མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་པའི་དམིགས་བསལ་ཚོགས་ཆེན།

བོད་ཀྱི་དུས་བབ།
༢༠༡༢/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ངྷ་སྟེང་བོད་ཁྱོམ་སློབ་གྲྭའི་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་མགོ་འཛུགས་གནང་སོང་།

དེ་རིང་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ སྟེང་། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་མཐུན་སྦྱོར་དང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་ཉིན་ ༣ ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་ཚོགས་ཆེན་མགོ་འཛུགས་གནང་ཡོད་པ་དང་། ཚོགས་ཆེན་དབུ་འབྱེད་མཛད་སྒོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་བཀའ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྐུ་ཚབ་དོན་གཅོད་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་འཐུས་མི། འཛམ་གླིང་རྒྱལ་ཁབ་ཁག་ ༤༢ ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་པ་རྣམས་བཅས་མཉམ་ཞུགས་གནང་ཡོད།

མཛད་སྒོའི་ཐོག་མར་ཚོགས་ཞུགས་པ་ཡོངས་ཀྱིས་བོད་བསྟན་པ་ཆབ་སྲིད་སླད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། ལྷག་པར་དུ་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་ཕྱིན་པ་དག་ལ་མྱ་ངན་གུས་འདུད་ཞུས་རྗེས། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨན་ཀེ་ཊི་རེ་ཁཱ་(Dr.N.K.Trikha) ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་སྦྲགས། ཁོང་གིས་བོད་ཀྱི་གནད་དོན་ནི་འགྲོ་བ་མིའི་རིགས་ཀྱི་གནད་དོན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ། བོད་མི་ ༧༠ ལྷག་གིས་རང་ལུས་མེར་བསྲེགས་བཏང་ཡོད་པ་སོགས་བོད་ནང་གི་གནས་བབ་ཧ་ཅང་ཛ་དྲག་ཆགས་ཡོད་ཀྱང་། རྒྱལ་སྤྱིའི་སྲིད་གཞུང་དག་དང་མི་མང་གིས་དེ་ཙམ་དོ་སྣང་བྱེད་ཀྱི་མེད་སྟབས། བོད་དོན་རྒྱབ་སྐྱོར་བ་ཚོས་ཕྱོགས་ཡོངས་ནས་སྔར་བས་ཤུགས་གནོན་རྒྱག་དགོས་པ་དང་། རྒྱ་གར་གཞུང་དང་མི་མང་གིས་བོད་དོན་རྒྱབ་སྐྱོར་གྱི་ནུས་ཤུགས་མཐོ་འདེགས་ཡོང་རྒྱུར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དག་གིས་ལས་དོན་ཅི་ལྟར་སྒྲུབ་ཀྱི་ཡོད་མེད། དེང་སྐབས་བོད་མི་ཚོས་སྡུག་སྦྱོང་དཀའ་ངལ་ཚད་མེད་མྱོང་བཞིན་པ་དེ། དུས་ཀྱི་སྔ་ཕྱི་ཙམ་ལས་བོད་མི་ཚོར་རང་དབང་གི་རྒྱལ་ཁབ་ཅིག་འཐོབ་པའི་རྨང་གཞི་ཡིན་སྐོར་སོགས་བརྗོད་སོང་།

དེའི་རྗེས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས། དེ་སྔའི་བཀའ་བློན་ཁྲི་པའི་མཚན་བྱང་སྲིད་སྐྱོང་དུ་བཅོས་སྒྱུར་བྱས་ཡོད་པ་དང་དེའི་བརྒྱུད་རིམ་ངོ་སྤྲོད། བཀའ་ཤག་སྐབས་ ༡༤ པ་དང་དེའི་ལས་དོན་བྱེད་ཕྱོགས་ངོ་སྤྲོད། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་རྗེས་ཀྱི་གཞུང་གི་ལས་དོན་ཁག་མུ་མཐུད་བདེ་ལེགས་ངང་འགྲོ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་དོན་གསོན་གནས་ཐུབ་རྒྱུར་བཀའ་ཤག་གིས་དམིགས་བསལ་ཁ་ཕྱོགས་བཟུང་སྟེ་ནུས་པ་འདོན་གྱི་ཡོད་སྐོར། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཚོས་སོ་སོའི་སྤྱི་ཚོགས་ནང་བོད་དོན་རྒྱབ་སྐྱོར་བ་རྒྱ་སྐྱེད་དང་། འབྲེལ་ཡོད་གཞུང་དང་མི་མང་གི་རྒྱབ་སྐྱོར་འཚོལ་དགོས་པ། ལྷག་པར་དུ་ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྐབས་བོད་དོན་རྒྱབ་སྐྱོར་བ་ཚོས། མ་འོངས་པར་ཆབ་སྲིད་ཙམ་མིན་པར་ཁོར་ཡུག་དང་ཤེས་ཡོན་སོགས།  གོ་སྐབས་དང་བརྒྱུད་ལམ་འདྲ་མིན་ཐད་ནས་བོད་དོན་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་ལ་གྲོས་བསྡུར་བྱ་དགོས་པའི་འབོད་སྐུལ་བཅས་གནང་སོང་།

མཐར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། འཛམ་གླིང་གང་ས་ནས་ཕེབས་པའི་ཚོགས་ཞུགས་པ་ཚོར་ཕེབས་བསུའི་འཚམས་འདྲི་དང་ཁོང་ཚོའི་རྒྱབ་སྐྱོར་ལ་བསྔགས་བརྗོད་དང་སྦྲགས། བོད་པའི་གྲོགས་པོ་ཚོས་འདིར་བོད་མིའི་དཀའ་སྡུག་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་ལ། བོད་མིར་རང་དབང་མ་ཐོབ་བར་དུ་དང་། ༸གོང་ས་མཆོག་ཕྱིར་བོད་དུ་གདན་ཞུ་མ་ཐུབ་བར་དུ་བོད་ཀྱི་གནད་དོན་ནི་མུ་མཐུད་གནས་རྒྱུ་ཡིན་པ་མ་ཟད། བོད་ཀྱི་གནད་དོན་ཉིན་རེ་བཞིན་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པའི་བརྡ་ལན་རྒྱ་ནག་གཞུང་ལ་སྤྲོད་ཀྱི་ཡོད་སྐོར། དེ་བཞིན་ཚོགས་ཆེན་འདི་བརྒྱུད་དེ་གཞིས་བཞུགས་བོད་མི་ཚོར། ཁོང་ཚོས་དཀའ་སྡུག་མནར་གཅོད་དང་སོ་སོའི་སྲོག་ལ་མ་འཛེམས་པར་རེ་བ་དང་ཡིད་ཆེས་བརྟན་པོས་བོད་ཀྱི་རྩ་དོན་རྩོད་བཞིན་པའི་ཐད། བྱེས་འབྱོར་བོད་མི་སྤུན་ཟླ་ཚོ་དང་རྒྱལ་སྤྱིའི་སྤྱི་ཚོགས་དུས་ནམ་ཡང་ཁོང་ཚོ་དང་ལྷན་དུ་ཡོད་ཅིང་། ཁོང་ཚོའི་མངོན་འདོད་ལ་རྒྱབ་སྐྱོར་ཡོད་པའི་བརྡ་ལན་སྤྲོད་ཀྱི་ཡོད་སྐོར་དང་།  དེ་བཞིན། རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ཀྱི་གནད་དོན་ཐད་དོ་སྣང་བྱ་དགོས་པའི་དུས་ལ་སླེབས་ཡོད་པའི་འབོད་སྐུལ་བཅས་གནང་ཡོད།

ཡང་ཁོང་གིས་བོད་མིའི་རང་ལུས་མེར་བསྲེགས་ཀྱི་གནས་བབ་ཛ་དྲག་ཏུ་གྱུར་ཡོད་པ། བོད་དོན་རྒྱབ་སྐྱོར་པ་ཚོས་སྐད་གསེང་མཐོན་པོ་དང་ནུས་ཤུགས་ལྡན་པའི་སྒོ་ནས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ནང་མཐོར་འདེགས་བྱ་དགོས་སྐོར་དང་། ད་ལྟའི་རྒྱ་ནག་གི་གཞུང་འཛིན་གསར་པ་ཚོའི་རྒྱབ་ལྗོངས་གནས་ཚུལ་ངོ་སྤྲོད། ད་ལྟའི་བོད་ནང་གི་ཛ་དྲག་གནས་བབ་དེ་རྒྱ་ནག་གི་རྩ་ཁྲིམས་ཀྱི་ནོར་འཁྲུལ་མིན་པར་ཆབ་སྲིད་མགོ་ཁྲིད་དག་གི་སྲིད་ཇུས་ནོར་འཁྲུལ་ཅན་ཆགས་ཡོད་ཚུལ། ཉེ་ཆར་ཚོགས་པའི་རྒྱ་ནག་ཚོགས་ཆེན་ ༡༨ པའི་སྟེང་བོད་དོན་གླེང་སློང་གང་ཡང་མཐོང་ཐོས་མ་བྱུང་པ་དེས། རྒྱ་ནག་གི་དཔོན་རིགས་ཚོས་ཆབ་སྲིད་དང་བསམ་བློའི་ཐད་ནས་བོད་ལ་ཕྱོགས་རིས་ཡོད་སྐོར། རྒྱ་གཞུང་གིས་ཧོང་ཀོ་དང་ཐའེ་ཝན། ཨཱོ་མཱན་སོགས་ལ་རང་སྐྱོང་གི་སྐད་ཆ་བཤད་ཆོག་གི་ཡོད་ཀྱང་བོད་ལ་དེ་ལྟར་བཤད་ཀྱི་མེད་སྐོར། ད་ཆར་ཨ་རིའི་སྲིད་འཛིན་འོས་བསྡུ་དང་རྒྱ་ནག་གི་མགོ་ཁྲིད་འཕོ་འགྱུར། ཡུ་རོབ་གྱི་དཔལ་འབྱོར་གནས་བབ། སེ་རི་ཡའི་གནད་དོན་བཅས་ཐག་གཅོད་ཀྱི་མགོ་ཚུགས་ཟིན་ཡོད་སྟབས། ༢༠༡༣ ལོ་ནི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོར་མཚོན་ན་བོད་དོན་རྒྱལ་སྤྱི་ཅན་དུ་བསྒྱུར་རྒྱུའི་གོ་སྐབས་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད་པས་ནུས་ཤུགས་འདོད་དགོས་པ་སོགས་གསུངས་སོང་།

ཐེངས་འདིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་སྐབས། ཚོགས་ཞུགས་པ་ཚོས་རྒྱལ་སྤྱིའི་སྟེང་ཆབ་སྲིད་ཀྱི་ཐད་ནས་བོད་དོན་རྒྱབ་སྐྱོར་ནུས་པ་ཅི་ལྟར་མཐོར་འདེགས་བྱ་ཐབས་དང་། རྒྱ་ནག་དང་འབྲེལ་ལམ་ཅི་ལྟར་འཛིན་ཐབས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གྱི་སྐོར། འདས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལས་དོན་བྱེད་ཕྱོགས་ཐད་བསྐྱར་ཞིབ། རྒྱལ་སྤྱིའི་སྲིད་གཞུང་ཁག་གི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་འཛུགས་ཐབས་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱ་རྒྱུ་ཡིན་འདུག

བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དང་པོ་ ༡༩༩༠ ལོར་ངྷ་སར་ཚོགས་པ་ནས་ད་བར་ཚོགས་ཆེན་ཐེངས་ ༦ དང་། དམིགས་བསལ་ཚོགས་ཆེན་ཐེངས་ ༡ བཅས་ཚོགས་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་སྟེང་རྒྱབ་ཁབ་ཁག་ ༤༢ ནས་བོད་དོན་རྒྱབ་སྐྱོར་བ་ ༢༠༠ ལྷག་མཉམ་ཞུགས་བྱས་ཡོད་ལ།  དེའི་ཁྲོད་ཕྱི་སྡོད་རྒྱ་རིགས་ ༤༠ ལྷག་ཡོང་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese