མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཊུམ་ཀུར་གཙུག་ལག་སློབ་གྲྭའི་སློབ་དཔོན་གྱི་ཕྱག་འཁྱེར་བཞེས།

བོད་ཀྱི་དུས་བབ།
༢༠༡༢/༡༡/༢༩
Share on FacebookShare on TwitterShare on EmailShare on Whatsapp


༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་
ཀར་ན་ཊ་ཁ་མངའ་སྡེའི་གཙུག་ལག་སློབ་གྲྭ་ཁག་ཅིག་ཏུ་བཀའ་སློབ་གསུང་བཤད་དང་། ཁུལ་དེའི་ཆོས་ལུགས་ཁག་ཅིག་གི་དབུ་ཁྲིད་དང་མཇལ་འཕྲད་ཀྱིས་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ཅིག་བསྐྱངས་དང་སྐྱོང་བཞིན་ཡོད་འདུག  

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ནས་བཟུང་༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་གི་ཡོད་པ་ལྟར། ཕྱི་ཚེས་  ༢༦ ཉིན་སྔ་དྲོར་བྷིང་ལོར་གྲོང་ཁྱེར་དུ་ཡོད་པའི་ཡེ་ཤུ་གཙུག་ལག་སློབ་ཆེན་ (Christ University) ཞེས་པར་ནང་ཆོས་དང་ཚན་རིག་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་། ཕྱི་དྲོར་དགེ་སློབ་ ༢༥༠༠ བརྒལ་བར་འདས་ཟིན་པའི་བྱུང་རབས་ལས་ང་ཚོས་བློ་སྐྱེད་ལེན་ཐུབ་པ་ལས་བསྐྱར་ལོག་བྱ་ཐབས་མེད་ཀྱང་། མ་འོངས་པའི་དུས་རབས་གང་འདྲ་ཆགས་མིན་ད་ལྟའི་བྱེད་ཕྱོགས་ལ་རག་ལུས་ཡོད་སྟབས། ང་ཚོས་རང་སེམས་ཀྱི་ཞི་བདེ་གོང་མཐོར་བཏང་བ་བརྒྱུད་འཛམ་གླིང་གི་སྤྱི་ཚོགས་ཇེ་ལེགས་སུ་གཏོང་རྒྱུ་ལས། དྲག་པོའི་དབང་ཤུགས་དང་དངུལ་སོགས་ཀྱིས་སྤྱི་ཚོགས་ལ་བདེ་སྐྱིད་བསྐྲུན་ཐབས་མེད་པ། འཛམ་གླིང་ནང་འགྱུར་བ་གཏོང་རྒྱུ་ཟེར་བ་དེ་ལས་དོན་རྒྱ་ཆེན་པོ་ཞིག་ཏུ་མཐོང་ཡང་། མི་སྒེར་མང་པོ་མཉམ་འཛོམ་གྱིས་མིའི་སྤྱི་ཚོགས་འགྲུབ་ཀྱི་ཡོད་སྟབས། མི་སྒེར་རེ་རེའི་སེམས་ནང་ཞི་བདེ་བསྐྲུན་ཐུབ་ཚེ་རིམ་གྱིས་སྤྱི་ཚོགས་ནང་ཞི་བདེ་བསྐྲུན་ཐུབ་པ་དང་། གཞོན་སྐྱེས་ཚོར་འཛམ་གླིང་ཞི་བདེ་ལྡན་པ་ཞིག་བཟོ་རྒྱུའི་འཆར་སྣང་དགོས་པའི་བཀའ་སློབ་སོགས་གནང་ཡོད་འདུག  

ཕྱི་ཚེས་ ༢༧ ཉིན་བྷིང་ལོར་ཊུམ་ཀུར (Tumkur University) ཞེས་པ་དང་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྐུ་ཚབ་རྣམས་པའི་ཕེབས་བསུའི་ཁྲོད་སློབ་གྲྭའི་ཚོགས་ཁང་དུ་ཆིབས་བསྒྱུར་གནང་ཡོད་པ་དང་། དེར་དགུང་གྲངས་ ༡༠༥ ཡིན་པའི་ཁུལ་དེའི་ཧིན་རྡུའི་བླ་ཆེན་སྐུ་ཞབས་ཤི་ཝ་ཀུ་མཱ་རཱ་མ་ཧཱ་སྭ་མི་ཇི་མཆོག་དང་བྱང་རྩེ་ཆོས་རྗེ། སེར་བྱེས་མཁན་པོ་བློ་བཟང་བདེ་ལེཊ། སེར་སྨད་མཁན་པོ་ངག་དབང་འབྱོར་ལྡན། རྒྱུད་སྨད་མཁན་པོ་བཀྲ་ཤིས་ཚེ་རིང་བཅས་དགོན་སྡེ་ཁག་གི་སྐུ་ཚབ་དང་སློབ་གཉེར་ཁང་དེའི་གཙུག་ལག་སློབ་དཔོན་རྣམ་པ། དགེ་ལས་སློབ་ཕྲུག་བཅས་མི་གྲངས་ ༡༥༠༠ བརྒལ་བ་འདུ་འཛོམས་བྱུང་ཡོད་འདུག  

སྐབས་དེར་༸གོང་ས་མཆོག་གིས་༼ དེང་དུས་ཤེས་ཡོན་ལམ་ལུགས་ནང་རྣལ་འབྱོར་ཉམས་ལེན་གྱི་ཐབས་ལམ༽ ཞེས་པའི་ལྷན་ཚོགས་དབུ་འཛུགས་དང་། སེར་བྱེས་མཁས་སྙན་གྲྭ་ཚང་དང་ཊུར་ཀུར་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱི་དབུ་འཛིན་བར་ཤེས་ཡོན་བརྗེ་ལེན་གྱི་ཡིག་ཆ་བརྗེ་ལེན། ༸གོང་ས་མཆོག་གིས་ཧི་རྡུའི་བླ་ཆེན་ཤི་ཝ་ཀུ་མཱ་རཱ་མ་ཧཱ་སྭ་མུ་ཇི་མཆོག་གིས་ཕུལ་བའི་སློབ་གཉེར་ཁང་དེའི་ཕུལ་བྱུང་གཙུག་ལག་སློབ་དཔོན་གྱི་ཕྱག་འཁྱེར་འབུལ་བཞེས་བཅས་གནང་རྗེས། ༸གོང་ས་མཆོག་གིས་༼འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་འགྲོ་བ་མིའི་ཐབས་ལམ༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་པ་དང་། རྒྱ་གར་གྱི་སྲོལ་རྒྱུན་རིག་གནས་ཐད་ཁོང་གིས་རྒྱ་གར་འཕགས་པའི་ཡུལ་ནི་འཛམ་གླིང་ནང་སྤྱི་ཚོགས་དཔལ་ཡོན་ཧ་ཅང་ཕྱུག་པའི་རྒྱལ་ཁབ་འགའ་ཡོད་པའི་གྲས་ཀྱི་གཅིག་ཆགས་ཡོད་པ། འཚེ་བ་མེད་པ་དང་ཞི་བ་ནི་ཡུལ་འདིའི་སྲོལ་རྒྱུན་རིག་གཞུང་ཞིག་ཆགས་ཡོད་པ་མ་ཟད། དངོས་པོའི་གནས་ལུགས་ལ་དཔྱད་པ་བྱ་རྒྱུའི་སྲོལ་རྒྱུན་གྱི་རིག་པའི་གཞུང་ལུགས་ཧ་ཅང་ཚད་མཐོན་པོར་སོན་ཐུབ་ཡོད། འཚེ་བ་མེད་པའི་ཉམས་ལེན་ནི་རྒྱ་གར་ནང་ཆོས་ལུགས་འདྲ་མིན་ལ་བཟོད་བསྲན་དང་གུས་བརྩི་ཞུ་རྒྱུའི་ལམ་སྲོལ་རྒྱུན་འཁྱོངས་བྱེད་བཞིན་པ་དེས་མཚོན་ཐུབ། རྒྱ་གར་གྱི་གདོད་མའི་ཆོས་ལུགས་ལ་ཆ་མཚོན་ན་གྲངས་ཅན་པ་དང་གཅེར་བུ་བ། ནང་པ་སངས་རྒྱས་པ་བཅས་དང་། ཕྱིས་སུ་སིཀ་ཆོས་ལུགས་དང་ཕྱི་ཕྱོགས་ནས་ཡེ་ཤུ་དང་ཁ་ཆེ། ཇིའུ། ཛོ་ར་སི་ཊི་རན་ཆོས་ལུགས་སོགས་དར་འཕེལ་བྱུང་བ་ཙམ་མ་ཟད། ཆོས་ལུགས་དེ་དག་འཆམ་མཐུན་ཐོག་མཉམ་གནས་བྱས་དང་བྱེད་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་གནང་བར་མ་ཟད། དེར་ཡོད་སློབ་ཕྲུག་ཁག་ཅིག་གི་དྲི་བར་བཀའ་ལན་གནང་ཡོད།

ཕྱི་ཚེས་ ༢༨ ཉིན་གྲོང་ཁྱེར་མུམ་བྷེ་ནང་༸གོང་ས་མཆོག་དབུ་བཞུགས་ཐོག  རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་དང་གནད་ཡོད་མི་སྣ། མི་མང་བཅས་འདུ་འཛོམས་ཀྱིས་རྒྱལ་སྤྱིའི་བྱམས་བརྩེའི་ཉིན་མོ་ཞེས་པ་ཞིག་སྲུང་གཙི་གནང་ཡོད་པ་མ་ཟད། ༸གོང་ས་མཆོག་གིས་ད་ལྟའི་དུས་སྐབས་ཀྱི་མི་སྒེར་བའི་མི་ཚེའི་དོན་སྙིང་དེ་རྒྱལ་ཁབ་དང་རྒྱལ་ཁབ་བར་གཅིག་པུར་མ་ཡིན་པར། མི་དང་མིའི་བར་གྱི་བརྩེ་སེམས་དང་འདུ་ཤེས་བཟང་པོ་དགོས་པ་མ་ཟད་། མི་དང་དུད་འགྲོ་སེམས་ཅན་བར་ལའང་འདུ་ཤེས་བཟང་པོ་འཛིན་དགོས་པའི་ལམ་སྟོན་བཀའ་སློབ་གནང་ཡོད།

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༦ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༦ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༧ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༩ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༡ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ མི་དང་མིའི་བར་གྱི་བརྩེ་སེམས་དང་འདུ་ཤེས་བཟང་པོ་དགོས་པ་མ་ཟད་། མི་དང་དུད་འགྲོ་སེམས་ཅན་བར་ལའང་འདུ་ཤེས་བཟང་པོ་འཛིན་དགོས་་་་་་་་་

    Reply
  2. ནད་པ says:
    ལོ་ 13 སྔོན།

    མཛད་པ་ཀུན་ལས་གསུང་གི་ནི། །
    མཛད་པ་མཆོག་དེ་ཡང་ནི། །
    འདི་ཉིད་ཡིན་ཕྱིར་མཁས་པ་ཡིས། །
    འདི་ལས་སངས་རྒྱས་རྗེས་དྲན་བྱོས། །

    རྗེ་ཙོང་ཁ་བས་གསུངས་པ་ལྟར་༧ གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོའི་མཛད་འཕྲིན་དག་ལ་ང་ཚོས་རྗེས་དྲན་བྱེད་དགོས།

    Reply
  3. ཤག་སྒང་པ། says:
    ལོ་ 13 སྔོན།

    འདི་ལྟར་འཇིག་རྟེན་གྱི་མགོན་དུ་སྐུ་ཚེ་བསྐལ་བརྒྱར་རྟག་བརྟན་གནས་པར་ཤོག

    གུས་ཕྱག་གྲངས་མེད་འབུལ་ལོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese