མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རེབ་གོང་མདོ་བར་ཡང་བསྐྱར་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ཕུར་བའི་ཉིན་རེབ་གོང་མདོ་བ་ཞང་ཐོག་ཏུ་བོད་མི་ཞིག་གིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག

ཁ་སང་ཕྱི་ཚེས་ ༢༢ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤།༢༠ ཡས་མས་སུ། བོད་མདོ་སྨད་རེབ་གོང་མདོ་བ་འབྲོག་ཡོ་ལག་ཡུལ་ཚོའི་རང་ལོ་ ༡༩ ཡིན་པའི་རྒྱལ་གཅེས་དཔའ་བོ་ཀླུ་འབུམ་ཚེ་རིང་ལགས་ཀྱིས། མདོ་བ་ཞང་ཐོག་ཏུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་དང་། རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་རྗེས་ས་གནས་བོད་མི་ཚོས་རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར། མདོ་བ་དགོན་པའི་གྲྭ་པ་རྣམས་ཀྱིས་སྨོན་ལམ་གསུང་འདོན་གནང་རྗེས་དགོན་པའི་དགེ་འདུན་པའི་སྦྱིན་སྲེག་བྱེད་སར་སྐུ་ཕུང་ཞུགས་འབུལ་བྱས་འདུག

རྒྱ་གཅེས་དཔའ་བོ་ཀླུ་འབུམ་ཚེ་རིང་ལགས་ནི། རང་ལོ་ ༦༠ ཡས་མས་ཡིན་པའི་ཕ་ཚེ་གོ་འམ་ (དམག་ཚེ་གོ) ལགས་དང་། མ་ཚེ་འདས་རྡོ་རྗེ་སྐྱིད་གཉིས་ཀྱི་བུ་ཡིན་འདུག

བསོད་ནམས་ལགས་ཀྱིས་བརྗོད་པ་ལྟར་ན། ཉེ་བའི་ཆར་རེབ་གོང་མདོ་བ་ཞང་ཐོག་ཏུ་རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པ། ལག་ཏུ་དེང་རབས་ཀྱི་གོ་མཚོན་ཐོགས་པའི་དྲག་ཆས་ཉེན་རྟོག་དམག་མི་མང་པོ་བཀྲམས་ཏེ། ས་གནས་མི་མང་ལ་འཇིགས་སྐུལ་བྱས་པ་དང་། རེབ་གོང་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ལས་བྱེད་དང་རེབ་གོང་རྫོང་གི་ལས་བྱེད་མང་པོ་མདོ་བར་ཡོང་སྟེ། ས་གནས་སུ་རང་ལུས་མེར་བསྲེགས་གནས་ཚུལ་གྱི་བྱུང་རྐྱེན་དང་སླད་ཕྱིན་གནས་ཚུལ་དེ་རིགས་མི་འབྱུང་ཆེད་རྨ་ལྷོ་ཁུལ་གྱིས་རྫོང་ཁག་བཞི་ལ་བསྒྲགས་པའི་༼ཀྲུང་གུང་རྨ་ལྷོ་ཁུལ་ཨུའི་གཞུང་ལས་ཁང་དང་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་སྤྱི་ཚོཊ་བརྟན་བརླིང་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བྱ་བའི་སྐོར་གྱི་བྲེལ་མྱུར་བརྡ་སྦྱོར༽སོགས་མི་ནང་ཁྱབ་བསྒྲགས་སོགས་བྱས་ཏེ་དམ་དྲག་ཆེན་པོ་བྱས་སྟབས། ཁ་སང་གཟའ་ཕུར་བུའི་ཉིན་གྱི་ཕྱི་དྲོ་རྒྱལ་གཅེས་དཔའ་བོ་ཀླུ་འབུམ་ཚེ་རིང་ལགས་ཀྱིས། མདོ་བ་ཞང་ཐོག་ཏུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་འདུག

དེ་རིང་གནས་ཚུལ་འབྱོར་བ་ལྟར་ན། ཉེ་ལམ་མདོ་བ་ཞང་ཐོག་ཏུ་དམག་མི་རླངས་འཁོར་ ༣༠ ལྷག་འབྱོར་ཡོད་པའི་ཁྲོད་ཀྱི་རླངས་འཁོར་ ༡༡ ཕྱིར་འཐེན་བྱས་འདུག་ཀྱང་།  ཁ་སང་ཕྱི་ཚེས་ ༢༢ ཉིན་ཡང་བསྐྱར་དམག་མིའི་རླངས་འཁོར་ ༧ ས་གནས་སུ་འབྱོར་ཡོད་འདུག་ལ། དེ་རིང་ཞོགས་པ་ནས་རྒྱལ་གཅེས་པ་ཁོང་གི་ཁྱིམ་དུ་མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཆེད་ཕེབས་མཁན་བོད་མི་རྣམས་བོན་ཁོག་ཟམ་ཁ་རུ་དམག་མིས་བཀག་འགོག་བྱས་ཡོད་འདུག་ཀྱང་། བོད་མི་ཁག་ཅིག་རི་བསྐོར་ནས་ཁོང་གི་ཁྱིམ་དུ་གདུང་སེམས་མཉམ་སྐྱེད་ཆེད་ཕེབས་ཡོད་འདུག

གཞན། ཉེ་སྔོན་ནས་རྨ་ལྷོ་ཁུལ་སྲིད་གཞུང་དང་ཐུན་རིན་རྫོང་། མདོ་བ་ཞང་བཅས་ཀྱི་ལས་བྱེད་མི་སྣས་ས་གནས་ཀྱི་སྡེ་དཔོན་རྣམས་ལ་མེར་བསྲེཊ་ཀྱི་གནས་ཚུལ་འབྱུང་མི་ཆོག་པའི་ཐད་མཚན་རྟགས་བཀོད་བཅུག་ཡོད་པ་མ་ཟད། དེ་རིང་ནས་ཁྱིམ་ཚར་རེ་རེ་བཞིན་མྱུལ་ཏེ། རྗེས་ཕྱོགས་མེར་བསྲེཊ་གཏོང་མིན་ཐད་མཚན་རྟགས་བཀོད་དགོས་པ་དང་། གལ་སྲིད། མཚན་རྟགས་མ་བཀོད་ཚེ་འཛིན་བཟུང་བྱ་རྒྱུའི་འཇིགས་སྐུལ་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དོན་གོ

མཆན། 2

  1. གནས་ཚང་། says:
    ལོ་ 10 སྔོན།

    བོད་སྐྱོབ་འཆི་ཕོད་དམ་བཅའི་དར་བོ་ཆེ།
    ས་མཐོའི་གཙུག་གི་ནོར་བུར་བསྒྲེངས་པ་ན།
    འཛམ་གླིང་ཡོམ་ཡོམ་འགུལ་བའི་ཟིལ་ཤུགས་ནི།
    བོད་ལས་སུ་ལ་ཡོད་དམ་དྲི་བར་འཕོས།

    Reply
  2. ལུང་རྟོགས། says:
    ལོ་ 10 སྔོན།

    དཔའ་བོ་ཁྱེད་ནམ་ཡང་རྒྱལ་གྱུར་གཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist