མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔའ་མོ་ཏིང་འཛིན་སྒྲོལ་མའི་སྐུ་པར།

བོད་ཀྱི་དུས་བབ།
༢༠༡༢/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་འདི་གར་རྒྱལ་གཅེས་དཔའ་མོ་ཏིང་འཛིན་སྒྲོལ་མའི་སྐུ་པར་དང་གནས་ཚུལ་ཁག་ཅིག་འབྱོར་བའི་ནང་། དཔའ་མོ་ཁོང་གི་བཟའ་ཟླ་རྒྱ་རིགས་ཤིག་ཡིན་འདུག

ཁ་སང་ཕྱི་ཚེས་ ༡༥ ཉིན་བོད་མདོ་སྨད་རེབ་གོང་བཙན་མོ་ཞང་མགོ་དགེ་སྡེ་བའི་རང་ལོ་ ༢༣ ཡིན་པའི་རྒྱལ་གཅེས་དཔའ་མོ་ཏིང་འཛིན་སྒྲོལ་མ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་ཡོད་པ་ལྟར། དེ་རིང་འདི་གར་བསོད་ནམས་ལགས་ཀྱིས་ཞིབ་ཕྲའི་གནས་ཚུལ་ཁག་ཅིག་བཏང་འབྱོར་བྱུང་བའི་ནང་། ཕྱི་ཚེས་ ༡༥ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༢།༣༠ ཡས་མས་ཙམ་ལ།  རྒྱལ་གཅེས་དཔའ་མོ་ཁོང་གིས་སྡེ་བའི་ནང་ས་སྣུམ་བཙོང་ས་ཞིག་ཡོད་པ་དེར་ས་སྣུམ་རྒྱ་མ་ ༨ ཙམ་ཉོས་རྗེས།  སྡེ་བའི་འདུ་ཁང་ནང་ཕྱིན་ནས་མི་མེད་པའི་གོ་སྐབས་དང་བསྟུན་ནས་དུང་དཀར་ཐེངས་གསུམ་བུས་ཏེ་འདུ་ཁང་ལྷས་སུ་རང་ལུས་མེར་བསྲེག་ཡོད་འདུག  ཕ་བུ་ལོ་ལགས་ཀྱིས་ཁོང་མོས་ས་སྣུམ་ཉོས་པ་ཤེས་ཏེ་གང་སར་བཙལ་མཐར།  སྡེ་བའི་འདུ་ཁང་གི་ལྷས་རའི་བསང་ཁུང་འགྲམ་དུ་མེས་འཚིགས་ཏེ་སྐུ་གྲོངས་ཡོད་པ་མཐོང་འདུག

རྒྱལ་གཅེས་དཔའ་མོ་ཁོང་གི་བཟའ་ཟླ་ནི་ཕ་ཡུལ་ཀ་ཅི་ནས་ཡིན་པའི་རྒྱ་རིགས་ཤིག་ཡིན་པ་དང་། ཁོའི་མིང་ལ་ཀ་ལེན་ཟེར་ཞིང་ད་ལྟ་ལོ་ ༢༤ ཡིན་འདུག  ཁོང་བཟའ་ཟླ་གཉིས་རེབ་གོང་བཙན་མོ་ཞིང་མགོ་རྒས་སྡེ་བ་རུ། དཔའ་མོ་ཏང་འཛིན་འཚོའི་ཕ་མ་གཉིས་དང་མཉམ་དུ་ཞིང་ལས་གཉེར་བཞིན་ཡོད་པ་དང་། ཁོང་གཉིས་ལ་ད་དུང་བྱིས་པ་སྐྱེས་མེད་མོད་བཟའ་ཚང་ཧ་ཅང་འཆམ་པོ་དང་མཐུན་པོ་ཡོད་འདུག   

གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས་བརྗོད་ན། མེར་བསྲེགས་ལས་འགུལ་བསྟུད་མར་སྤེལ་ཡུལ་མདོ་བ་དང་སྒྲོ་རོང་པོ་ཁུལ་དུ་དམག་མི་ཕོན་ཆེ་བསླེབས་ཡོད་པ་དང་། མདོ་བ་ཞང་གི་སློབ་གྲྭའི་ནང་ལ་དམག་མི་ཉིས་སྟོང་ལྷག་གིས་སོ་སྲུང་བྱས་ནས་བསྡད་ཡོད་པའི་གནས་ཚུལ་ཐོན་འདུག

ད་ལྟའི་ཆར་རེབ་གོང་ཁུལ་གྱི་དགོན་པ་དག་གི་ནང་༸གོང་ས་མཆོག་གི་སྐུ་པར་བཤམས་མི་ཆོག་པའི་སྐོར་བཙན་བཀའ་གཏོང་བཞིན་ཡོད་པ་དང་། སློབ་གྲྭ་ཁག་ནང་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་ཚེ་ཁྲིམས་ཐག་ནན་མོ་གཅོད་རྒྱུ་སྐོར་བརྗོད་འདུག  དེ་བཞིན། གྲོང་སྡེ་ཁག་ཅིག་གི་ནང་དུ་མི་མང་འདུ་འཛོམས་ཐད་དམ་དྲག་དང་། ཡར་མར་འགྲུལ་བཞུད་ཚུན་ཆད་ལ་རྩད་ཞིབ་བྱེད་ཀྱིན་པའི་གནས་སྟངས་ཆགས་ཡོད་འདུག

ས་གནས་ནས་བོད་མི་ཞིག་གིས་གནས་ཚུལ་མཁོ་གཏོང་པར་བརྗོད་དོན་ལྟར་ན། གནས་སྐབས་རིང་རེབ་གོང་ཁུལ་གྱི་སློབ་གྲྭ་ཁག་ལ་གུང་གསེང་བཏང་ཡོད་འདུག་ཀྱང་། གུང་གསེང་གི་རྗེས་ནས་ཉེ་ཆར་སློབ་མའི་ངོ་རྒོལ་ལས་འགུལ་ལ་སྣེ་ཁྲིད་མཁན་གྱི་དོགས་ཡོད་དགེ་སློབ་མང་པོ་འཇུ་བཟུང་བྱ་འཆར་ཡོད་སྐོར་མང་ཚོགས་ནང་གླེང་སློང་བྱེད་བཞིན་ཡོད་འདུག

 

རྒྱལ་གཅེས་དཔའ་མོ་ཏིང་འཛིན་སྒྲོལ་མའི་སྐུ་པར།

 

ཕ་བུ་ལོ་(ལོ་༥༠)དང་མ་བཀྲ་ཤིས་སྒྲོལ་མ་(ལོ་༤༡)ལྷན་ལྷ་ལྡན་གཙུག་ལག་ཁང་དུ་སྒྲོན་པའི་པར།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༣ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༣ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༤ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༦ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༩ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 1

  1. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 13 སྔོན།

    བརྟན་ལྷིང་དང། ཞི་བདེ། འཆམ་མཐུན་ཞེས་ཁ་ནས་མ་ཎི་བཞིན་བགྲང་མཁན་གུང་ཁྲན་གཞུང་འདི་ལུག་བརྒྱ་བསད་པའི་ཁྱི་སྤྱང་ཞིག་དང་འདྲ་སྟེ། ལུག་ག་ཚད་ཟས་ཀྱང་ད་དུང་ཟ་སེམས་ཆེ་རུ་འགྲོ་བཞིན་པ་མ་ཟད། ཧམ་བཤད་ཆེན་པོས་ཏཱ་ལའི་རུ་ཚོགས་ཀྱི་ངན་སྐུལ་འོག་ཁ་བྲལ་བའི་ལས་འགུལ་སྤེལ་གྱི་འདུག་ཅེས་ཁྱི་སྐད་བར་མཚམས་མེད་པར་རྒྱག་གི་འདུག
    བོད་མི་ཚོས་རང་ལུས་མེ་ལ་བསྲེགས་ནས་ངོ་རྒོལ་བྱེད་བཞིན་པ་འདི། ཕྱི་ཚུལ་ནས་བལྟས་ན་རང་ཉིད་ཀྱིས་རང་ཉིད་བསྲེགས་པ་ལྟ་བུ་མཐོང་ཡང། དོན་ངོ་མར་རྒྱ་དམར་པོས་བོད་མི་འདི་དག་མེ་ལ་བསྲེགས་པ་རེད། རྒྱ་དམར་པོས་བོད་མི་འདི་དག་ལྔ་བའི་ལམ་དུ་བརྫངས་པ་རེད། རྒྱ་དམར་པོས་བོད་མི་འདི་དག་དམྱལ་ཁམས་སུ་གཡུགས་པ་རེད།
    གང་ཡིན་ཟེར་ན། རྒྱ་མི་དམར་པོས་མི་རིགས་དབྱེ་འབྱེད་དང།
    སྐད་ཡིག་དབྱེ་འབྱེད།
    དཔལ་འབྱོར་གྱི་བསླུ་བྲིད།
    རིག་གཞུང་གཏོར་བཤིག
    རང་དབང་བཀག་སྡོམ།
    ཆོས་དད་ཚོད་འཛིན།
    སྨྲ་བརྗོད་བཙན་འཕྲོག
    ཐོབ་ཐང་གཏོར་བཤིག
    མཐོང་ཆུང་ཁྱད་གསོད།
    རང་ས་བཙན་བཅོམ།
    ཁོར་ཡུག་གཏོར་སྐྱོན།
    རྐང་རྐྱང་ལག་རྐྱང།
    རྔམ་རྔམ་རྫིག་རྫིག་སོགས་རྩུབ་སྤྱོད་དང་བྱ་ངན་ཟམ་མི་ཆད་པར་སྤེལ་བཞིན་པ་དང། སྤེལ་འདོད་ཀྱི་ཧམ་སེམས་ཆེ་ནས་ཆེ་རུ་སོང་བ་ལ་བརྟེན་ནས། སྐུ་ལུས་མེ་ལ་བསྲེགས་པ་མ་གཏོགས། མི་གཞན་ཞིག་གིས་ཁྱོད་རང་ཤི་དགོས་ཟེར་ན། སུས་ཀྱང་ཤི་འདོད་བྱེད་མི་སྲིད། མ་ཤི་རང་ཤི་བཟོ་མཁན་རྒྱ་གུང་ཁྲན་དེ་ཉིད་ཡིན་པ་བོད་པ་ཚང་མས་ཤེས་དགོས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese