Reply
  4. གནས་ཚང་། says:
    ལོ་ 13 སྔོན།

    ལས་འགུལ་འདི་ཧ་ཅང་གི་ཡག་པོ་འདུག ཚང་མ་ལོས་མིག་དཔེར་འཛིན་འོས་པའི་ལས་འགུལ་ཞིག་རེད། དགོས་འདུན་ཁག་ལའང་གནས་ལུགས་དང་ཤེད་ཤུགས་འདུག ཁ་བྲོ། ལམ་ལྷོང་ཡོང་བར་ཤོག

    Reply
  5. ཤག་སྒང་པ། says:
    ལོ་ 13 སྔོན།

    ང་ཚོའི་འགུལ་སྟངས་འདི་རང་རེད་དོ།། ཤིན་ཏུ་ལེགས་སོ།།

    གནས་ཚུལ་འདི་ཁ་སང་ནས་ཁ་བརྡ་སོགས་ཀྱི་གླེང་སྟེགས་སུ་རྟ་རྒྱུག་ཚར་བར་མ་ཟད་བུད་ཀྱང་ཡོལ་ནས་མེད་ཚོད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese