མིག་མི་འཛུམ།
༧གོང་ས་མཆོག་དང་བོད་མི་མང་འཚེ་མེད་ཞི་བ་ཡིན། ལྷག་དོན་༧གོང་ས་མཆོག་གི་ཞི་བའི་གྲོས་འཆར་དོན་ཚན་ལྔའི་ནང་དོན་ལྟར་མ་འོངས་པའི་བོད་རང་བཙན་གཙང་མའི་སྐབས་ཀྱང་ཞི་བདེའི་བསྟི་གནས་ཤིག་བྱ་རྒྱུ་དེ་ཡིན། འོན་ཀྱང་བོད་མི་མང་གི་ཁྲོད་དུ་དྲག་སྤྱོད་པའང་ཡོད་ཆོག་གི་རེད་དྲན། ད་ལྟའི་གནས་སྟངས་འདི་དང་འབྲེལ་ནས་བསམ་གཞིགས་ཤིག་བྱས་ན། བོད་མི་དཔའ་བོ་རེ་རེས་ལག་གཉིས་ཐལ་མོར་སྦྱར་ནས་རང་ཉིད་ཀྱི་ཚེ་སྲོག་བཏང་སྟེ་ཕར་ཞུ་བ་བྱས་ཀྱང་། ཚུར་མེ་མདའ་དང་སྡུག་སྤྱོད་ཁོ་ནས་ལན་སྤྲོད་ཀྱི་ཡོད་ལ། བཙན་བྱོལ་བོད་གཞུང་ཡང་རང་བཙན་ནས་དབུ་མར་བབ་པ་དང་དབུ་མ་ནས་ཀྱང་སྐད་འབོད་དང་ཐ་ན་དགྲ་བོའི་ཕྱོགས་སུ་བེད་སྤྱོད་གཏོང་ཆོག་པའི་མིང་ཚིག་ཚུན་ཆད་ཀྱང་འགྱུར་བ་བཏང་སྟེ་བསྟུན་ཅི་ཐུབ་བྱེད་ཀྱི་ཡོད་མོད། ཁ་གཏད་ཀྱི་རྣམ་འགྱུར་ཇེ་སྡུག་དང་ད་དུང་ཇག་ཚོགས་དང་དྲག་སྤྱོད་པར་བསྙད་ནས་ཡོད།
འུ་ཅག་གི་ངོས་ནས་བཤད་ན་༸གོང་ས་མཆོག་ནི་འདུ་ཕྱི་གཉིས་ཀྱི་སྐྱབས་གནས་ཉག་ཅིག་ཏུ་འདོད་ཀྱི་ཡོད་པ་བདེན་ནའང་། ཁོང་སྤྱང་ཁུ་དང་བྷིན་ལ་ཊིན་སོགས་ལ་སྦྱར་བ་ཐེངས་གཅིག་ག་ལ་ཡིན། ད་དུང་འཛུམ་འཚེར་འཚེར་བཟང་ཕྱོགས་ཀྱི་རྣམ་འགྱུར་ཡོད་རབས་ཁོ་ནས་དུས་ཚོད་བསྐྱལ་གྱི་ཡོད། ཉལ་འདང་ལག་པ་བྲང་ལ་ཞོག་དང་། རང་ཅག་གི་དད་པའི་རིག་གནས་སུ་གྱུར་བའི་ཆོས་བརྫུ་འདིས་ད་དུང་རང་ཅག་ལ་མགོ་སྐོར་གཏོང་གི་ཡོད་པ་མི་ཤེས་སམ། དེང་གི་ཆར་གཞིས་ལུས་སྤུན་ཟླ་དག་གིས་ཉི་མ་རེ་རེ་བཞིན་རང་ལུས་མེ་རུ་བསྒྲོན་ནས་དད་པ་དང་རེ་བ། སྙིང་སྟོབས་བཅས་མཚོན་པར་བྱེད་ཀྱི་ཡོད་ན། ཅིའི་ཕྱིར་ནུས་པ་འདོན་འོས་པའི་རང་ཅག་གིས་བསྔོ་བ་སྨོན་ལམ་རེ་བཏོན་ནས་བྱང་ཆུབ་ཀྱི་སེམས་འཚོལ་གྱི་ཡོད། ངས་མཐོང་བ་ནོར་མེད་ན། འདི་ནི་སྡར་གཤིས་ཀྱིས་གཅུན་པའི་སྒྲིག་འཛུགས་ཤིག་དང་ཕུགས་བསམ་གྱིས་བོར་བའི་ཚོགས་སྡེ་ཞིག་རེད།
ད་ནི་དྲག་སྤྱོད་ཀྱི་དུས་ལ་བབ་འདུག་པ་མཐོང་བྱུང་། དྲག་སྤྱོད་ནི་ཚུར་ཇི་ལྟར་བྱེད་པ་དེ་ལྟར་ཕར་ལ་བྱ་རྒྱུ་དེ་ཡིན། བོད་ཆོས་ལྡན་པ་དག་འདི་ནས་རྩིས་པའི་ལོ་ངོ་དྲུག་ཅུའི་ནང་ཅི་ཙམ་བསད་སོང་བ་རང་རེའི་ལོ་རྒྱུས་ཡིག་ཚགས་སུ་གསལ་བ་དེ་རེད། དེའི་ཚོད་ཀྱིས་ང་ཚོས་ཕར་བསད་ཡོད་དམ། དེ་གཅིག་བྱས། ལོ་ངོ་འདི་དག་གི་རིང་ལ་ང་ཚོའི་སྟེང་ནས་དགྲ་བོར་ཁེ་ཕན་ག་ཚོད་རག་ཡོད། དེས་མི་ཚད་ང་ཚོའི་མི་རིགས་དང་རྒྱལ་ཁབ་ཀྱི་ཆོས་རིག་ཉམ་ཉེ་དང་སེམས་ལ་དཀའ་སྡུག་ག་ཚོད་སྤྲད་སོང་། དེའི་ལན་དུ་ད་དུང་ང་ཚོས་བྱང་ཆུབ་ཀྱི་སེམས་འཚོལ་དགོས་སམ། ང་ཚོས་དེ་རིང་ལ་ཐུག་གི་བར་དུ་བྱང་ཆུབ་ཀྱི་སེམས་བཙལ་ནས་འོང་བ་རེད། ད་དུང་བྱང་ཆུབ་ཀྱི་སེམས་འཚོལ་གྱི་ཡོད། ཆོས་ཀྱི་གཞུང་ན་བཤད་པའི་བྱང་ཆུབ་ཀྱི་སེམས་དེ་ང་ཚོས་ཏན་ཏན་རྙེད་པར་ཆ་བཞག་ན། ང་ཚོ་ལ་རྒྱལ་ཁབ་ཀྱིས་ཅི་བྱེད་དམ། ང་ཚོ་ལ་རི་ཆུ་ནགས་གསུམ་གྱིས་ཅི་བྱེད་དམ། ང་ཚོ་ལ་མི་རིགས་དབྱེ་འབྱེད་མེད་ལ་ཆོས་དང་རིག་གཞུང་ཡང་མེད། མར་མ་གྱུར་བའི་སེམས་ཅན་གཅིག་ཀྱང་མེད་པའི་ཕྱིར་རོ།།
མི་ཞིག་ལ་མཚོན་ན་ཁོང་ཁྲོ་ལོས་ཡོད། འབུ་སྲིན་སྲོག་ཆགས་ཐམས་ཅད་ཀྱི་ནང་ན་ཁོང་ཁྲོ་མེད་པ་གཅིག་ཀྱང་མེད། ཡིན་ནའང་ང་ཚོའི་ངོས་ནས་ཕར་དགྲ་བོ་ལ་ཁོང་ཁྲོས་ཡ་ལན་སྤྲོད་མི་ཐུབ་ནའང་། བོད་མི་རེ་རེའི་ངོས་ནས་རང་སྲོག་བློས་གཏོང་ཕོད་པ་དེ་མངོན་གསལ་ཆགས་ཡོད་པ་བཞིན། ད་ནི་རྒྱ་མ་མི་ལ་མེད་པ་དང་རྒྱུ་ཉོག་ཁྱི་ལ་མེད་པའི་ལས་འགུལ་སྤེལ་ཐུབ་ངེས་ཡིན་ལ་སྤེལ་དགོས་པ་ཞིག་ཀྱང་ཡིན། ངས་དེ་རིང་ཅི་ཞིག་བརྗོད་འདོད་དམ་ཞེ་ན། ད་ནི་རང་རེའི་དཔའ་བོ་དཔའ་མོ་དག་གིས་རང་གཅིག་བུ་མ་ཡིན་པར་རང་གི་ཞོར་དུ་དགྲ་བོ་ཡང་འདྲུད་དགོས་པ་ཡིན། གཅིག་རག་ན་གཅིག་དང་གཉིས་རག་ན་གཉིས་གསོད་དགོས་པ་དང་། ལྷག་དོན་སྲིད་འཛིན་ལྟེ་བ་དག་མེར་བསྲེགས་དང་དགྲ་བོའི་རྒྱུག་ཁྱི་དམར་གསོད་སོགས་བྱེད་དགོས་པ་མ་ཟད། ཚོང་དོན་ལྟེ་བ་དང་ཆུ་འགག་གློག་ཁང་སོགས་གཏོར་བ། ལྕགས་ལམ་དང་གཞུང་ལམ་ལ་འབར་རྫས་གས་གཏོར་སོགས་ཕར་རྒོལ་གྱི་རྣམ་གྲངས་མང་བོ་ཡོད་པ་དག་རེ་རེར་བྱ་སྤྱོད་སྤེལ་བའི་དུས་ལ་བབ་པ་མ་ཟད་འཕྱི་དྲག་འདུག
ང་ཚོའི་ངོས་ནས་རྒྱལ་སྤྱིའི་མིག་ནང་གི་མཐོང་དང་རོགས་སྐྱོར་ལ་རེ་ནས་གོང་བརྗོད་ཀྱི་བྱ་འགུལ་དག་ལག་ལེན་དུ་བསྟར་ཚེ་འཇིགས་སྐུལ་དྲག་སྤྱོད་པར་ངོས་འཛིན་པར་སྐྲག་ནས་ཡོད་ཀྱང་། རང་དོན་རང་གིས་མ་སྒྲུབ་པར་གཞན་ལ་སྒུག་ནས་འདུག་རྒྱུ་ནི་ལྕེབས་ཐག་རང་གི་མགོ་ལ་གོན་ནས་འཆི་བར་སྒུག་པ་དང་མཚུངས་སོ།། ཇི་ལྟར་འཚེ་མེད་ཀྱི་བྱ་འགུལ་སྤེལ་བ་དེ་བཞིན་དུ་རྒྱལ་སྤྱིའི་མིག་ནང་ན་བོད་ཅེས་པ་ཡལ་ནས་ཡོད་པ་ང་ཚོའི་སུ་ལའང་གསལ་བ་ལྟར་ཡིན་ན། ད་ནི་ཚང་མའི་ལག་ལ་མཚོན་ཆ་ཟུངས་ཞོག འདས་པའི་ལོ་རྒྱུས་ལ་གཞིགས་ན། རྒྱ་གར་དབྱིན་ཇིའི་འོག་ནས་མི་ལོ་སུམ་བརྒྱར་བསྡད་དེ་མཐར་དཔའ་བོ་བྷ་གཱ་སིན( Bhagat singh)གྱིས་དྲག་སྤྱོད་ལ་བརྟེན་ནས་རང་བཙན་ཐོབ་པ་རེད། བྷ་གཱ་སིན་གྱིས་ནང་རུལ་བ་བསད་པ་རེད། བྷ་གཱ་སིན་གྱིས་སྲིད་འཛིན་ལྟེ་བ་བཅོམ་པ་རེད། བྷ་གཱ་སིན་གྱིས་གཞུང་ལམ་དང་ལྕགས་ལམ་གཏོར་བ་རེད། དེ་ལྟར་བཙན་འཛུལ་བར་སུན་པོ་རྣམ་གྲངས་མང་བོ་བཟོས་པར་བརྟེན་མཐའ་མཇུག་གྷན་ངྷི་དང་མཉམ་དུ་གྲོས་མོལ་བྱུང་བ་རེད། ད་ནི་རང་རེའི་བྷ་གཱ་སིན་དག་ཡར་ལ་ལོངས་ཤོག ད་ནི་རང་རེའི་བྷ་གཱ་སིན་དག་གིས་འགོ་རྩོམ་ཞོག རྒྱལ་སྤྱིའི་རྣ་བ་ཐེངས་གཅིག་དཀྲོགས་འདོད་ན་ཐབས་ལམ་ཡག་ཤོས་དེ་ཡིན་ལ། དགྲ་བོའི་བསམ་ཤེས་ཐེངས་གཅིག་དགོས་ནའང་ཐབས་ལམ་ཡག་ཤོས་དེ་ཡིན་པར་འདོད།
ད་ནི་༸གོང་ས་མཆོག་གི་དགོངས་གཞི་དང་འགལ་འགྲོ་བར་སྐྲག་ཁུལ་གྱི་ཆོས་བརྫུ་དེ་དོར་བའི་དུས་ལ་བབ་ཡོད། སྡར་གཤིས་ཅན་གྱི་ཐབས་ལམ་དག་གཡུག་ཞོག ༸གོང་ས་མཆོག་ནི་ས་ཐོབ་ཀྱི་སེམས་དཔའ་ཡིན་སྟབས་ཞི་བ་ཁོ་ན་ལས་སྲོག་ཆགས་ཕྲ་མོ་ཚུན་གྱི་སྲོག་དང་སྡུག་བསྔལ་ལའང་སེམས་ཀྱིས་མི་བཟོད་པ་ཡིན་པས། ཇི་ལྟར་དུ་འཚེ་བ་མེད་པ་དང་ཞི་བ་ཁོ་ནར་སྙེག་ངེས་ལ། དེ་ལྟར་ཡིན་ཀྱང་འོས། འོན་ཀྱང་ང་ཚོའི་འབངས་མི་ཕལ་བ་ཚོས་ཁོང་གི་ཉམས་ལེན་དེ་ལྟ་བུ་ལུས་ཀྱིས་ལྕོགས་ཀྱང་སེམས་ཀྱིས་མི་ནུས་པས་ན། བླ་མར་དབུ་སྐོར་གྱི་ཆོས་བརྫུ་དང་རྒྱལ་ཁབ་ལ་དགའ་ཞེན་གྱི་སྐྱག་རྫུན་དག་ཅིས་ཀྱང་སྤང་བར་འོས། ད་ལག་ལེན་དངོས་ཀྱི་སྟེང་ལ་མ་བབ་ཚེ། གཞིས་ལུས་སྤུན་ཟླ་བརྒྱ་ཕྲག་མ་ཟིན་ཙམ་གྱིས་ཚེ་སྲོག་གསོན་པོ་མེ་རུ་སྒྲོན་པ་དང་ས་ཡ་གཅིག་དང་འབུམ་གཉིས་ཀྱི་ཀེང་རུས་དག་གིས་དུར་ཁྲོད་ན་ང་ཚོར་ཅེར་ནས་ཡོད་པར་རྒྱུ་འབྲས་ཀྱིས་མི་རུང་།
མི་ཞིག་ལ་མཚོན་ནས་བཤད་ན་རང་ཉིད་འཚོ་སྡོད་ཀྱི་མ་མཐའི་ཆ་རྐྱེན་ནི། གཞན་གྱི་ལག་ནས་རང་ལ་གྱོང་མི་རག་རྒྱུ་དེ་རེད། ཚོང་དང་ཆ་བཞག་ནའང་ང་ཚོས་དུས་ནམ་ཡང་རང་གིས་གྱོང་འཁུར་ནས་གཞན་ལ་ཁེ་སྤྲོད་པ་ནི་དམ་པའི་ལྷ་ཆོས་དང་མཐུན་ཡང་འཇིག་རྟེན་མི་ཆོས་དང་གཏན་ཏུ་འགལ་ཡོད་པས་ན། ད་ནི་རང་མགོ་རང་གིས་གཡོག་པའི་ཆོས་བརྫུ་དེ་འདོར་རྒྱུའི་རེ་བ་ཤིན་ཏུ་ཆེའོ།།
དྲ་གྲོགས་རྣམས་ཀྱིས་མཆན་བུ་འདེབས་དོན་ནི་གཞན་གྱི་རྩོམ་ཡིག་གི་ནང་དོན་དཔྱད་བསྡུར་བྱ་རྒྱུ་དེ་ཡིན་པ་སེམས་ནས་མ་བརྗེད་རོགས། དོན་མེད་དུ་དྲ་མཆན་པ་ནང་ཁུལ་ལ་འཛིང་རེས་དང་དམོད་མོ་བོར་རེས་བྱས་པ་འོས་པོ་མི་འདུག
ད་ལྟའི་དུས་ཚོད་ལ་དེའི་རིགས་ནི་ང་དང་བཅས་པའི་མིག་ནང་གི་འཚེར་མ་ཡིན། དེའི་སྟབས་ཀྱིས་དོན་མེད་ཁ་བརྡུང་དང་མ་ཉེས་ཁ་གཡོག་སྤང་ནས་རང་ཉིད་མྱི་ཞིག་ཡིན་པ་དེ་ལྟར་དུ་ཕ་རོལ་བ་དེ་ཡང་མྱི་ཞིག་ཡིན་པའི་ཚད་ནས་བཤད་རོགས། རྒད་པོ་གནམ་ལྕགས་ཀྱི་སེམས་གཏམ་ཙམ་ཡིན།
ཟིན་ཐོ་འགའ།
ཐུང་ཐུང་དང་མགྱོགས་པོའི་སྒོ་ནས་བཤད་གིན་ཡོད། ༼ཚིག་གསུམ་བསྡུས་མ་ཡིན།༽
༡། ང་ཚོའི་སུ་ཡིན་རུང་རང་རང་གི་བསམ་ཚུལ་མཚོན་པའི་རྩོམ་ཡིག་དེ་བྲིས་ཚར་ནས་བརྒྱུད་ལམ་ལ་མ་སྤེལ་བའི་སྔོན་ཏག་ཏག་དེར་མ་མཐར་ཡང་རང་ཉིད་ལ་དྲི་བ་གཅིག་གཉིས་རེ་ངེས་པར་དུ་དྲིས་ན་ཆོག་གི་འདོད། དཔེར་ན། ༼དོན་ངོ་མར་ངས་འདི་འདྲ་ཞིག་ཁྲག་བཙུར་སྣག་བཙུར་དུ་བྲིས་ཏེ་སྤེལ་ནས་ཅི་བྱེད་ག༽ ༼འདིའི་རྗེས་འབྲས་དེ་སྡུག་ཕྱོགས་རྐྱང་རྐྱང་ནས་སྨིན་ན་དེའི་འགན་ངོ་མ་སུས་ཇི་ལྟར་འཁུར་ཐུབ་གི་རེད་ལྟ་བུ།༽
༢། ཞི་དྲག་གང་བཤད་ཀྱང་མཐར་གཏུགས་ན་བྱ་བ་འདི་དག་ཐམས་ཅད་ཀྱི་དམིགས་དོན་ངོ་མ་ནི། མི་རིགས་རང་གི་དོན་དུ་རེད། ཐབས་ལམ་དང་བསམ་ཚུལ་མི་མཐུན་པ་མང་པོ་ཡོད་པ་ཡང་མངོན་སུམ་རེད། གཞི་རིམ་ཙམ་མ་རེད། མཐོ་རིམ་མི་སྣའི་གྲས་ན་ཡང་ཡོད་པ་རེད། ཤེས་ཡོན་པ་ཚོའི་སེམས་ན་དེ་བས་ཀྱང་འདུག་སྙམ་པའི་ཚོར་བ་བྱུང་། འོན་ཀྱང་མངོན་སུམ་དུ་གླེང་གིན་མེད་པ་ནི་ཧ་ཅང་གཟབ་ཀྱིན་པ་སྟེ། གཅིག་ནས་བོད་རང་སྟེང་ནས་བསམ་ན་དེའི་རྒྱལ་ཁ་ཐོབ་རེ་ནི་དངོས་ཡོད་དང་མངོན་སུམ་ལ་འགལ་བ། གཉིས་ནས་དམག་འཁྲུག་ནི་སུས་ཀྱང་བློས་བཟོད་པ་ཞིག་མིན་པས་རེད།
༣། ཤེས་གསལ་ལྟར། གོང་དུ་དྲག་པོར་དྲག་པོའི་གདོང་ལེན་བྱ་དགོས་པ་རེད་ཟེར་བ་དེ་ཡང་རྒྱུ་མཚན་གྱི་ལག་མཐིལ་ལ་རྒྱུ་མཚན་བཞག་ནས་བཤད་པ་འདྲ་བོ་རེད། དཔེར་ན། བོད་ནང་གི་མེར་སྲེག་གི་གྲངས་ཀ་ལྟར། ཁོང་ཚོའི་མཉམ་དུ་ལྷ་སའི་གླིང་ནས་རྒྱ་མི་ ༩༠ ཐམ་པ་དོན་མེད་ལ་ནག་མེད་དུ་ཕྱིན་ན་མ་མཐར་ལྷ་སའི་རྒྱ་མི་དགུ་འབུམ་ལ་འཇིགས་སྣང་ཡོང་ངེས་པ་ལྟ་བུ་རེད། དེའི་འཕྲལ་གྱི་དམིགས་ཡུལ་ནི་བོད་ས་ཁུལ་ནས་རྒྱ་མི་ཡང་འགྲོ་བདེ་འདུག་བདེ་མེད་པ་ཞིག་བཟོ་ཆེད་དང་། འཛམ་བུའི་གླིང་གི་ཆབ་སྲིད་ཀྱི་ལས་སྟངས་ཀྱང་ཁྲག་དང་རྣག་མ་ཐོན་ན་མ་གཞི་ནས་ལས་ཤེས་གི་མེད་པའམ་ལས་རིན་མེད་པ་ལྟ་བུའི་རྣམ་འགྱུར་ཞིག་ཡོད་པ་དེ་ལ་བསྟུན་ནས་ལས་ཀ་བྱེད་འདོད་པ་ཡིན་རྒྱུ་རེད།
ཁྱི་ཕྲུག ཁྱི་སྐད་མ་རྒྱོབས། ད་རག་བར་རྒྱ་གཞུང་གིས་བོད་མིའི་རྐེད་གྲི་ཆུང་ངུ་ཉན་ཆད་རྒྱལ་སྤྱིར་འཆར་ནས་བོད་པ་འདི་ཚོ་དྲག་སྤྱོད་པ་རེད། ཅེས་རྒྱལ་སྤྱིའི་དྲག་སྤྱོད་པའི་ཐོ་གཞུང་ནང་བཙན་གྱིས་རྫོང་ཐབས་བྱེད་ཀྱི་ཡོད། གལ་སྲིད་གནས་ཚུལ་འདི་རིགས་བྱུང་ན། ད་གཟོད་ང་ཚོར་བྲོས་ས་མེད་ལ། སྡོད་ས་ཡང་མེད། དེ་བས་རེ་བཅོལ་ཞུ་ས་ཞིག་གང་ན་ཡོད། དེ་དུས་རྒྱ་གཞུང་གིས་ལས་སླ་མོར་བོད་འདི་བོར་བརླགས་གཏོང་ཐུབ། ད་བར་ང་ཚོའི་ཐབས་ཇུས་འདིས་ང་ཚོ་སྐྱབས་ནས་ཡོད། ཤེས་སོང་ངམ།
མི་ཆུང་ལགས། ཀླུ་མཁར་བྱམས་ལ་ཁ་གཏོང་རོགས། ཁོང་གི་བསམ་ཚུལ་གྱི་རྒྱབ་ལྗོངས་ཁྱེད་ཀྱིས་མགོ་ཚོས་མི་འདུག འཛིང་དགོས་ཟེར་དུས་བོད་མི་ཡོད་དོ་ཅོག་གིས་མདའ་མདུང་གྲི་འཁྱེར་ནས་རྒྱུགས་ལབ་ཀྱི་ཡོད་པ་མ་རེད། ་དཔེར་ན་ ལྕགས་ལམ་གཅིག་གཏོར་བ་ལ་ས་ཡ་དྲུག་མི་དགོས། དེ་འཚེ་བ་ཡིན་པའང་སྒྲུབ་མི་ཐུབ། འདི་དང་འདི་འདྲ་བའི་ལས་ཀ་མང་པོ་ཁེངས་བསྡད་ཡོད།
སྐད་འདི་ཀླུ་བྱམས་སོགས་ལ་བསྐུར་བ་ཡིན།
((ད་ནི་བོད་མི་གཉོམ་ཆུང་ཚོ་འུ་ཐུག་པ་ཡིན་སྟབས། མཇུག་འབྲས་ལ་སྔོན་དཔག་མེད་པར། ཤི་གསོན་གཏིང་ཐག་ཆོད་སླ་བའི་ལམ་ཁ་ཉེ་ཤོས་སུ་ཞུགས་དགོས་པར་སྙམ། ངས་འདི་ལྟར་བརྗོད་པ་མི་སེམས་ཟང་ཟིང་བཟོ་རྒྱུའི་ཆེད་དུ་མ་ཡིན་པར། མའོ་ཡིས་བཤད་པ་ལྟར་འཛིང་རེས་ཤིག་བྱས་ཏེ། རྒྱ་གཞུང་གི་ཁ་ཕོར་དོན་གྱིས་རྒྱུས་ལོན་ངོ་མ་ཞིག་བྱེད་རྒྱུ་དང་། བོད་ཀྱི་ཤི་ཐག་གསོན་ཐག་མགྱོགས་པོར་གཅོད་ཐུབ་ན་བསམ་པའི་གླེང་སློང་གི་ཚུལ་དུ་ཡིན།))
གོང་གི་འདི་བོད་ཀྱི་དགུ་བཅུ་གསུམ་གྱི་ཚོགས་གཞོན་ཀླུ་མཁར་བྱམས་ཀྱི་སྐད་རེད། འདི་ནི་སེམས་པ་རྣལ་དུ་མ་ཕབ་པའི་སྐད་ཆ་ཞིག་ལས། ཆབ་སྲིད་པ་ལྟ་ཅི། གཞི་རིམ་སློབ་མ་ཞིག་གི་ཚོར་འདུ་ཡང་མེད་པ་ཞིག་རེད།
ངས་ཀླུ་བྱམས་ལ་སྐད་ཆ་ཞིག་འདྲི། ཁྱེད་ཀྱིས་ཇི་ལྟར་འཛིང་རྒྱུ་ཡིན་ནམ། ཡང་ན་གཞི་ལུས་བོད་མི་ས་ཡ་དྲུག་ཙམ་གྱིས། མདའ་མདུང་དང་བློ་གྲི། ས་རྡོ་འདོན་བྱེད་ཀྱི་འབར་རྫས་དེ་དག་ཁྱེར་ཏེ། དེང་རབས་ཀྱི་གོ་མཚོན་ཐོག་པའི་རྒྱ་དམག་ས་ཡ་མང་པོར་འཛིང་དགོས་རྒྱུ་རེད་དམ། དེ་མིན་ཐབས་ཇུས་ཅི་ཞིག་ཡོད། དཔེ་མཚོན་ཙམ་ངོ་སྤྲོད་ཅིག་གནོངས་དང་།
་རང་ལུས་མེར་བསྲེགས་གཏོང་མཁན་ཚོས་ཀྱང་ཇུས་འཐེན་དགོས་པའི་ཚོད་རེད་འདུག རྒྱ་ནག་པེ་ཅིན་ནང་རང་བསྲེགས་བཏང་ཡོད་པ་ཡིན་ན་ མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བཏང་ཡོད་ན། ང་ཚོ་ག་པར་སླེབས་ཡོད་་ན???
བཀུར་འོས་ཀློག་མཁན་པ་ལགས།
བོད་མི་རིགས་ཀྱི་འཐབ་རྩོད་བྱེད་སྟངས་དེ། བོད་མི་ཚང་མས་ཐག་གཅོད་དང་གདམ་ཁ་བྱེད་རྒྱུའི་དབང་ཆ་ཡོད་པ་ནི། ལོ་རྒྱུས་དང་བདེན་པས་ཐག་བཅད་པ་ཞིག་རེད་དེ།
གདམ་ཁ་ནོར་མི་ཉན་པ་ནི། འཐབ་རྩོད་ཀྱི་སྟོབས་ཤུགས་འཕེལ་མཆེད་མིན་དེ་རེད། དེས་ན། བོད་པའི་འཐབ་རྩོད་ཀྱི་སྟོབས་ཤུགས་གང་ཡིན་ནམ། འཐབ་རྩོད་ག་ཚོད་ཡོད།
འཐབ་རྩོད་ལ་བརྒྱུད་རིམ་དང་ངོས་འཛིན་ཞིག་ཡོད་དགོས་པ་གནད་འགག་མ་རེད་དམ། ཡིན་ན། འཐབ་རྩོད་བྱ་ཡུལ་གྱི་སྟོབས་ཤུགས་ལ་གཞིགས་དགོས་པ་ནི། རྩ་བའི་རྩ་དོན་གལ་ཆེན་ཞིག་རེད་འདོད།
རྩ་དོན་གྱི་རྨང་གཞི་འདང་སྟངས་དེ། རང་གི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ངོ་མ་དེ་འཚོལ་ཞིབ་བྱེད་དགོས་པ་ནི། འཐབ་རྩོད་པ་ཞིག་གིས་ཤེས་རྟོགས་རྙེད་དགོས་པའི་གནད་ཀྱི་དོན་པོ་ཞིག་ཨེ་རེད། ཡིན་ན། གྲ་སྒྲིག་དང་ཐབས་ལམ་ཡང་། དེར་བསྟུན་གྱིས་འདོན་དགོས་པ་གནས་ལུགས་ཤིག་རེད།
མ་རྩ་རང་ལ་ཡོད་རུང་། ཁེ་ཕན་གཞན་ལ་སྤྲད་ན་འགྲིག་གི་ཡོད་དམ། མ་གཞི་ནས། བོད་ལ་དམག་འཐབ་གཞུང་ལུགས་ཤིག་ཨེ་ཡོད། ཡོད་ན་དཔེར་མཚོན་གང་ཡིན།
བོད་འདི། སད་སྟངས་དང་ངར་ཤུགས་འཕེལ་སྟངས་གང་ལ་བལྟས་རུང་། རང་ཆེ་གཞན་སྙོམ་གྱི་གཤིས་སྤྱོད་ཀྱི་བཀག་རྒྱར་ཚུད་པ་འདྲ། སྤྱིར་བཏང་ནས། བོད་ཀྱི་རིག་གནས་ཀྱི་སྙིང་དོན་དེ་མ་རེད་དམ།
མི་རྒོད་ལགས། རྒྱ་ནག་གི་གཞུང་ཚབ་ལ་མཆོང་རྒྱུ་དེ་དོན་དག་ལྟེ་བ་་མ་རེད། རྒྱ་ནག་གི་གཞུང་ཚབ་ལ་གཅིག་རྒྱུགས་ནས་སྐད་འབོད་རེ་རྒྱག་པ་དེར་ང་ལ་འཐད་པ་མེད། ལས་འགུལ་ཅིག་སྤེལ་རྒྱུ་ཡིན་ན། ལས་འགུལ་ནི་སྐར་མ་ཁ་ཤས་རེད། དུས་ཚོད་ཀྱི་90% འཐབ་བྱུས་ཀྱི་སྒང་ལ་གཏོང་དགོས་པ་རེད།
མ་གཞི་ནས་ཞི་བ་དང་དྲག་པོའི་ས་མཚམས་དབྱེ་དཀའ། རྩོམ་ཡིག་འདི་མཁན་པོ་ལ་ཧོལ་རྒྱུག་གི་་མང་པོ་འདུག་ལ་གནས་ལུགས་ཡང་མང་པོ་འདུག ལྕགས་ལམ་གཏོར་བ་དང་ཟམ་པ་གཏོར་བ། ད་དུང་གཏེར་ཁ་བསྔོག་འདོན་བྱེད་ས་སོགས་ལ་གནོད་བསྐྱལ་ན་འགྲིག་ལ། མིའི་ཚེ་སྲོག་ལ་ལག་པ་མ་འཆང་ན། ་ལྕགས་ལམ་གཏོར་བ་དེ་ངོ་བོ་དང་ནང་རྣམ་པའི་འཚེ་བར་སྣང་ཡང་འཚེ་བའི་ལས་ཀ་ཡིན་པ་སྒྲུབ་རྒྱུ་དཀའ་མོ་རེད། རང་ལུས་མེར་བསྲེགས་ལ་ཡང་ད་ཆ་ལམ་སྟོན་དང་ཇུས་དགོས་ཀྱི་འདུག ས་ཆ་གྲོང་གསེབ་ཁག་ནས་གཏོང་བ་འདིས་ནུས་བ་ཤུགས་ཆེར་ཐོན་ཐུབ་ཀྱི་མི་འདུག
ཡུལ་དང་དུས་གནས་སྐབས་སོགས་ལ་ལྟ་རྒྱུ་གལ་ཆེན་པོ་ཆགས་འདུག
ང་ཚོས་རྒྱ་ནག་ལ་བཟོས་པའི་གྱོང་དེ་ཁོང་ཚོས་བོད་ནས་རེག་པའི་ཁེ་སྤོགས་ལས་བརྒལ་བ་ཡིན་ན། ང་ཚོར་རྒྱལ་ཁ་ཐོབ་པ་རེད།
དེ་བས་མིག་མི་འཛུམ་གྱིས་མིག་གཉིས་ཀ་བཙུམས་ནས་བྲིས་པའི་ཚོར་འདུའི་རྩོམ་ཡིག་འདིར་རྒྱབ་ལངས་མཆན་ཞབས་པ་རྣམས་ནས་མནོ་བསམ་ལེགས་པོ་བཏང་ན་མ་གཏོགས་ཆུ་མེད་སའི་རོང་དུ་བསྐྱལ་ཡོང་དཱ།
ད་སྐུ་མཁྱེན། བླ་མས་མཛད་བཟང་ཆུར་མ་བསྐྱུར་རོག་མཁྱེན།
གཞིས་སུ་བཞུགས་པའི་བོད་མི་དཔའ་བོ་དཔའ་མོ་ན་གཞོན་ཚོ་བོད་དོན་ཐོག་རྒྱུན་བསྲིངས་ནས་ཕྱག་ལས་མཛད་དུ་འཇུག་རོག
འཛམ་གླིང་ལོ་རྒྱུས་སུ་གོ་ཐོས་མ་མྱོང་བའི་ཆེས་ཛ་དྲག་ཅིང་ཆེས་གཉན་འཕྲང་གི་དུས་ཚིགས་འདིར་རྒྱུ་འབྲས་མེད་པའི་གཏམ་བཤད་ཁ་སྟོང་འདི་ལྟར་གནང་ཕོད་པ་ནི་ལ་དྭགས་ཀྱི་བཀའ་སློབ་མི་དྲན་པར་འདུག
ཁ་སང་ངས་བྲིས་ཡོད། རང་ཉིད་གཞུང་ལམ་དུ་འཐོན་རྒྱུ་མེད་པར་ན་གཞོན་ཟ་འཕྲུག་བསླངས་པ་ནི་ཉེས་ཅན་ཉིད་དུ་ཟད་པས་ཡིད་གཟབ་གནང་ན་ལེགས་ཀྱི་རེད།
མེ་མཆོད་དཔའ་བོར་ཕྱིར་མིག་ཅིག་བལྟས་ནས་འདང་ཞིག་རྒྱོབས་དང་། ན་ཚོད་ཅི་འདྲ་སྐོར་ཞིག་བཞུད་ནས་སོང་འདུག
ཆབ་སྲིད་ཞིབ་འཇུག་པ་དང་ཚད་ཕེར་གསར་ཁང་དང་གསར་འགོད་པ་དེ་ཚོས་ང་ཚོའི་མེ་མཆོད་ཞི་རྒོལ་གྱི་ཚད་ཐིག་ཇི་ལྟར་བཅལ་དང་འཇལ་གྱིན་འདུག
སྐྱབས་བཅོལ་བོད་མིའི་རྩོམ་འབྲི་བ་རྣམ་པས་རྩོམ་ཡིག་གང་ཞིག་བྲིས་རུང་། རྒྱབ་རྟེན་དང་རྒྱུ་མཚན་ཡོད་པའི་ཐོག་ནས་འབྲི་རྒྱུ་ལས། ཚོར་སྣང་དང་ཐོད་བརྒལ་གྱི་བསམ་ཚུལ་རྐྱང་བས་མི་མང་གི་འདུ་ཤེས་དང་ངོས་འཛིན་དཀྲོགས་སྲིད་པས། རྩོམ་འབྲི་བ་ཚོས་ཞིབ་འདང་རྒྱག་དགོས་པའི་གནད་ཅིག་རེད།
རང་དབང་དང་གུ་ཡངས་ཀྱི་ཁོར་ཡུག་ཁ་ལ་འཁྱེར་ནས། རང་རང་གི་བསམ་ཚུལ་རྐྱང་བ་སྒྲུབ་ཕྱོགས་སུ་འཛིན་པ་ནི། རིས་གཅོད་ཀྱི་ལྟ་ཚུལ་ཞིག་ཅིས་ལ་མིན། བོད་ཀྱི་འཐབ་རྩོད་འདིའི་འཕེལ་ཕྱོགས། ཁ་ཕྱོགས། ནུས་པ་སོགས་ལ་གཞིགས་ནས། གཞི་རྩ་ཡོད་པའི་ཐབས་བྱུས་འདོན་རན་པའི་དུས་ཚོད་ཅིག་ཡིན་པའང་བདེན་པ་རེད།
རེད་དེ། དོན་དངོས་ནི། སུ་གང་གིས་འགྱུར་བ་གཏོང་ཐུབ་ཀྱི་མ་རེད། དེས་ན། བོད་པའི་སྟོབས་ཤུགས་ཀྱི་དོན་དངོས་གང་ཡིན་ནམ། རིག་གནས་སྙིང་སྟོབས་ཤིག་ཡིན་ནམ། དྲག་རྒོལ་བྱེད་སྤྱད་ཀྱི་མཐུན་རྐྱེན་ཚང་ངམ།
གལ་སྲིད། དྲག་རྒོལ་གྱི་ལམ་ལ་ཞུགས་པ་ཡིན་ན། གྲ་སྒྲིག་ཡོད་དམ། ཡང་མིན་ན། གྲ་སྒྲིག་གང་འདྲ་ཞིག་བྱེད་རྩིས་ཡོད་དམ། བོད་མི་རིགས་འདིའི་དཔལ་ཡོན་ཞི་བའི་རིག་གཞུང་གིས་བསྐྱེད་ཡོད་དམ། དྲག་རྒོལ་རྐྱང་བས་བཟུང་ཡོད།
རྒྱ་ནག་གི་རིག་གནས་དང་རྒྱ་གཞུང་གི་སྲིད་བྱུས་ལ་བལྟས་པ་ཡིན་ན། དྲག་པོའི་རྒོལ་ལན་མེད་ན། བསམ་ཤེས་གུ་ཡངས་མེད་པ་ནི། ལོ་རྒྱུས་དང་ད་ལྟའི་རྒྱ་གཞུང་གིས་སྲིད་བྱུས་ཀྱིས་གསལ་བཤད་བྱེད་ཀྱིན་མི་འདུག་གམ།
ཡིན་རུང་། བོད་མི་རིགས་ཀྱི་འཐབ་རྩོད་ལ་དྲག་རྒོལ་རིག་གནས་དང་ལམ་ལུགས་ཤིག་བཟུང་བ་ཡིན་ན། བོད་ཀྱི་རིག་གནས་དང་རྒྱབ་འགལ་དུ་ཆགས་པ་མ་རེད་དམ། དེ་ལས་བོད་རང་གི་ཞི་བའི་རིག་གནས་དང་དེའི་ནུས་སྟོབས་ཀྱིས་བསྐྱེད་པའི་ཞི་བདེའི་འཐབ་རྩོད་འདི་རན་པོ་ཞིག་མ་རེད་དམ།
གོང་གི་རྩོམ་ཡིག་འདི་དང་དང་འདིའི་རྒྱབ་ཕྱོགས་ནས་ལངས་མཁན་ཚོ་༧ གོང་ས་མཆོག་དང་བོད་མི་མང་གི་ལངས་ཕྱོགས་ཀྱི་འགལ་ཟླར་ལངས་ཤིང་། རྒྱ་ནག་དམར་རོ་གཞུང་གི་ཡུན་རིང་སྒུག་པའི་མངོན་འདོད་སྒྲུབ་པའི་ཉེ་སར་བཅར་འདུག
གལ་སྲིད་བོད་མི་ཅལ་ཆུང་འགས་སེམས་ཤུགས་ཆེ་མདོག་དང་བློ་ཁོག་ཡོད་མདོག་གིས་དྲག་སྤྱོད་ཀྱི་ལས་མགོ་འདི་འདྲ་ཞིག་བརྩམ་ཚེ་༧ ་་ད་བར་༧གོང་ས་མཆོག་གི་གཙོས་བོད་མིའི་སྒྲིག་འཛུགས་ཀྱིས་སྐུ་ངལ་སྐྱོན་པ་ཆུད་ཟོས་དང་། ལྷག་པར་ཏུ་ཕྱི་ནང་གཉིེས་ཀར་བོད་མི་དགུ་བཅུ་ལྷག་གིས་བོད་མའི་བདེན་དོན་དང་རང་དབང་གི་ཆེད་དུ་ཞི་བའི་སྒོ་ནས་རང་སྲོག་མེར་སྒྲོན་མཁན་རྣམ་པའི་རང་ལུས་མེར་བསྲེགས་པ་ཆུད་ཟོས་སུ་བཏང་བ་རེད།
བསྐུར་འོས་དྲ་གྲོགས་ཡོངས་ལ་ཞུ་རྒྱུ། གོང་གསལ་རྩོམ་ཡིག་འདིར་ཁྱེད་ཚོས་མཆན་མང་པོ་ཞིག་བྲིས་འདུག་པར་དགའ་བསུ་ཞུ། ཡིན་ཡང་རེ་ཟུང་ནི་འུར་ཤོད་དང་། རེ་ཟུང་ནི་སེམས་ཚོར་ཙམ་གྱི་རྗེས་སུ་རྒྱུགས་པ་དང་། ཁ་ཤས་ཀྱིས་གནས་ལུགས་ལྡན་པ་ཡང་བཤད་འདུག ། སྟོབས་ཤུགས་ཅན་གྱིས་དམག་དཔུང་ཞིག་དང་ཆེས་ཉམ་ཆུང་བོད་མིའི་བར་དྲག་པོས་གཡུལ་འགྱེད་ནི་མར་རྡོ་ལ་བཞུས་ན་མར་ཕམ་པ་དང་དེ་བཞིན་རྡོ་མར་ལ་བཞུས་ན་ཡང་མར་ཕམ་པ་ནང་བཞིན་ཡིན་པར་མངོན་སུམ་ཚད་གྲུབ་ཡིན་པ་སྨོས་མི་དགོས་པར་འདོད། གལ་སྲིད་དྲག་པོས་ལས་འགུལ་ཞིག་སྤེལ་ན་ཡང་ཆ་གཞིར་ལྡན་པ་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་དགོས་པ་ལས་མི་རེ་ཟུང་གིས་སེམས་ཚོར་དང་འབྲེལ་ནས་བྱ་སྤྱོད་འདྲ་མིན་སྤེལ། རེ་ཟུང་གིས་དེར་རེ་བ་འདྲ་བྱས་ནས་བསྡད་ན་སྤྱིར་སྒེར་སུ་ལ་ཡང་ཕན་འབྲས་མེད་ཁར་མིང་ཅན་ངན་པ་ཞིག་ཁུར་རོགས་ལས་གང་ཡང་མི་འདུག །ངས་མིང་ཅན་ངན་པ་ཟེར་དུས་འཇིགས་བསྐུར་དྲག་སྤྱོད་པའི་མི་བྱང་ལ་ཟེར་གྱི་ཡོད། ད་དུང་གྲོགས་ཀླུ་མཁར་བྱམས་ལགས་ཀྱིས་དབུ་མའི་ལམ་གྱིས་ནུས་པར་མ་ཐོན་པའི་གཟིགས་ཚུལ་དང་འབྲེལ་བས་མཆན་ཞིག་བྲིས་འདུག་པ་ལ་ཡང་བསམ་ཚུལ་ཞིག་བཤད་འདོད་བྱུང་སོང་། འོ་ན་ང་ཚོས་དྲག་སྤྱོད་སྤེལ་བ་ཡིན་ན་རྒྱལ་སྤྱིའི་ནང་ནས་ཆེ་མཐོང་དང་རྒྱབ་རྩ་ཡོང་བར་ཕན་ཐོག་ཡོད་དམ་། ཡང་ན་རྒྱ་དམར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཞི་འཇམ་གཏོང་བར་ཕན་ཐོག་ཡོད། དང་པོ་ལྟ་ན་་དེང་སྐབས་དྲག་སྤྱོད་སྤེལ་བཞིན་པའི་སི་རི་ཡ་དང་། དེ་བཞིན་པ་ཀེ་སི་ཐན་དང་ཨབ་གྷན་ན་སི་ཐན། དེ་བཞིན་ཡུ་གུར་མི་རིགས་ལ་སོགས་པའི་ཡུལ་ལུང་མང་པོ་ཞིག་ནང་དྲག་སྤྱོད་ལས་འགུལ་སྤེལ་གྱིན་ཡོད་པ་རེད། ཡིན་ཡང་རྒྱལ་སྤྱིའི་དང་སྲིད་གཞུང་སོ་སོའི་ནང་ནས་ཁོང་ཚོར་དོན་ཕན་ལྡན་པའི་ཡ་ལེན་ཞིག་སྤྲོད་གིན་ཡོད་དམ། ཡང་མིན་ན་ཨིས་རྒྱབ་དང་ཏྲོན་ནེ་ཤིས་ཡ་ནང་ལོག་ཏུ་བྱུང་བ་ལྟ་བུའི་དྲག་སྤྱོད་ཞིག་སྤེལ་ཐུབ་ན་མངོན་འདོད་ཞིག་འགྲུབ་སྲིད་མོད། དེ་ལྟ་བུ་ནི་མི་འབོར་དང་། སྟོབས་ཤུགས། རྒྱབ་རྩ་སོགས་ཕྱོགས་གང་གི་ཆ་ནས་བསམ་ན་ཡང་ང་ཚོར་བོད་པ་ཚང་ལ་རེ་བ་གང་ཡང་མེད་པར་མངོན་གསལ་རེད། སྟོབས་ཤུགས་ཀྱིས་ཆ་ནས་བཤད་ན་དེ་ལྟ་བུ་མི་མང་ཕོན་ཆེན་དྲག་རྒོལ་ནང་དུ་མཉམ་ཞུགས་ཐུབ་པ་དཀའ་བ་དང་། རྒྱལ་སྤྱིའི་རྒྱབ་རྩ་ཡང་དཔལ་འབྱོར་གྱི་ཁེ་ཕན་དང་འབྲེལ་ནས་ཡོད་དུས་དེ་ལས་དཀའ་བར་སེམས་སོ། མདོར་བསྡུས་ནས་བཤད་ན་ཐང་བདེ་དུས་ཨ་ལ་ཐ་ལ་དང་། འགག་དོགས་སར་ཨོ་རྒྱན་པདྨ་ཟེར་བ་བཞིན་མ་གནང་རོགས་ཞུ་རྒྱུ་ཡིན།
དྲག་རྒོལ་གྱི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐུབ་ཀྱི་ཡོད་ན་དེའང་འགྲིག་གི་ཡོད་རེད། དེ་ཡང་དངོས་དོན་དང་མཐུན་པ་ལས་མི་མཐུན་པ་ཞིག་གཏན་ནས་མ་ཡིན། རྒྱབ་སྐྱོར་ཞུ་དང་ཞུ། ཡིན་ནའང་དེ་ལས་བཟློག་ཏེ་བོད་ནང་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདིར་རྒྱ་ནག་གཞུང་གི་དྲག་ཤུགས་སམ་ཡང་ན་རྒྱ་ནག་གཞུང་གི་གནོན་ཤུགས་དུ་མ་ཞིག་གི་འོག་ནས་རྒྱ་གར་གཞུང་རང་ངོས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རང་ཤུགས་ཀྱི་སྒོ་བརྒྱག་མི་སྲིད་པ་དེ་འདྲ་གང་ཡང་མ་རེད། དེ་དོན་ཚང་མས་ཐུགས་བསམ་ཟབ་མོ་དང་གཟབ་ནན་ཐོག་ཞིབ་དཔྱད་ལེགས་པོ་ཞིག་གནང་དགོས་པ་དེའང་གལ་གནད་ཤིན་ཏུ་ནས་ཆེ། མ་ཚད་དེ་སྔོན་༸གོང་ས་མཆོག་གིས་དྷ་སྟེང་བོད་ཁྱིམ་དུ་རྒྱུ་མཚན་ཡང་དག་དང་ལྡན་པའི་ཐོག་ནས་བཀའ་སློབ་ཞིབ་ཕྲ་ཞིག་དེའི་ཐོག་གནང་གྲུབ་སོང་། དེའང་ཚང་མས་མཁྱེན་ཡོད་ཤག མ་ཚད་དགའ་ལྡན་ཕོ་བྲང་དང་བཙན་བྱོལ་བོད་གཞུང་ཞེས་པའི་མིང་བྱང་དེའང་ཕྱིར་བསྡུ་བྱས་དགོས་པའི་རྒྱུ་མཚན་ཅིའི་ཕྱིར་དུ་ཡིན་མིན་ཐོག་ལ་ཐུགས་ཞིབ་དང་དཔྱད་ཞིབ་ལེགས་པོ་མཛོད། བོད་དོན་བདེན་མཐའ་གསལ་ཐབས་སུ་མདུན་དང་རྒྱབ་གཡས་དང་གཡོན་ཚང་མར་གཟིགས་ཞིབ་དང་། ཞིབ་དཔྱད་ཡང་དག་འོག་ནས་གཟབ་ནན་ཐོག་ལས་འགུལ་སྤེལ་དགོས་པ་ལས་གཞན་གྲུབ་འབྲས་དང་འབྲས་བུ་ལེགས་པོ་ཞིག་འབྱུང་མི་སྲིད་པ་དེའང་ཚང་མས་ཧ་གོ་དོན་གསལ་རེད།
<<འགོ་དྲག་པོས་བརྩམས་ནས་མཇུག་ཞི་བས་སྐྱོང་དགོས >>
བོད་རྒྱའི་དབར་གྲི་དང་མདུང་གཏུགས་ནས་མི་ཤི་རྟ་འགྱེལ་མ་དགོས་པར། ༧ གོང་ས་མཆོག་གིས་བཏོན་པའི་དབུ་མའི་ལམ་ནས་གདོང་དང་གདོང་གཏུག་གིས་དཀའ་ངལ་སེལ་རྒྱུར་ང་ཚོས་རེ་བ་བརྒྱབ་ཆོག་མོད། དེ་ལྟར་ཡོང་མིན་ལ་དུས་བཀག་ཅིག་མེད་ན། ཐ་མར་ང་ཚོ་རྟག་ཆད་ཀྱི་མཐའ་གཉིས་སུ་མ་ལྷུང་ཞིང་། ཐོབ་བྱ་གང་ཡང་མེད་པའི་དབུ་མ་རང་སྣང་བ་ཞིག་ཏུ་འགྱུར་ཉེན་ཆེ།
ཕྱི་ལོ་༢༠༠༣ ཟླ་༨ཚེས་༢༨ཉིན། ༧གོང་ས་མཆོག་ཧྥ་རིན་སིའི་རོལ་ཊར་གསར་ཁང་གི་བཅར་འདྲིའི་སྐབས། ཁོང་གིས་“ འབྲེལ་ལམ་བསྐྱར་གསོ་བྱས་ཏེ་བཟང་ཕྱོགས་ཀྱི་ཁོར་ཡུག་བསྐྲུན་ཡོད། རིང་བོར་མ་སོང་བར་གྲུབ་འབྲས་ཤིག་སོན་པའི་རེ་བ་རྒྱག་གི་ཡོད་ལ། ང་ཚོས་བཟོད་བསྲན་དང་ངང་སྒུག་ཀྱང་བྱེད་དགོས་པ་རེད། འོན་ཀྱང་། ལོ་གཉིས་གསུམ་ནང་གྲུབ་འབྲས་ཤིག་མ་བྱུང་བ་ཡིན་ན། ངོས་ཀྱི་དབུ་མའི་ལམ་ལ་དེང་གི་གཞོན་སྐྱེས་ཚོར་འགྲེལ་བཤད་རྒྱག་རྒྱུ་ཁག་པོ་ཆགས་ཀྱི་རེད། དབུ་མའི་ལམ་ནས་ཚད་མཐོའི་རང་སྐྱོང་གི་དགོས་འདུན་བཏོན་པ་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་མོས་མཐུན་མེད་པའི་ན་གཞོན་མང་བོ་ཡོད་པ་དང་། ཁོང་ཚོས་རང་བཙན་གཙང་མ་སླར་གསོའི་དགོས་འདུན་འདོན་གྱི་ཡོད་སྟབས། དྲག་པོའི་འཐབ་རྩོད་ལམ་དུ་ཞུགས་སྲིད་པ་རེད་”ཅེས་ལམ་དབུ་མའི་ལམ་གྱི་གྲོས་འཆར་དེར་དུས་ཀྱི་ཚད་བཀག་ཅིག་བཟོས་པ་མ་ཟད། དྲག་པོའི་འཐབ་རྩོད་ཀྱང་འབྱུང་སྲིད་པའི་སྔོན་བརྡ་བཏང་འདུག
ཁོ་བོའི་བསམ་པར། དབུ་མའི་ལམ་ཀྱི་ཚད་བཀག་དེ་འཕྱིས་མེད་ན་སྔ་མེད་ལ། དྲག་པོའི་འཐབ་རྩོད་ཀྱང་སྔ་ཕྱི་ཙམ་རེད་འདོད། གང་ཡིན་ཟེར་ན་དབུ་མའི་ལམ་གྱི་སྲིད་བྱུང་འདིས་བོད་རྒྱའི་རྩོད་རྙོག་གི་མཇུག་བསྡུ་ཐུབ་སྲིད་མོད་གྲོས་མོལ་འགོ་རྩོམ་ཐུབ་ཀྱི་མེད་པ་གསལ་བོ་རེད། དེ་བས་ང་ཚོས་གྲ་སྒྲིག་སྡུག་ས་ནས་བྱས་ཏེ་ལས་འགོ་དྲག་པོས་རྩོམ་པར་སྟ་གོན་བྱ་འོས་པ་དང་། ཆབས་ཅིག་ལས་མཇུག་ཞི་བའི་ངང་བསྡུ་རྒྱུའི་བློ་རྩེ་གཉིས་མ་ཞིག་གཏོང་རན་པ་ཁ་ཚ་དགོས་གཏུགས་རེད་སྙམ།
མ་གཞི་ཞི་མོལ་གྱི་གྲོས་འཆར་གཉོམ་ཆུང་གིས་རང་ལས་སྟོབས་ཆེ་བའམ། དབང་ཤུགས་ཅན་ལ་ཕར་བཏོན་ན། ཧམ་སེམས་ཆེ་བའི་དྲག་སྤྱོད་པ་ཚོས་དེར་ཆ་འཇོག་བྱ་རྒྱུ་ལྟ་ཞོག་སྣང་ཆུང་ཁྱད་གསོད་བྱེད་ཀྱི་ཡོད། དཔེར་ན། མའོ་ཙེ་ཏང་གིས་བོད་དོན་ཀྱི་ཚོགས་འདུ་གལ་ཆེན་ཞིག་གི་སར་“བོད་ཀྱི་གནད་དོན་ཐད། ང་ཚོས་(རྒྱ་བོད་གཉིས་ལ་གོ)འཛིང་རེས་ཤིག་རྒྱབ་ན་ཡག་པོ་ཡོང་ས་རེད། ཁ་དཔེར། ཐེངས་ཤིག་མི་ལ་མ་འཛིང་བར། ཕན་ཚུན་ཆ་རྒྱུས་ལོན་པ་དཀའ་ཞེས་པ་ལྟར། ཕར་ལ་ཚར་ཅིག་མ་རྡུང་བར་དུ་བོད་རྒན་ཚོས་ཡ་བྱེད་མདོག་ཁ་བོ་མ་རེད་ལ། ང་ཚོས་རྔ་མ་གཡུག་ནས་ཕར་ཞི་མོལ་དགོས་སྐོར་ཞུ་བ་འཐེན་དགོས་ན་ཁག་པོ་རེད་”ཅེས་བརྗོད་ཡོད།
ད་ལྟ་ང་ཚོས་རྒྱ་མིར་རྔ་མ་གཡུག་ནས་ཞུ་བ་འཐེན་དགོས་ན་དེ་བས་ཁག་པོ་རེད། མ་གཞི་ནས་མའོ་ཡིས་བརྗོད་པ་ལྟར། བོད་རྒྱའི་བར་གྱི་རྩོད་རྙོག་གི་རྩ་བ་“འཛིང་”དང་“གཏོར”གྱིོ་རྒྱུ་ལས་འབུས་པ་ཞིག་ཡིན་ལ། ཁ་དཔེར་དགྲ་བཙན་པོའི་ཁ་ཡ་བཙན་པོ ། རོ་ཁ་མོའི་ལན་དུ་སྐྱུར་མོ་ཟེར་བ་ལྟར། སྤྱི་འགྲོས་ཀྱི་གོ་རིམ་འདི་བརྒྱུད་ནས་བོད་དོན་གླེང་སློང་བྱས་ན། ཉུང་མཐར་ཡང་བོད་དོན་འདི་དུས་རབས་ཉེར་གཅིག་པའི་ནང་འཕྲལ་མར་ཐག་གཅོད་བྱ་དགོས་པའི་རྒྱལ་སྤྱིའི་དོན་ཆེན་ཞིག་ཆགས་ངེས་པར་སེམས།
སྤྱིར་བརྙས་བཅོས་མྱོང་མཁན་ཞིག་ལ་ཆ་བཞག་ན། བཙན་གནོན་གཏོང་མཁན་ཚོར་རྒོལ་ལན་སློག་རྒྱུའི་སྙིང་སྟོབས་ཡོད་མེད་ལས། མི་ཆོས་དང་ལྷ་ཆོས་གང་ནས་ལན་སློག་ཆོག་མིན་སོམ་ཉི་མི་དགོས། བོད་མི་ཚོས་ཞི་མོལ་གྱི་གྲོས་འཆར་ཁོ་ནར་སྒུག་དགོས་དོན་ཡང་མེད། དཔེར་ན། ལག་ནས་མེ་མདའ་གློད་མ་མྱོང་ལ། ཁ་ནས་ཞི་མོལ་གློད་མ་མྱོང་བའི་ཡྭ་སན་ཨ་ཧྤར་ཐི་མཆོག་ལ་ནོ་སྤེལ་ཞི་བདེ་གཟེངས་རྟགས་རག་ཡོད་ལ།དེ་ཡིས་རྒྱལ་སྤྱིའི་སྟེང་ཞི་བའི་གྲོས་མོལ་དང་དྲག་པོའི་འཐབ་རྩོད་ལ་འཛིན་པའི་ལངས་ཕྱོགས་མཚོན།
ད་ནི་བོད་མི་གཉོམ་ཆུང་ཚོ་འུ་ཐུག་པ་ཡིན་སྟབས། མཇུག་འབྲས་ལ་སྔོན་དཔག་མེད་པར། ཤི་གསོན་གཏིང་ཐག་ཆོད་སླ་བའི་ལམ་ཁ་ཉེ་ཤོས་སུ་ཞུགས་དགོས་པར་སྙམ། ངས་འདི་ལྟར་བརྗོད་པ་མི་སེམས་ཟང་ཟིང་བཟོ་རྒྱུའི་ཆེད་དུ་མ་ཡིན་པར། མའོ་ཡིས་བཤད་པ་ལྟར་འཛིང་རེས་ཤིག་བྱས་ཏེ། རྒྱ་གཞུང་གི་ཁ་ཕོར་དོན་གྱིས་རྒྱུས་ལོན་ངོ་མ་ཞིག་བྱེད་རྒྱུ་དང་། བོད་ཀྱི་ཤི་ཐག་གསོན་ཐག་མགྱོགས་པོར་གཅོད་ཐུབ་ན་བསམ་པའི་གླེང་སློང་གི་ཚུལ་དུ་ཡིན།
ད་ནི་བོད་རྒྱ་ཞི་མོལ་ཅོལ་ཆུང་ངང་ཞི་དབྱིངས་སུ་འཐིམས་ཚར་བ་དང་། བཙན་རྒོལ་རྒྱལ་སྐྱོབས་ཀྱི་དྲག་པོའི་འཐབ་རྩོད་གཟི་བརྗིད་ངང་ཕམ་ཚར་པའི་དེ་རིང་། མི་སེམས་འཁྲུགས་འགྲོ་བར་ཁག་མེད། ཁོ་བོར་མཚོན་ནའང་མཚམས་རེར་དེ་ལྟར་དྲན་ནས་དེ་ལྟར་འབྲི་མྱོང་། ཕྲན་གྱི་རྩོམ་ཡིག་<<འགོ་དྲག་པོས་བརྩམས་ནས་མཇུག་ཞི་བས་སྐྱོང་དགོས >>ཞེས་པ་འདི་ལོ་བཅུའི་གོང་སྟེ། སྤྱི་ལོ་༢༠༠༣་ལོའི་བོད་ཀྱི་དུས་བབ་༼༢༤༣༽སྟེང་བཀོད་ཡོད་ལ། དེ་རིང་མིག་མི་འཛུམ་པ་གང་དེར་སེམས་གསོའམ། རྒྱབ་དཔུང་གི་ཆེད་དུ་འདིར་བཀོད་པ་ཡིན།
བསམ་ཚུལ་འདིའི་ཁ་བྱང་གནད་འགག་ཅིག་མཐོང་ནས། ཐེངས་གཉིས་ལ་བཀླགས་པ་ཡིན། ཡིན་རུང་། དྲག་པོར་དྲག་པོས་རྒོལ་དགོས་ཚུལ་ལས། རྒོལ་སྟངས་ཀྱི་ཐབས་བྱུས་བཏོན་མི་འདུག ད་ཐེངས་ཀྱི་བསམ་ཚུལ་འདི། རྨང་གཞི་ཙམ་བསྐྲུན་པ་ཡིན་ན་མི་ཤེས་མ་གཏོགས། ཐབས་ལམ་ཞིག་སྟོན་རྒྱུ་ཡོད་ན། འདང་རྒྱག་ཆོག་གི་རེད། གྲོས་བསྡུར་བྱེད་ཆོག་གི་རེད།
ཡིན་རུང་། ཐབས་ལམ་དང་རིགས་པ་མེད་པའི་བསམ་ཚུལ་འདིའི་རིགས་ཀྱིས། མི་མང་བྱིངས་ཀྱི་བསམ་བློ་དཀྲུགས་སྲིད་པས། གོ་རིམ་དང་ཐབས་བྱུས་ཡོད་པའི་སྒོ་ནས། རྒྱབ་ལྗོངས་དང་འགྲོ་ཕྱོགས་ཡོད་པའི་ཐོག་ནས་བསམ་ཚུལ་གྱི་རྨང་གཞི་བསྐྱེད་པ་ཡིན་ན། གྲོས་བསྡུར་འགྲོ་སའི་ལམ་ཁ་ཡོད་རེད།
བསམ་ཚུལ་འདིའི་རིགས་ལ། ཐབས་ལམ་སོགས་ཀྱིས་མི་འགྲིག་པར་ཆ་རྐྱེན་དང་བློས་གཏོང་གི་ཁ་ཕྱོགས་གང་ཞིག་ཏུ་བསྒྱུར་མིན་ལ། ངེས་པར་དུ་རྒྱང་ལྟ་ཆོད་དགོས། མ་ཟད། མི་མང་གི་སྟོབས་ཤུགས་ཆིག་སྒྲིལ་གང་འདྲ་བྱེད་རྒྱུ་ཡིན་མིན། རོགས་སྐྱོར་གྱི་རྒྱབ་རྩ་ག་འདྲ་འཚོལ་ཡིན་མིན་སོགས་ཞིབ་འདང་རྒྱག་དགོས་པ་ཐེངས་འདིའི་བསམ་ཚུལ་གྱི་ཆེས་མ་མཐའི་མ་རྩ་རེད།
དྲག་པོར་དྲག་པོས་རྒོལ་དགོས་ཞེས་པའི་རྩོམ་ཡིག་ལ་རྒྱབ་སྐྱོར་མེད།
གང་ཡིན་ཞེ་ན། འདི་འདྲ་དྲག་རྒོལ་ཞིག་བྱས་ཡོང་ན་ཅི་མ་རུང་སྙམ་པ་དེ་རྒྱ་ནག་གིས་དབང་འཛིན་པ་ཚོའི་མངོན་འདོད་ངོ་མ་དེ་རེད། སྔོན་མར་༢༠༠༨ ལོར་ཞི་རྒོལ་ཆེན་མོ་སྐབས་སུ་རྒྱ་ཡི་དམག་མི་དང་ཉེན་རྟོག་པ་དག་གིས་བོད་ཆས་དང་གྲྭ་གོས་གྱོན་ནས་དྲག་རྒོལ་ནང་དུ་ཞུགས་ཏེ་བོད་པས་འདི་ལྟར་བྱེད་ཀྱི་འདུག་ཟེར་བའི་འཛམ་གླིང་མི་མང་གི་མདུན་དུ་འཁྲབ་སྟོན་ཞིག་བཤམ་པ་དེ་ཁོ་ཚོར་ཁེ་ལས་ཕམ་ཁ་མིན། ད་དུང་གསལ་པོ་ཤེས་དགོས་པ་ཞིག་ལ་གྲི་དང་མེ་མདའ་གང་ཡང་མེད་པའི་མི་ཞིག་དེང་རབས་ཀྱི་མཚོན་ཆ་ལྡན་པའི་དམག་དཔུང་མདུན་དུ་མཆང་པ་ནི་རང་ཤི་རྒྱག་པ་དང་གཉིས་སུ་མེད། དེའི་ཕྱིར་སྤུན་ཟླ་གཞན་གྱི་ཚེ་སྲོག་སྲུང་སྐྱོབ་ཀྱི་ཆེད་དུ་ད་ནས་བཟུང་རང་གཞན་ཚང་མའི་ཚེ་སྲོག་གཅེས་སྤྲས་མཛད་རྒྱུ་ཅི་ནས་ཀྱང་གལ་ཆེའོ། །
མདོར་ཧྲིལ་གྱིས་དྲིལ་ན་དྲག་པོར་དྲག་པོས་རྒོལ་ལན་སློག་ཚེ། དྲག་པོས་ང་ཚོ་གྲགས་འགུལ་མེད་པ་བཟོས་ཡོང་། སྟོབས་ཤུགས། ངོ་ཚ་མེད་པ། སྙིང་རྗེ་མེད་པ།
ང་ནི་སྲིད་དོན་ལ་རྒྱུས་མངའ་ཡོད་པ་ཞིག་མིན་མོད། མིག་མི་འཛུམ་ཟེར་བའི་རྩོམ་པ་པོ་འདིས་སྤེལ་བའི་རྩོམ་ལ་མོས་མཐུན་རྩ་བ་ནས་མེད་མཁན་ཞིག་ཡིན། གང་ཡིན་ཟེར་ན། ཁོ་རང་དབང་ལུང་པའི་རང་ཤག་དྲོན་མོ་ནས་སྐད་ཆ་རྫིག་པོ་བོད་ནང་གི་གཞིས་ལུས་སྤུན་ཟླ་ཚོར་བཤད་ན་འོས་སུ་མ་མཐོང་ལ། གལ་ཏེ་ཁྱེད་ལ་དེ་འདྲའི་བསམ་ཚུལ་དང་བློས་གཏོང་གི་སྙིང་སྟོབས་ཡོད་ན་དགའ་བསུ་ཞུ་རྒྱུ་མ་ཟད། དང་པོ་ཁྱེད་རང་གིས་རང་ཉིད་བློས་གཏོང་བྱས་ཏེ་འགོ་ཁྲིད་རྒྱུར་རེ་སྐུལ་ཡང་ཞུ་རྒྱུ་ཡིན། ཁྱེད་ཀྱི་བཤད་སྟངས་ཀྱང་འདི་འདྲ་ཞིག་རེད། ད་ནི་ཁྱེད་ཀྱིས་བསམ་བློ་ཞིག་ཐོངས་དང་།
དྲག་པོར་དྲག་པོས་རྒོལ་དགོས་ཞེས་པའི་སྐད་ཆ་འདིར་ཐལ་ཆ་ཆེ་བ་ཞིག་ཏུ་ངོན་གྱི་འདུག་ལ་དེ་བཞིན་དུ་མཆན་འདེབས་མཁན་ཚོ་ཡང་འུར་ཤོད་ལ་དགའ་བ་དང་རང་ཚུགས་མི་ཟིན་པའི་བྱབ་ཆུང་མང་ཐག་ཆོད་འདུག །གང་ལགས་ཞེ་ན། ཁ་ནས་དྲག་པོར་དྲག་པོས་རྒོལ་བར་ལས་སླ་ཡང་དོན་དངོས་བྱ་བ་འདི་འདྲ་ཞིག་རྒྱ་ནག་གཞུང་གིས་བྱ་ཁུ་ལོའི་གནམ་ཆུ་སྒུག་པ་ལྟ་བུ་བྱས་ནས་སྒུག་ཡོད། དེ་སྔོན་བོད་པའི་འཚེར་མེད་ཞི་བའི་ལས་འགུལ་འདིའི་ནུས་པ་མ་ཐོན་པར་ངོས་འཛིན་པ་ནི་ཆེས་ནོར་ཚབས་ཆེ་བས་སྐད་ཆ་ཞིག་ཡིན་པའི་འདིའི་རིགས་ལ་ངེས་པར་དུ་ཡིད་གཟབ་མ་གནང་ན་ལོ་རྒྱུས་ཀྱི་ཉེས་ཅན་པ་ཆགས་མི་སྲིད་པ་གང་མིན་ཞེས་ཡང་བསྐྱར་ཞུ་འདོད་བྱུང་། གོང་དུ་ཞུས་པ་བཞིན་ལས་འགུལ་འདི་ནི་རྒྱ་ནག་གཞུང་ལ་མཚོན་ན་དགོས་རྒྱུ་སྤགས་ལ་སྤགས་ཁུ་ད་ར་རང་ཡིན་པར་ཤེས་དགོས། ང་ཚོས་ངེས་དགོས་པ་ཞིག་ནི། དེ་སྔོན་རྒྱ་གཞུང་ལ་དཀའ་ངལ་ཆེས་ཆེ་ཤོས་ཞིག་ནི་བོད་པའི་འཚེར་མེད་ཞི་བས་ལས་འགུལ་འདི་དང་། ༧གོང་ས་མཆོག་ལ་འཛམ་གླིང་མི་མང་གིས་ཞི་བདེའི་དེད་དཔོན་ལ་བསྐུར་བ་འདི་གཉིས་ཆགས་ཡོད། འཚེར་མེད་ཞི་བའི་འགུལ་འདི་ནི་རྒྱ་སྤྱི་དང་རྒྱ་ནང་གང་གི་ཐད་ནས་ཡང་ལས་འགུལ་འདི་ནི་ཁྲིམས་མཐུན་དང་བླ་ན་མེད་པའི་ལས་འགུལ་ཞིག་ཆགས་ཡོད་པར་ཡང་ཤེས་དགོས། རྒྱུ་མཚན་དེར་བརྟེན་་་རྒྱ་གཞུང་གིས་ལས་སླ་པོ་ཐོག་ནས་གདོང་ལེན་མི་ཐུབ་པ་ཆགས་དགོས་དོན་ཡང་དེ་རང་ཡིན། དེ་མིན་གང་ཡང་མི་འཇོན་པར་དྲག་པོའི་ལས་སུ་ཞུག་ཁུལ་གྱིས་མི་རེ་ཟུང་དང་ཁང་བ་རེ་ཟུང་གཏོར་རྒོལ་གཏོང་ཁུལ་བྱས་ཚེ་བདུན་གཅིག་ནང་དུ་དྲག་སྤྱོད་རིང་ལུགས་པའི་མིང་བྱང་དང་ལྷན་དུ་མེར་བཏང་རྗེས་ཐལ་བ་ཙམ་ཡང་མེད་པ་བཟོས་ཟེར་བ་བཞིན་དོན་དུ་ཡང་དེ་བཞིན་ཡོང་ངེས་རེད། ལོ་ཟླའི་ཚེས་གྲང་གསལ་ཁ་མི་ངེས་མོད་ངས་དྲན་ངོག་ཏུ་གསལ་པོ་ཡོད་པར་ཞིག་ནི་༧གོང་ས་ཡིད་བཞིན་ནོར་བུའི་བཀའ་བསློབ་ཞིག་གི་ནང་དུ་ཡང་དྲག་པོའི་ལམ་ནས་བོད་ལ་རང་དབང་ཐོབ་ལས་མ་འཐོབ་ན་དགའ་ཞེས་དཔེར་མཚོན་ཨོ་རོ་སོག་གསུངས་བ་ཡང་དྲན་གྱི་འདུག །མདོར་བསྡུས་ནས་བཤད་ན། རང་དབང་དང་རང་སྐྱོང་གང་ཡང་མ་ཐོབ་རུང་དྲག་སྤྱོད་རིང་ལུགས་པའི་མིང་བྱང་འོག་ནས་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱིས་བཟང་སྤྱོད་ལས་ཡོངས་སུ་འགལ་བས་བྱ་སྤྱོད་ངན་པ་དེ་ལྟ་བུའི་འོག་ནས་གང་ཡང་རེ་བ་མེད། དེ་ལྟ་དུ་མ་ཡོང་བ་ཤོག་ཅིག་སྨོན་ལམ་ཚུན་འདེབས་ངེས་ཡིན།
མི་དགུ་བཅུ་ཙམ་གྱིས་རང་ལུས་མེར་བསྲེག་གིས་ཞི་རྒོལ་བྱས་བར་ཁྱབས་སྒྲག་གི་ནུས་བ་ཐོན་ཡོང་ཟེར། མི་ལུས་གསོན་པོར་བསྲེགས་པ་དེར་ཁྱབས་སྒྲག་གི་ནུས་བ་ཙམ་ལས་མེད་ན། བོད་མི་དགུ་བཅུས་རྒྱའི་གཞུང་འཛིན་པ་དགུ་བཅུ་སོད་དང་། ཁྱབས་སྒྲག་གི་ནུས་བ་དེ་བས་ཆེ་བ་ངས་ཁས་ལེན་བྱེད་ཐུབ། ཡིན་ནའང་ང་སྐྲག་ས་དེ་ནི་རྒྱ་གཞུང་གིས་རྒྱུ་མཚན་དེར་ཁག་བཞག་ནས་བོད་མི་ཚོ་ཚང་མ་དུས་གཅིག་ལ་བསད་མི་འོང་ངམ་བསམ་པ་དེ་ཡིན། ཡིན་ནའང་བན་རྒན་ཆོས་ལ་ཆོས་མཚམས་མེད་ན། བན་རྒན་སྨྱོན་པ་ཡིན་ཞེས་བ་བཞིན། ཐུབ་ཚོད་བྱས་ནའང་ཚད་ཡོད་བ་རེད། དཔའ་ལུང་གི་ཁ་ཆེ་ཚོས་བོད་པ་ཚོར་གཅོར་དང་ཐུབ་ཀི་རེད། ཡིན་ནའང་བར་སྐབས་ཤིག་ལ”ཨ ཨ ཤི་རེ་གོ” ཟེར་གི་རེད། དེ་དུས་གཅར་མི་ཉན། ཐུབ་ཀི་མ་རེད་ཅེས་བ་དེའི་དོན་ཡང་མི་འུ་ཐུག་ན་སྲོག་བློས་བཏང་གིས་ཕར་རྒོལ་བྱེད་ཀི་རེད་ཅེས་བ་རེད། དེ་བས་གོང་རྩོམ་འདི་འབྲི་བ་བོར་དངོས་ནས་ཁག་མི་འདུག ངས་ཀྱང་འདིར་མཚུངས་ཀྱི་ཡི་གེ་འབྲི་གི་ཡིན།
བཟང་ལ་བཟང་ལན་མེད་ན་བཟང་བྱེད་མཁན་ཇེ་ཉུང་ཡིན།།
ངན་ལ་ངན་ལན་མེད་ན་ངན་བྱེད་མཁན་ཇེ་མང་ཡིན།།
ད་ཚོད་བཟུང་ན་དགའ།
འཇམ་གཅེས་ལགས། མིང་ལ་”འཇམ་གཅེས”ཞུ་བ་ཞིག་གི་མཆན་འདི་ནས་བཀག་མེད། ཁྱེད་ཀྱིས་ནང་འཛུལ་བྱས་རྗེས་མཆན་བུ་འབྲི་བའི་དུས་ཚོད་ཅུང་རིང་དྲགས་པ་མིན་འགྲོ། མཆན་རིང་པོ་འབྲི་མཁན་ཚོས་སྔོན་ལ་ཟུར་དུ་བྲིས་རྗེས་གཞི་ནས་དྲ་ཚིགས་འཛུལ་གྱིས་ཐད་ཀར་སྤེལ་ན་ལེགས་འགྲུབ་འབྱུང་ངེས་ཡིན། དེ་མིན། ནང་འཛུལ་བྱས་ཏེ་མཆན་བུ་འབྲི་བའི་དུས་ཚོད་སྐར་མ་བཅུ་གྲངས་ལས་བརྒལ་ན་སོ་སོའི་ནང་འཛུལ་རང་འགུལ་གྱིས་ཕྱིར་འཕུད་བཏང་འགྲོ་བ་མ་ཟད། གང་བྲིས་པའི་མཆན་བུ་དག་ཀྱང་རྨེག་མེད་བཟོ་འགྲོ་བ་རེད། གནད་དོན་འདི་དུས་བབ་དྲ་བར་མཆན་འདེབས་མཁན་ཚང་མས་ཐུགས་ལ་འཛིན་དགོས་པ་ཞིག་ཡིན།
ངས་བྲིས་པའི་མཆན་ད་དུང་ཡང་བཏང་མི་འདུག་་་་་་གང་ཡིན་ནམ་་
མ་འོངས་པར་བོད་རང་བཙན་གཙང་མའི་དུས་སྐབས་ཤིག་ཅི་ལྟར་ཤར་གྱི་རེད། གསོད་གཏུབ་ཚད་ལས་བརྒལ་བ་བྱས་ན་ཤར་གྱི་རེད་དམ། ༧གོང་ས་མཆོག་ལ་དད་བརྫི་བྱས་པས་ཕོངས་ལ་སྦྱར་རབ་འདི་སྐད་ཆ་ཉེས་ཅན་རེད། དེ་གཉིས་གསལ་བོར་ཤོད་དང།
གཉིས་ནས་སེམས་ཚོར་འདི་བཤད་ཆོག་ནའང། དེའི་རྒྱུ་མཚན་དེང་སང་གི་བཙན་བྱོལ་ནང་གི་རང་བཙན་པར་ཁས་འཆེ་བ་རེ་འགའི་བསམ་སྤྱོད་དྲངས་འདུག་པས། འདིས་རྩོམ་ཡིག་འདི་དོན་མེད་བཟོས་འདུག དངོས་གནས་སྦས་སྐུང་བྱ་རྒྱུ་ལས་ད་ནི་སྔོན་ལ་འགྲིག་དང་མ་འགྲིག རང་བཙན་རང་སྐྱོང་གཡུག་ནས་ཚུར་གསོད་ན་ཕར་གསོད་ཀྱི་ཡིན་ཅེས་ལམ་ལ་ཆས་ན་མི་ཆོག་གམ། ཕྱི་གསལ་ནང་གསལ་བཟོ་དགོས་པ་རེད། དེ་མིན་སྐད་ཆ་འདི་རིགས་རྒྱ་ནག་གི་ལག་ངོར་ཟ་ཕྲུགས་ལངས་སྤྱད་རེད། ཁོང་ཚོས་འདི་འདྲ་ཞིག་ལ་སྒུག་ནས་བསྡད་ཡོད་པ་རེད། སྐབས་དེར་འདི་འདྲར་ཁ་གཡར་ནས་ལྔ་ལམ་དུ་བསྐྱལ་དགོས་པ་མང་པོ་གྲངས་ཀར་རྒྱབ་ནས་མཛུབ་མོ་བཙུགས་ཚར་བ་རེད།།
གཉིས་ནས། སྐད་ཆ་འདི་རིགས་བོད་ནང་ལ་རྒྱུད་སྐུལ་བྱེད་མཁན་ཡིན་པ་ནམ་ལངས་ཉི་ཤར་རེད། ད་སྔ་ཡན་ལ་བོད་ནང་དཀྲོགས་གཏམ་བཀྲམས་མཁན་མང་པོ་ཞིག་ཐོན་བཞིན་པ་ལྟར། སྐད་ཆ་འདི་འདྲ་རེ་བོད་ནང་སླེབས་ན་སོ་སོ་སྐྱིད་ཉལ་རྒྱབ་ན་གཞིས་ནས་ཚེ་སྲོག་བཏང་ནས་ཅིག་སྒྲུབ་བཞག་གི་རེད་བསམས་པ་འདི་བྱབ་ཆུང་ཡང་རེད།།། ཤ་ཚ་ན་བོད་ཕྱིའི་རང་བཙན་པ་བཤད་མཁན་ཁ་ཤས་ཀྱི་དཀྲོགས་གཏམ་ལ་ཡིད་མ་ཆེས་ཞེས་བོད་ནང་གསུངས་དགོས་པ་རེད།།།
ངས་བཤད་ཀྱིན་པ་ནི། རྩོམ་འབྲི་མཁན་དང་མཆན་འདེབས་མཁན་འདི་དག་ནི་ཕྱོགས་གཅིག་ནས་བཤད་ན་དེང་སང་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་གྱི་བོད་མི་དག་མིན་པའི་ངེས་པ་ཅི་ཡོད་ཟེར་བ་ཡིན། དེ་ལྟར་ཡིན་ཚེ། གྲ་སྒྲིག་འདི་དག་སྣང་མེད་དུ་འཇོག་པ་དང་། ཡ་མེད་བྱེད་པ། གོ་ཡང་མ་གོ་ཁུལ་བྱེད་རྒྱུ་བློས་བཟོད་པ་ཞིག་མ་རེད་ཟེར་གིན་ཡོད།
དགྱ་ནག་གིས་རྩམ་པ་རང་གིས་ཟོས་ནས་རྩམ་ཁུག་གཞན་གྱི་མགོར་གཡོག་གི་ཡོད། ཁོ་རང་ཚོས་དྲག་སྤྱོད་བྱེད་ཀྱིན་ང་ཚོ་ལ་དྲག་སྤྱོད་པ་དང་འཇིགས་སྐུལ་བ་རེད་ཟེར་གྱིན་ཡོད། ད་དུང་དེ་བས་ཀྱང་ཚབས་ཆེ་བ་ཞིག་ནི། རང་རེའི་འདི་ཕྱི་གཉིས་ཀྱི་སྐྱབས་མགོན་མཆོག་བྷིན་ལ་ཊིན་དང་གཅིག་པ་ཡིན་པར་ངོས་འཛིན་པ་སོགས་ཀྱིས། ང་ཚོའི་ཕྱོགས་ནས་ཀྱང་བལྟས་ནས་འདུག་ས་མེད་པ་ཞིག་ཆགས་ཡོད། དེའི་སྟབས་ཀྱིས་བོད་མི་རིགས་ཀྱི་ཁྲོད་འཆི་བར་ཕོད་པ་གྲངས་ལས་འདས་པ་ཡོད་པས། དགྱ་ནག་གི་ངོས་ནས་བསམ་བློ་མ་བཏང་བ་ཡིན་ན། ནམ་ཉི་མ་ཞིག་ལ་ཁོ་རང་ཚོ་ཡང་འདུག་བཟོ་མི་བདེ་བ་ཞིག་བཟོ་ངེས་པས་ན། མགྱོགས་པོར་༸གོང་ས་མཆོག་སྐུ་བཞུགས་ཐོག་ལ་གྲོས་མོལ་མགོ་བཙུགས་ན་ལེགས། གོང་གི་བསམ་ཚུལ་འདི་ནི་བོད་མི་གཞོན་སྐྱེས་ཕལ་མོ་ཆེའི་བསམ་ཚུལ་ཡིན་པས་དགྱ་ནག་གིས་གཟབ་པའི་དུས་ལ་བབ་ཡོད།
རྩོམ་ཡིག་འབྲི་རྩལ་དང་རྩོམ་པ་པའི་བསམ་བློའི་དཔྱད་ཐབས་ཀྱང་ཚད་མཐོ་བོ་ཞིག་མ་རེད། ཡིན་ནའང་རྩོམ་པ་པོ་འདིས་གང་ཞིག་བཤད་ཀྱི་ཡོད་པའི་བརྗོད་བྱའི་བསྟན་དོན་དེར་མོས་མཐུན་བརྒྱ་ཆའི་རྒྱ་ཡོད། བོད་པའི་བདེན་དོན་འཐབ་རྩོད་བྱེད་པ་ལ་བོད་པའི་རྩ་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་དྲག་པོར་བསྒྱུར་དགོས་ཀྱི་འདུག་ཞུ་གི་མེད། བོད་པའི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ཁྲོད་དུ་མི་སྒེར་བའི་ནང་དུ་དྲག་པོའི་ལས་འགུལ་རྩོམ་མཁན་དགོས་ཀྱི་འདུག་ཟེར་བ་དེ་ཡིན། དྲག་སྤྱོད་དང་འཚེ་བའི་ལས་འགུལ་སྤེལ་མཁན་གཅིག་གཉིས་ཙམ་མིན་པར་བོད་ཡུལ་སྟོད་སྨད་བར་གསུམ་ནང་མི་མི་ཉུང་བ་ཞིག་ཡོང་དགོས་ཀྱི་འདུག ལྷག་པར་དུ་དྲག་སྤྱོད་ཀྱི་ཁ་ཕྱོགས་དང་ངོ་བོ་ཧ་ཅང་གསལ་བོ་ཡིན་དགོས་ཀྱི་འདུག
མིག་མི་འཛུམ་ལགས།
དེང་སང་། བདུད་དེ་བྱམས་མ་པའི་དཔུང་གིས་འཇོམས་པ་དང་། །ཞེས་པའི་དུས་ཚོད་དེ་དག་ཡོལ་ཚར་བ་རེད་དམ། ཧཧཧཧ། ཀུ་རེ་དང་བཅས། །
དྲག་པོར་དྲག་པོས་རྒོལ་དགོས་བའི་བསམ་ཚུལ་འདི་ཀློག་གིན་ཀློག་གིན་བཙན་ལ་བཙན་གྱིས་འདུལ་བར་ཆོ་ལོ་སྤྲད་པའི་ལོ་རྒྱུས་དེ། འཁྲབ་གཞུང་བཞིན་དུ། གློག་བརྙན་བཞིན་དུ། ཆེས་མཐར་ཐུག་གི་བཙན་རྒོལ་རྒྱལ་སྐྱོབས་སྐབས་ཀྱི་དཔའ་བོའི་གཟུགས་རིས་བཞིན་དུ། གསལ་ལྷང་ངེར། ཁྲ་ལྷམ་མེར་བདག་གི་མིག་ལམ་བརྒྱུད་སྙིང་ཁུང་རུས་བའི་གཏིང་ལ་སྣང་བརྙན་གསར་བ་ཞིག་བསྐྲུན་སོང་།
དྲག་པོའི་ལས་ཀྱི་གནད་དོན་ཐག་མི་ཆོད་ན་ཞི་བས་སྒོ་ནས་བདེན་མཐའ་སེལ་ཐབས་དེ་སྟོན་ཐུབ་པ་གྱིས། ཅི་ཡང་མེད་པར་འདི་ཡང་མ་རེད་ཟེར་ན་ཡུལ་གྱར་བོད་མི་ཚོས་འཇོན་ཚོད་ཞིག་བྱེད་རོགས། འཕྲུལ་ཆས་ཅན་གྱི་དམག་ཤུགས་འདིས་གཉའ་ནས་བཟུང་ཏེ་རྐུབ་ནས་འདེད་ཀྱིན་འདུག་ན། སྙིང་རྗེ་ཆེན་པོའི་ཡིད་ཀྱིས་བཟོད་ཐུབ་རུང་ལན་ཆགས་ཅན་གྱི་ལུས་པོས་བཟོད་དཀའ་བས། གདུག་རྩུབ་འདི། བརྙས་མོད་འདི་རྟབ་རྟབ་པོར་བཟོད་སྒོམ་བྱེད་ཐབས་མ་བྱུང་ན། སྡར་མ་བཞིན་དུ་བྲོས་འགྲོ་སའི་ཐར་ལམ་ཞིག་ཡོད་པ་རེད་དམ། དེར་བརྟེན་དྲག་པོར་དྲག་པོས་རྒོལ་རྒྱུ་བོད་མི་རིགས་ཀྱི་གཉའ་ལ་ལྷུང་བཞིན་པ་རེད། སྲོག་གིས་འདེད་བཞིན་པ་རེད།
དཔུག་ཁག་དེ་སྒྲིག་མི་དགོས་བར་གྲུབ་བཞིན་པ་རེད། བཀག་ཀྱང་མི་ཁོག་པ་ནི་རང་ལུས་མེར་བསྲེག་བྱེད་མཁན་དཔའ་བོ་དཔའ་མོའི་རྗེས་ཀྱི་ཤུལ་ལུས་ནང་མི་ལ་བསུན་བཙིར་བྱེད་ཀྱིན་པའི་སྲིད་ཇུས་ཁྲོད་འབྱུང་སྲིད་པའི་ཨུ་ཐུག་གི་བྱ་སྤྱོད་ཞིག་སྟེ། དྲག་པོར་དྲག་པོས་རྒོལ་འགྲོ་བ་འདི་རེད། ང་རྒྱལ། ཞེ་སྡངས། ཐ་ན་སྙིང་རྗེ་བསམ་པའི་བྱ་སྤྱོད་སྟེང་ནས་ཀྱང་དྲག་རྒོལ་འབྱུང་སྲིད་པས་ན། མཐའ་གཅིག་ཏུ་དྲག་པོར་དྲག་པོས་རྒོལ་ལན་སློག་སྟངས་ནོར་འཁྲུལ་གྱི་བྱ་སྤྱོད་དེ་ལ་ངོས་འཛིན་རུང་ངམ།
མིག་མི་འཛུམ་གྱིས་གནད་འགགས་རང་བཞིན་ཅན་གྱིས་རྩོམ་ཡིག་ཞིག་སྤེལ་འདུག་ལ་མཆན་ཞབས་པ་ཡང་མི་ཉུང་བ་ཞིག་སླེབས་ཚར་འདུག། རེད་ཡ་མཐོ་སྒང་གི་བཙན་པོའི་གདུང་རྒྱུད་དང་ཁྲག་རྒྱུན་བཞུར་བཞིན་པའི་མི་རིགས་ཞིག་ཡིན་ན་ད་ནི་སྙིང་ཁམས་འབར་གས་ལ་འགྱུར་མི་སྲིད་པ་མ་རེད་ལ། བསམ་བརྗོད་འདི་ལྟར་ཡོང་མི་ཆོག་པ་མ་རེད་ལ་ཡོང་བཞིན་པ་ཡང་ཆོས་ཉིད་རང་བཞིན་ལས་མ་འདས་པ་རེད། དེས་ན་འཆར་གཞི་དང་ལག་བསྟར་རང་བཞིན་ཇི་ལྟར་ལྡན་དགོས་པ་རེད་དམ། སུས་འགོ་འཁྲིད་ཐུབ་བམ། ཞེས་པའི་དྲི་བ་འདི་གཉིས་ངམ་ངམ་ཤུགས་ཤུགས་ཡོང་གི་ཡོད་པ་རེད།
དཔེར་ན་ཤིང་ཅཱང་ནང་ཡུ་གུར་མི་རིགས་ཀྱིས་རྒྱ་ནག་ལ་དྲག་པོའི་རྒོལ་ལན་ཡག་ཐག་གཅོད་བསློགས་ཀྱིན་པ་དེས། ཡུ་གུར་མི་རིགས་འདུས་སྡོད་ཆེ་སར་རྒྱ་རིགས་གནས་སྡོད་བྱེད་ཀྱི་མི་འདུག་ལ་གཞུང་གི་ལས་ཁུངས་ཁག་ཀྱང་བཙན་ས་དང་མཐའ་སར་རྒྱགས་པའི་ལམ་ལུགས་མ་གཏོག། བོད་ནང་ནང་བཞིན་གནད་ས་ཆེ་སར་རྫིག་རྫིག་མངོན་པར་བྱེད་ཀྱི་མི་འདུག་ལ་རྒྱ་རིགས་ཚོ་ཡང་གནས་བཟོད་བདེ་པོ་མེད་པར་རྐང་བརྙང་ལག་བརྙང་བྱེད་པའི་ལམ་ལུགས་རྩ་བ་ནས་མི་འདུག། འདིས་ག་རེ་མཚོན་པ་རེད་ལབ་ན། ཁ་རྗེ་ཆོས་ལུགས་ཀྱིས་བྱམས་སྙིང་རྗེ་སྒོམ་པ་དང་ཡང་ན་མཐུ་གཏད་ཀྱི་སྦྱོར་བ་ལས་བྱུང་བ་མ་རེད་ལ་ཡུ་གུར་མི་རིགས་ཀྱིས་རྒྱ་ནག་གིས་དྲག་སྤྱོད་ལ་རྒོལ་ལན་ཚ་ཐག་གཅོད་བསློགས་པ་ལས་བྱུང་བ་ཞིག་རེད།
མ་ཟད་ཨེ་ཇིབ་དཔྱིད་ཀའི་གསར་རྗེའི་ལས་འགུལ་གཙོས་ཨ་རབ་གླིང་གི་དམངས་གཙོའི་གྱེན་ལངས་ནང་དྲག་པོའི་འཐབ་ལམ་བེད་སྤྱོད་བྱས་ཡོད་པ་རེད་ལ། ད་ལྟ་འགྲོ་བཞིན་པའི་སུའི་རི་ཡེན་ནང་མི་དམངས་གྱེན་ལངས་ནང་གཞུང་དམངས་གཉིས་ཀས་དྲག་པོའི་འཐབ་ལམ་བེད་སྤྱོད་བཏང་དང་གཏོང་བཞིན་པ་རེད། འོན་ཀྱང་རྒྱལ་སྤྱིའི་སྟེང་དུ་ནང་འཁྲུགས་ཞེས་བཤད་པ་མ་གཏོག་འཇིག་བསྐུལ་དྲག་སྤྱོད་པ་རེད་ཟེར་མཁན་སུ་གཅིག་ཀྱང་མི་འདུག། དེས་ན་འཚེ་མེད་ཞི་བའི་འཐབ་ལམ་གྱི་ཤོག་ཁག་འཚེ་མེད་ཞི་བའི་ངོ་བོའི་སྟེང་དུ་འགྲོ་དགོས་པ་རེད་ལ། དྲག་པོའི་རྒོལ་ལན་འཐབ་ལམ་ཤོག་ཁག་ཚོས་དྲག་པོའི་འཐབ་ལམ་སྟེང་དུ་འགྲོ་དགོས་པ་དེ་རྒྱ་གར་སོགས་རང་བཙན་བླངས་བའི་རྒྱལ་ཁབ་ཕལ་ཆེ་བས་ཞི་དྲག་གཉིས་ལ་བརྟེན་པ་ལོ་རྒྱུས་ལས་བལྟས་ན་ཤེས།
དྲག་པོར་དྲག་པོས་རྒོལ་དགོས་བའི་བསམ་ཚུལ་འདི་ཀློག་གིན་ཀློག་གིན་བཙན་ལ་བཙན་གྱིས་འདུལ་བར་ཆོ་ལོ་སྤྲད་པའི་ལོ་རྒྱུས་དེ། འཁྲབ་གཞུང་བཞིན་དུ། གློག་བརྙན་བཞིན་དུ། ཆེས་མཐར་ཐུག་གི་བཙན་རྒོལ་རྒྱལ་སྐྱོབས་སྐབས་ཀྱི་དཔའ་བོའི་གཟུགས་རིས་བཞིན་དུ། གསལ་ལྷང་ངེར། ཁྲ་ལྷམ་མེར་བདག་གི་མིག་ལམ་བརྒྱུད་སྙིང་ཁུང་རུས་བའི་གཏིང་ལ་སྣང་བརྙན་གསར་བ་ཞིག་བསྐྲུན་སོང་།
དྲག་པོའི་ལས་ཀྱི་གནད་དོན་ཐག་མི་ཆོད་ན་ཞི་བས་སྒོ་ནས་བདེན་མཐའ་སེལ་ཐབས་དེ་སྟོན་ཤོག ཅི་ཡང་མེད་པར་འདི་ཡང་མ་རེད་ཟེར་ན་ཡུལ་གྱར་བོད་མི་ཚོས་འཇོན་ཚོད་ཞིག་བྱེད་རོགས། འཕྲུལ་ཆས་ཅན་གྱི་དམག་ཤུགས་འདིས་གཉའ་ནས་བཟུང་ཏེ་རྐུབ་ནས་འདེད་ཀྱིན་འདུག་ན། སྙིང་རྗེ་ཆེན་པོའི་ཡིད་ཀྱིས་བཟོད་ཐུབ་རུང་ལན་ཆགས་ཅན་གྱི་ལུས་པོས་བཟོད་དཀའ་བས། གདུག་རྩུབ་འདི། བརྙས་མོད་འདི་རྟབ་རྟབ་པོར་བཟོད་སྒོམ་བྱེད་ཐབས་མ་བྱུང་ན། སྡར་མ་བཞིན་དུ་བྲོས་འགྲོ་སའི་ཐར་ལམ་ཞིག་ཡོད་པ་རེད་དམ། དེར་བརྟེན་དྲག་པོར་དྲག་པོས་རྒོལ་རྒྱུ་བོད་མི་རིགས་ཀྱི་གཉའ་ལ་ལྷུང་བཞིན་པ་རེད། སྲོག་གིས་འདེད་བཞིན་པ་རེད།
དཔུག་ཁག་དེ་སྒྲིག་མི་དགོས་བར་གྲུབ་བཞིན་པ་རེད། བཀག་ཀྱང་མི་ཁོག་པ་ནི་རང་ལུས་མེར་བསྲེག་བྱེད་མཁན་དཔའ་བོ་དཔའ་མོའི་རྗེས་ཀྱི་ཤུལ་ལུས་ནང་མི་ལ་བསུན་བཙིར་བྱེད་ཀྱིན་པའི་སྲིད་ཇུས་ཁྲོད་འབྱུང་སྲིད་པའི་ཨུ་ཐུག་གི་བྱ་སྤྱོད་ཞིག་སྟེ། དྲག་པོར་དྲག་པོས་རྒོལ་འགྲོ་བ་འདི་རེད། ང་རྒྱལ། ཞེ་སྡངས། ཐ་ན་སྙིང་རྗེ་བསམ་པའི་བྱ་སྤྱོད་སྟེང་ནས་ཀྱང་དྲག་རྒོལ་འབྱུང་སྲིད་པས་ན། མཐའ་གཅིག་ཏུ་དྲག་པོར་དྲག་པོས་རྒོལ་ལན་སློག་སྟངས་ནོར་འཁྲུལ་གྱི་བྱ་སྤྱོད་དེ་ལ་ངོས་འཛིན་རུང་ངམ།
མིག་མི་འཛུམ་འདི་རྒྱ་མི་ལ་སྙིང་རྗེ་སྤུ་ཙམ་མེད་པའི་མིག་མི་འཛུམ་ཅིག་རེད་འདུག་པས། བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས་པ་མང་པོ་ཡོད་རེད་དོ། མིག་མི་འཛུམ་ལགས། །
ཛ་དྲག་གི་གནས་ཚུལ་འདི་འདྲའི་སྐབས་སུ། གསོད་ཀྱི་ཡིན། གཏོར་གི་ཡིན། ཤི་ཡི་ཡིན་ཟེར་བའི་བསམ་ཚུལ་ཐོན་ངེས་པ་ཞིག་དང། ཡོང་དགོས་པ་ཞིག་ཀྱང་རེད། མིའི་སྤྱི་ཚོགས་ཤིག་ཡིན་ཙང་དེ་ཆོས་ཉིད་རེད།
ཡིན་ནའང། དྲག་པོར་དྲག་པོས་རྒོལ་དགོས་པའི་ཕར་ཕྱོགས་ཀྱི་དྲག་སྤྱོད་བགྲང་པ་དང་མཉམ། དྲག་པོའི་ལམ་དུ་འབོད་སྐུལ་ཞུ་རྒྱུའི་ཚུར་ཕྱོགས་པ་རྣམས་ད་བར་དྲག་པོར་མ་ཆས་པའི་རྒྱུ་མཚན་འདི་ནི་ཁུངས་མེད་རུ་དཔུང་གི་ནམ་རྒྱུན་གྱི་རྣམ་རྟོག་འོག་ཟགས་ཚར་འདུག དེས་དྲག་པོར་སྐུལ་འབོད་ཀྱི་རྣམ་དཔྱོད་ལ་སོ་ཁ་མེད་པ་རང་བཞིན་གྱིས་གསལ་སྟོན་བྱས་ཡོད་ནའང་རིམ་པར་སྤྲོས་ཆོག
གཞན་གང་ལ་སྐུལ་རྒྱུའི་སྤྱོད་པའི་ཐད་ནས་གསལ་བོར་བཤད་ན། གནའ་ནས་ད་བར་བོད་ཀྱི་ཆབ་སྲིད་པའི་སྡེ་ན་༧གོང་ས་མཆོག་གི་དགོངས་གཞི་དང་འགལ་འགྲོ་སྙམ་པའི་མི་རིགས་སྐྱོབ་ཐབས་ཀྱི་ཐབས་ལམ་གསར་པ་ཡོད་བཞིན་དུ་མ་བཏོན་མཁན་གཅིག་ཀྱང་ཡོད་པ་མ་རེད།
གཉིས་ནས། དྲག་སྤྱོད་གཅིག་པུ་༧གོང་ས་མཆོག་གིས་ད་བར་བཀག་ནས་བསྡད་པ་ཡིན་དུ་ཆུགས་ཀྱང། ཁྱོན་ནས་གཏན་འགོག་སྤུ་ཙམ་མ་བྱས་པའི་སྐད་ཡིག་རིག་གནས་ལ་ཅི་ཙམ་སྦྱངས་ཡོད་མེད་བཙན་བྱོལ་ནང་ཟུར་བལྟས་ལེབ་མཐོང་རེད། ང་ཚོ་བོད་མི་ཚོར་སྐྱོན་ཆེན་པོ་ཞིག་ཡོད་པ་ནི། དེ་རེད་མ་གཏོགས་འདི་བྱེད་རྒྱུ་ཡོད་མདོག་མདོག་བྱེད་པ་འདི་གཤིས་ཀ་ཆགས་ཚར་བ་རེད། གནའ་ནས་ད་བར་དུ་༧གོང་ས་མཆོག་གིས་ང་མེད་པ་ནང་བཞིན་བོད་ཀྱི་འགན་འཁུར་བོད་མི་ཚོས་འཁྱེར་ཐུབ་པ་ཞིག་བྱེད་དགོས་པ་རེད་ཅེས་ཚར་སྟོང་ཕྲག་མང་པོར་གསུངས་ཚར་བ་རེད། ༧གོང་ས་མཆོག་གིས་ཁོང་གི་སྐུ་ཚེའི་རིང་དང་ཡང་ན་ཆོས་ཕྱོགས་ཁོ་ནས་དྲག་ལན་བཀག་བཀག་པར་འདུག་དགོས་ཤར་ཚེ་དདེས་ཀྱང་ཁུངས་མི་འཁྱོལ་བ་གསལ་བོ་རེད། རྒྱུ་མཚན་དེས་ད་བར་ང་ཚོ་དོན་དམ་པར་གློད་བཞག་ཡོད་པ་ཀུན་གསལ་རེད་ལ། སྲིད་དབང་ཡོངས་སུ་རྩིས་སྤྲད་ཟིན་པ་ནས་དེ་བས་ཀྱང་རྟ་བཟང་ན་ཐང་ཆེན་སྟོང་པའི་དཔེ་ལྟར་གྱུར་ཡོད་པ་རེད། ཡིན་ནའང་ལས་དེ་འདྲ་བྱེད་མཁན་དངོས་ཡོད་རྒྱུ་མཚན་གྱིས་མེད་པར་གྱུར་སོང་བ་དང། ལས་དེ་ལྟར་བྱེད་ཐུབ་མཁན་ནམ་མཁའི་མེ་ཏོག་ལྟར་གྱུར་བའི་དཀའ་ངལ་རེད་མ་གཏོགས་སུ་གང་གིས་ད་ནི་རྩ་བ་ཉིད་ནས་བཀག་ཡོད་པ་མ་རེད།
མིག་མི་འཛུམ་གྱིས་ཀྱང་ཡིབ་ནས་འདུག་རྒྱུ་ལས་ཉ་ཉོག་མང་པོ་མེད་པར། ད་ནས་ཚུར་གསོད་ན་ཕར་གསོད་དུ་འགྲོ་ཞེས་དཔུང་ཁག་སྒྲིལ་ན། ཆས་ཤོག་ཅེས་མངོན་གསལ་དོད་པོས་ཀི་རིང་བཏབས་ན། འགོག་མཁན་སུ་གཅིག་ཡོད་པ་མ་རེད། དེ་གསལ་བོ་ཤེས་དགོས་པ་རེད།།
༼ དེ་བཞིན་ཞོར་འཕྲོས་ཤིག་ལ དྲག་སྤྱོད་ཟེར་བའི་ཚིག་འདི་ལ་ཆབ་སྲིད་ཐ་སྙད་སྟེང་ཞིབ་ཆ་འབྱེད་དུ་ཡོད་པ་རེད། ཚུར་ཐུབ་ཚོད་བཙན་གཡེམ་སྲོག་འཕྲོག་ལ་སོགས་བྱས་པར་རྒོལ་ལན་སྤྲད་དེ་བསད་པ་ཡིན་ནའང་དྲག་སྤྱོད་ཟེར་གྱི་ཡོད་པ་མ་རེད། དེ་རྣམས་རིམ་པར་སྤྲོ། ༽
མིག་མི་འཛུམ་ལགས། གལ་སྲིད་རང་ལ་སྙིང་སྟོབས་འཇོན་ཐང་ཡོད་ན་དང་ཐོག་རང་ཉིད་ནས་རང་གི་དྲན་ཚུལ་ལྟར་ལས་འགུལ་སྤེལ་དང་། འཛམ་གླིང་གང་སར་རྒྱ་མིའི་གཞུང་ཚབ་དང་ལས་ཁང་ལས་བཅས་ཡོད་རེད།
ཤག་སྒང་པ་ཟེར་བ་འདིས་རྒྱང་ཞིག་བསྐོར་ནས་བཤད་འདུག ཞོར་འཕྲོས་སུ་དུས་བབ་ཚང་ལ་ཟུར་ཟ་འདྲ་ཞིག་བྱས་འདུག དྲ་རྒྱ་སོགས་བརྒྱུད་ལམ་གང་ཞིག་ཡིན་ཡང་མཆན་འདེབས་མཁན་མང་དང་མི་མང་གསར་ལམ་དེའི་དམིགས་ཡུལ་དང་ལས་འགན་མ་རེད། ཀློག་པ་པོ་དགོས་པ་རེད། དུས་བབ་དྲ་བར་ཀློག་པ་པོ་གང་འདྲ་ཡོད་མེད་གསར་འགྱུར་ཞིག་སྤེལ་ཏེ་ཆུ་ཚོད་གཅིག་གཉིས་ནང་ཀློག་གྲངས་ཆིག་སྟོང་གཉིས་སྟོང་ཟིན་འགྲོ་བ་དེས་ཁ་གྲག་གི་ཡོད་པ་རེད། ང་ལ་མཚོན་ན་བོད་ཀྱི་དུས་བབ་ཚགས་ཤོག་ཀློག་ནས་ལོ་བཅུ་གྲངས་འགྲོ་བཞིན་ཡོད་ལ། དུས་བབ་དྲ་ཚིགས་འདི་ཉུལ་ནས་ཀྱང་ལོ་གསུམ་བཞི་ཕྱིན་ཡོད། རྩོམ་ཡིག་དང་གསར་འགྱུར་རེ་རེ་བྱས་ཏེ་ཀློག་གི་ཡོད། སོ་སོ་དུས་བབ་ཀྱི་ཀློག་པོ་པོ་སྔ་ཤོས་གྲས་ཡིན་བསམ་ཡོད། ཡིན་ནའང་མཆན་བཏབས་པ་དེ་རིང་དང་པོ་ཡིན། མཆན་འདེབས་མཁན་མང་བ་དེ་ང་རང་གིས་ཡག་པོ་ཞིག་ཏུ་གང་ཡང་མཐོང་གི་མེད། འདི་ཞུ་འདོད་བྱུང་སྟེ་འབད་པས་དེབ་སྐྱེལ་བྱེད་ཁུལ་བྱས་པ་ཡིན། ཞུ་སྟངས་མ་ཤེས་པ་འདྲ་བྱུང་ཡོད་ན་དགོངས་དྭངས་ཞུས་པ་ཡིན།
སྤེན་རྡོར་ནས།
རྩོམ་ཡིག་ཁ་རུ་ཁ་ཐུག་གི་གནས་སྟངས་ལ་གཞིགས་ནས་བྲིས་འདུག་པས་རྩོམ་པ་པོར་རྒྱབ་སྐྱོར་སྙིང་ཁུངས་རུས་པའི་གཏིང་ནས་ཡོད། འདི་ལྟར་ལས་འགུལ་ཞིག་སྤེལ་ཐུབ་པ་ཡིན་ན་དགྲ་བོས་གཞི་ནས་དཀར་ནག་གི་དབྱེ་བ་འབྱེད་ཐུབ་མདོག་ཁ་པོ་རེད། དེ་དུས་བཙན་བྱོལ་བའི་མིག་ནང་དུ་འཕྲེད་དུ་ཉལ་བའི་ལམ་དབུ་མར་ཡང་རང་བཞིན་གྱི་ཚད་གཞི་ཞིག་ཏུ་འགྱུར་ངེས།
རེད།
ཀློག་པོ་པོའི་དོ་སྣང་དང་དྲ་བདག་ཚོའི་འདོད་པ་བསྐང་དགོས་ན་དུས་ཐོག་རྩོམ་ཡིག་འདི་འདྲ་སྤེལ་དགོས་པ་རེད།
ཁ་སང་ངས་༧གོང་ས་མཆོག་གིས་བཻངྒ་ལོར་དུ་གནང་བའི་ཞལ་སློབ་དྲོད་མོ་རྩོམ་ཡིག་འདིའི་ཁ་གཏད་ཏག་ཏག་ཏུ་འགྲོ་བའི་བཀའ་སློབ་ཚ་པོ་ཚ་པོར་དུས་བབ་ཟིན་བྲིས་དང་། ཁ་བརྡར་དམིགས་ཀྱིས་བཏང་པ་ཡིན། བདག་པོ་མ་ཐོབ་སོང་།
ལར་ནས་དེང་སྐབས་དུས་བབ་ཏུ་མཆན་བྲིས་མཁན་ནི་ང་དང་ཀརྨ་རྡོ་རྗེ་ལས་མེད་བསམས་ཀྱང་། དེ་རིང་ཧོབ་དེར་དྲ་རྒན་མང་དག་ཅིག་ཕེབས་ནས་ཚིག་དམག་འདེབས་ཀྱིན་གྱི་གསང་བའང་འདི་རང་རེད་སྙམ།
རྩོམ་ཡིག་འདི་ལ་མཆན་བཏབ་མང་བས་ཀློག་གིན་ཀློག་སྤྲོ་བ་ཞིག་བྱུང་། དོན་དུ་བསམས་ན་ང་ཉིད་མ་ཐོན་པར་ལོ་གཞོན་ཟ་འཕྲུག་བསླངས་པ་ནི་ཉེས་ཅན་ཉིད་དུ་ཟད་དོ།།
སྒེར་གྱི་བསམ་ཕྱོགས་ཀྱི་ཐད་ནས་མོས་མཐུན་རྩ་ནས་མེད་དོ།།
དུས་བབ་ལ་དྲོད་ཅིག་སྤར་བར་འཐད་སོང་ངོ་།།
རས་པ་ཟེར་བའི་ཞབས་མཆན་རྒྱག་མཁན་འདི་ཁོ་རང་ཉིད་གསང་མིང་འོག་ལ་ཡིབ་བསྡད་ནས་མི་གཞན་ལ་ཉེས་འཛུགས་བྱེད་ཀྱིན་འདུག སྐད་ཆ་བཤད་སྟངས་ཐབས་སྐྱོ་བོ་རེད། རྡ་རམ་ས་ལའི་ཆབ་སྲིད་པ་ཞིག་ཡིན་ཤག སོ་སོའི་རྐུབ་སྟེགས་དང་ཁེ་ཕན་གྱི་ཆེད་དུ་སོ་སོར་མི་དགའ་མཁན་དང་བསམ་ཚུལ་མི་མཐུན་མཁན་ཚང་མར་ཉེས་འདོགས་སྣ་ཚོགས་བྱེད་མཁན་གྲས་རེད། བོད་གཞིས་བྱེས་རྒྱ་ཆེའི་མི་མང་ཁྲོད་དྲག་པོའི་ལས་འགུལ་སྤེལ་འདོད་ཡོད་པ་བཤད་མཁན་རྩོམ་ཡིག་འདི་གཅིག་པོ་མ་རེད། དེ་སྔོན་རྩོམ་ཡིག་རབས་དང་རིམ་པ་སླེབས་ཡོད་ལ། ཕྱི་རྒྱལ་དང་རྒྱ་རིགས་མཁས་པའི་ནང་དུའང་གསུང་མཁན་མང་པོ་བྱུང་ཡོད། བོད་རིགས་གཞོན་སྐྱེས་ཚོའི་ཁྲོད་དུའང་ཡིག་ངག་གཉིས་ཐོག་ནས་བཤད་མཁན་བྱུང་ཡོད། ང་རྩོམ་ཡིག་འདིའི་ནང་དོན་ལ་ཧ་ཅང་མོས་མཐུན་ཡོད། བརྒྱ་ཆའི་བརྒྱ་ཡོད།
སྤྱིར་བཏང་དྲག་པོའི་ལས་སུ་ཞུགས་རྒྱུར་ང་རང་སྒེར་ངོས་ནས་ཀྱང་འདོད་པ་དེ་ཙམ་མེད། ཡིན་ནའང་རས་པ་ཟེར་བ་འདིའི་བཤད་སྟངས་ཁྱོན་ནས་སྣང་བར་འགྲོ་མ་སོང་། སོ་སོའི་བསམ་ཚུལ་དང་མ་མཐུན་ན་ཕར་ཕྱོགས་ནག་པོ་བཟོ་ཐབས་ཀྱི་ཚིག་བེད་སྤྱོད་གཏོང་གི་ཡོད་པ་དེ་ཡག་པོ་རྩ་བ་ཉིད་ནས་མ་རེད། རྡ་རམ་ས་ལའི་ཆབ་སྲིད་པ་ཐབ་ཆགས་ཚོ་དང་གཞུང་ཞབས་རྙིང་པ་ཁོག་སྡུག་ཞེ་འཁོན་ཅན་ཚོས་སྐད་ཆ་བཤད་སྟངས་རང་རེད།
མ་གཞི་བོད་ཕྱི་ནང་གཉིས་སུ་དྲག་པོའི་ལས་འགུལ་བརྩམ་འདོད་ཡོད་མཁན་དང་། རྩོམ་པའི་སྙིང་སྟོབས་དང་བློས་གཏོང་གིས་འདང་བསྡད་ཡོད་པ་ཁྲི་སྟོང་མང་པོ་ཡོད་པ་ང་བཤད་ཐུབ་ཀྱི་ཡོད། ཡིན་ནའང་ཕྱི་ནང་གི་བཀག་རྒྱ་མང་པོ་ཞིག་གིས་བཙུར་བསྡད་ཡོད་པ་རེད། གཞན་དབང་དུ་སོང་སྟེ་སེམས་སྡུག་ཡོད་ཚད་ཁོག་ལ་མིད་ཀྱི་ཡོད་པ་རེད།
གལ་སྲིད་དྲག་པོའི་ལས་སུ་ཞུགས་པ་ཡིན་ན་འཛམ་གླིང་གི་གནས་ཚུལ་ཆེན་པོ་ཆགས་པ་དང་ཀུན་གྱིས་དོ་སྣང་སླེབས་པ་དངོས་ཡོད་རེད། ཡིན་ནའང་དེ་ཙམ་གྱིས་བོད་དོན་ཐག་གིས་གཅོད་ཐུབ་མིན་དོགས་པ་རེད་ལ། གནས་སྟངས་དེའི་འོག་ནས་བོད་དོན་ཐག་གཅོད་ཀྱི་ཉིན་མོ་ཞིག་སླེབས་པ་ཡིན་ཡང་བོད་པར་རྒྱལ་ཁ་ཡོད་པའི་ཐག་གཅོད་ཅིག་དང་། ལྷག་པར་དུ་འཛམ་གླིང་ཐོག་བོད་པ་དང་བོད་མི། བོད་དོན་བཅས་ལ་ངོས་འཛིན་གང་འདྲ་ཞིག་འབྱུང་མིན་བཤད་ཁག་པོ་རེད།
བོད་པ་སྟོབས་འབྱོར་ཡོད་མཁན་གྲས་ན་མེ་མདའི་སྦྱིན་བདག་བྱེད་འདོད་མཁན་དང་ཚོང་ལས་གཉེར་ས་འཚོལ་འདོད་མཁན་ཡང་ཡོད་ཚོད་འདུག སྙིང་ནད་དང་དགྲ་ཤ་ཙམ་གྱི་དོན་དུ་མི་གསོད་ཁྲག་སྦྱོར་གྱི་ལས་ལ་ཞུགས་ན་མ་གཏོགས། དྲག་པོའི་ལས་ཡིས་ཀྱང་གནད་དོན་ཐག་མི་ཆོད་པ་གསལ་བོ་དང་མྱོངས་པས་གྲུབ་པ་ལྟ་བུ་རེད།
རྩོམ་ཡིག་གི་ནང་དོན་ལ་གཞིགས་ནས་བསམ་བློ་བཏང་ནས་བཤད་པ་ལས། དོན་མེད་དུ་ཁ་བརྡུང་གཏོང་བ་དང་མགོ་འབུར་ཙམ་གྱིས་གཉའ་ནས་གནོན་ཐབས་ཀྱི་རང་རེའི་གཤིས་ཀ་དེ་ད་སྐབས་མིག་ལ་དེ་འདྲའི་མཛེས་པོ་རང་མི་འདུག་པས་དྲ་མཆན་པ་རྣམས་ཀྱིས་ཐུགས་ལ་འཇགས་པར་ཞུ།
ངེས་པར་དུ་གཟབ་དགོས། རྩོམ་འདིའི་རིགས་ལ་ཤུགས་རྐྱེན་ཡོད་པ་ཉམས་མྱོང་གིས་གྲུབ་ལ་གནས་སྟངས་ཀྱིས་སྟོན་གི་ཡོད་པ་རེད། བོད་མི་ས་ཡ་དྲུག་གི་ནང་ན་མེ་མདའ་ལ་བསམ་བློ་གཏོང་མཁན་ས་ཡ་གཅིག་ཉུང་མཐར་ཡོད་པ་རེད། ཡིན་ཡང་། བསམ་ཚུལ་དེ་ཡིག་ཐོག་ནས་སྤྱི་བསྒྲགས་བྱས་པ་ནི་ད་རེབ་ཀྱི་རྩོམ་འདི་ཐོག་མ་མིན་ཡང་སྔ་མའི་གྲས་རེད།
འཇམ་གཅེས་ཞུ་བས་ལོ་རྒྱུས་ཀྱི་ནག་ཉེས་སུ་ཆགས་ངེས་པར་བརྗོད་འདུག་པ་ཅུང་ནོར་བཞག ངས་བལྟས་ན། དགྱ་ནག་གི་ངོས་ནས་འོ་ད་ཡིན་ན་བོད་པ་དག་གི་བསམ་བློ་འགྱུར་འོང་གི་འདུག་བསམ་པའི་བརྡ་ལན་ཞིག་རེད་བསམ་གི ཚུར་བོད་མི་ས་ཡ་གཅིག་དང་འབུམ་གཉིས་བསད་པས་མ་ཚད་ལོ་ངོ་བདུན་ཅུ་མ་ཟིན་ཙམ་གྱི་རིང་བསད་པ་དང་བཙོན་འཇུག མནར་སྤྱོད་རིམ་པ་མང་བོ་ཞིག་བཏང་བ་རེད། དེ་ལྟ་བུའི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ཀྱིས་ལོ་རྒྱུས་ལ་འགན་མ་འཁུར་ན། ང་ཚོའི་ངོས་འདི་འདྲའི་སྐད་ཆ་ཞིག་བཤད་པ་ཙམ་གྱིས་ལོ་རྒྱུས་ཀྱི་ཉེས་ཅན་པར་ཆགས་དགོས་ན་ཧ་ཅང་ཁག་པོ་ཡིན་ངེས། དེའི་སྟབས་ཀྱིས་རྩོམ་ཡིག་དང་མཆན་བུ་དག་གི་སྐད་ཆ་ལ་བསམ་བློ་བཏང་ནས་བཤད་ན་མཛེས། དེ་ནི་ངའི་བསམ་ཚུལ་ཙམ་ཡིན། ནོར་ཡོད་ན་དགོངས་དག
ཤེས་དགོས་པ་ཞིག་ནི་༧གོང་ས་ཡིད་བཞིན་ནོར་བུའི་མཁྱེན་སྤྱོད་ལས་ཁྱོད་ཀྱིས་བློ་རིག་རྒྱ་ཆེ་བ་ཞིག་ཡིན་ན་དེ་ལྟར་བཤད་འོས་པ་ལོས་ཡིན། དེ་མིན་འགན་ཁུར་མེད་པའི་སྐད་ངན་ཉུང་ན་བཟང་། གཅེས་པའི་ལུས་དང་ལོངས་སྤྱོད་ཡོངས་རྫོགས་བློས་བཏང་གནང་ནས་འཚེ་མེད་ཞུ་བའི་ལམ་ཆེན་དུ་གཤེགས་ཟིན་པའི་རང་རིགས་སྤུན་ཟླའི་ལས་འགུལ་དེར་དོན་མེད་ཆུད་ཟོས་སུ་མི་གཏོང་བར་འཇུག་བསྐྱོང་གནང་དགོས་པ་ལས་ལོག་ལམ་དུ་ཁ་ལོ་བསྒྱུར་ཚེ་ལོ་རྒྱུས་ཀྱིས་ཉེས་ཅན་པ་ཆགས་མི་སྲིད་པ་ཡང་མིན་པས་དེ་ལྟར་ཤེས་དགོས། །
རྩོམ་འདི་ལ་བསམ་བློ་གཏོང་རྒྱུ་ཏན་ཏན་ཡོད་ཀི་བསམ་བྱུང་། རྩོམ་ཡིག་འདིའི་རྒྱབ་ལྗོངས་ནི་རང་རེའི་སྤྱི་ཚོགས་ཁྲོད་ཀྱི་མི་ཚང་མ་སངས་རྒྱས་མིན་པར་དྲག་སྤྱོད་ཀྱི་བསམ་བློ་ཡང་ཡོད་ཆོག་པ་གསལ་བཤད་དང་། ཡང་མི་ཚང་མ་འཚེ་མེད་ཞི་བ་མིན་པ་གསལ་སྟོན་གནང་འདུག འདི་ནི་དགྱ་ནག་ལ་བརྡ་ལན་ཞིག་སྤྲད་པ་རེད་བསམ་གི དགྱ་ནག་གི་ངོས་ནས་ཀྱང་དུས་ཚོད་འདི་འདྲ་ཞིག་མ་ཤར་གོང་ལ་བསམ་བློ་ཞིག་གཏོང་དགོས་ཟེར་བ་དེ་རེད། མཐར་ངས་རྩོམ་འདི་ཡག་གི་ཟེར་རྒྱུ་ཡིན།
བསམ་ཚུལ་འདི་ཁ་བཤད་གཉིས་མེད་ཡིན་ཚེ། རྩོམ་པ་པོའི་གསང་མིང་སྤྱོད་དགོས་དོན་མི་འདུག་ལ། གསང་མིང་འོག་བྲིས་པའི་ཡི་གེ་འདི་ལ་དགོས་པ་རྒྱུ་མཚན་ཅི་ཞིག་ཡོད་མེད་ཀྱང་དོགས་པ་ཟ་བའི་གནས་རེད་དོན།
ཡུན་རིང་ལ་རེ་སྒུག་བྱས་པའི་རྩོམ་ཡིག་ཅིག་དེ་རིང་འདི་རུ་མཇལ་སོང་། འདི་ལྟ་བུ་འབྲི་འདོད་ཡོད་པ་དང་འབྲི་ཤེས་མཁན་གང་མང་མང་ཞིག་ཡོད་ཀྱང་། ད་བར་བཙན་བྱོལ་སྤྱི་ཚོགས་ནང་འདོན་སྤེལ་བྱེད་མ་ཐུབ་པའི་རྩོམ་ཡིག་ཅིག་དེ་རིང་ཀློག་རྒྱུ་རེག་སོང་། རྩོམ་ཡིག་འདིའི་བརྗོད་བྱ་དང་བསམ་བློ། རེ་འདུན། སྙིང་སྟོབས་སོགས་ནི་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཁྲི་གི་མངོན་འདོད་ཡིན། ཡ་ཁོག་ནང་ལྷོག་ལྷོག་ཏུ་ལྡིང་བཞིན་པའི་སྙིང་གསོན་པོ་ཡིན། རྩོམ་པ་པོ་འདིར་ཉེས་འདོག་སྣ་ཚོགས་ཡོང་སྲིད་ཀྱང་། དེ་དག་གི་རེ་བ་དང་ཕུགས་བསམ་སོགས་ཀྱང་ཡང་དེ་ལྟར་དུ་གསལ་བོ་ཡིན།
ནམ་ཡང་དྲག་སྤྱོད་བྱེད་མི་ཉན། ཁ་ནང་དུ་གུག་ནས་བསམ་བློ་ཐོངས། རྒྱ་གར་འཛམ་པོ་གླིང་གི་མི་འབོར་ཨང་གཉིས་པ་རེད། ཁོང་ཚོས་ཁོང་ཚོ་ལས་མི་འབོར་བཅུ་ཆའི་གཅིག་ལས་ཉུང་བའི་བཙན་དབང་ལ་ཁ་གཏད་ཐུབ་པ་རེད། རྒྱ་མི་འཛམ་གླིང་གི་མི་འབོར་མང་ཤོས་ཨང་དང་བོ་རེད། འཛིང་དགོས་ན་ང་ཚོ་བོད་མི་གཅིག་གིས་རྒྱ་མི་ཆིག་སྟོང་ལྷག་ལ་འཛིང་དགོས། དེ་ཡོང་ཐབས་ཡོད་དམ། རྒྱ་མི་ལ་དགོས་རྒྱུ་དེ་ཁྱེད་རང་གི་སྐད་ཆ་འདི་དང་བྱ་བ་དེ་རེད། སེམས་པའི་གཞུ་མོ་ནང་དུ་གུག་ནས་རྒྱབ་མདུན་གཉིས་དང་འཕྲལ་ཕུགས་ཚང་མར་བསམ་བློ་ནར་གྱིས་ཐོངས། གང་འདོད་ལ་སྦོམ་བཤད་མ་གནང་རོགས། དབྱིན་ཇིས་རྒྱ་གར་གཅིག་པོ་ལ་དབང་སྒྱུར་བ་མ་རེད། རྒྱལ་ཁབ་མང་བོ་ཞིག་ལ་དབང་བསྒྱུར་པ་རེད། རྒྱ་གར་རང་བཙན་རྩོད་དུས་དབྱིན་ཇུས་དབང་སྒྱུར་ལ་རྒྱལ་ཁབ་མང་བོ་ནས་ངོ་རྒོལ་གྱེན་ལངས་བྱེད་པ་དང་སྐབས་འཁེལ་བ་རེད། ལོ་རྒྱུས་བརྒྱུད་རིམ་ཡོད་ལ་ལྟ་དགོས་པ་ལས་མུན་ནག་སྦར་འཛིན་མ་བྱེད། ཁྱེད་ལ་ཁག་མེད། ཁྱེད་ཀྱི་སྙིང་ཁུང་དུ་ན་ཟུག་ཅི་ཙམ་ཡོད་པ་དེ་ང་ཚོར་ཡང་ཡོད། ཡིན་ནའང་བསམ་ཚཱུལ་འདི་དང་བྱ་སྤྱོད་དེར་ནམ་ཡང་ཁས་ལེན་མེད།
ཁོ་རེ་རང་གི་རང་ལ་ཉམས་གུད་མ་སྟོན་ཨང་འདི་དགྲ་ལ་དགོས་ལེ་རེད་ད་མཆོད་འབུལ་དང་སྨོན་ལམ་མང་ཙམ་རང་རང་སོ་སོས་མཛོད་སྙིང་སྟོབས་ཡོད་ན་ཕྱིར་ཐོན་ནས་རྒྱ་ཡི་གཞུང་ཚབ་མདུན་འཕུར་བཀྲིན་ཆེ།།།།།