མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་འགན།

བོད། ཤ་ཁྲག་རུས་གསུམ།
༢༠༡༢/༡༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

                              བོད་མིའི་འགན།

                                                                                      ང་བདེན་པའི་ཆེད་དུ་མགོ་བོ་ལན་བརྒྱར་གཏུབ་ཀྱང་འགྱོད་མི་སྲིད།
ངས་ཀྱང་འཇིག་རྟེན་གྱི་མི་སྤྱི་མཚུངས་ལྟར། འཚོ་བ་ལྷོད་ལྷོད་ཅིག་རོལ་ན་མ་འདོད་པ་གཏན་ནས་མིན་ལ། བུ་ཕྲུག་ལ་བལྟ་སྐྱོང་བྱེད་པའི་ཕ་རྒན་བཟང་བོ་ཞིག དྲིན་ཕ་མར་སྲི་ཞུ་བྱེད་པའི་བུ་ཕྲུག་ཡ་རབས་ཤིག བཟའ་ཚང་ལ་བརྩེ་བའི་ཚེ་གྲོགས་དགའ་ཞིག འཚོ་བ་ངན་ངོན་ལ་ཤི་འཐམ་རོ་འཐམ་བྱེད་པའི་ཁྱིམ་བདག་དཀྱིས་མ་ཞིག་བཅས་བྱེད་འདོད་རྩ་བྲལ་དུ་སོང་བའི་འགྲོ་བ་མིའི་སེམས་རྒྱུན་ལྡན་གྱི་ཚོར་བ་བོར་བའི་མི་ཡི་སེམས་ལ་གཟུགས་མེད་ཀྱི་གདོན་གྱིས་རྣམ་ཤེས་འཛུལ་བ་དེ་འདྲ་གཏན་ནས་མིན་ན་ཡང་། ཉག་ཕྲ་བའི་བོད་མི་རིགས་ཀྱི་ལས་དབང་སྐྱུར་མོའི་ཁྲོད་དུ་སྐྱེ་བའི་“བོད་མིའི་འགན་”ཞེས་པ་ཕྲག་ཏུ་ལེན་མཁན་དང་ལེན་དགོས་མཁན་ཞིག་ཏུ་གྱུར་སྟབས། ངས་རང་ཉིད་ཀྱི་ཕ་མ་དང་བཟའ་ཚང་། ཁྱིམ་དང་བུ་ཕྲུག ཚེ་གྲོགས་ཟེར་ནས་ལྷོད་སྡོད་ཀྱི་འཚོ་བ་ཙམ་ལ་མགོ་འཁོར་ནས་བསྡད་ཚེ། “བོད་མིའི་འགན”ཁུར་བའི་ལས་དབང་ལ་འགྱུར་བ་གཏོང་བའི་དམིགས་དཔེ་ཙམ་ཡང་ཞོག་ཐབས་བྲལ་བ་རྟོགས་སྟབས། “བོད་མིའི་འགན”ཞེས་པའི་ལམ་ཕྲན་འདི་གསལ་སྤྲོད་ཡོང་ཆེད་དུ། ངའི་ཕ་མ་དང་ཚེ་གྲོགས། བུ་ཕྲུག་དང་ཁྱིམ་ཚང་བཅས་བཟོད་དུ་དཀའ་བའི་ལོ་ཟླའི་ནང་མི་སྐྱུར་ཐབས་མེད་བྱུང་བ་དང་། འཇིག་རྟེན་ཀྱི་མི་ཕལ་ཆེ་བའི་མི་འདོད་པའི་ཚེ་གྲོགས་ཁེར་རྐྱང་གསོན་བྲལ་གྱི་མུན་ནག་གི་འཚོ་བ་ཞིག་གི་ནང་དུ་བརྫངས་པ། གཅེས་པའི་བུ་ཕྲུག་གཉིས་ཕ་ངོ་ཤེས་མ་ཤེས་མཚམས་སུ་ཕ་མེད་དྭ་ཕྲུག་དང་ཕ་མེད་པའི་ལོ་ཟླ་གྲང་མོ་ཞིག་གི་གྲང་གཟེར་ཁྲོད་འཚོ་རུ་མི་འཇུག་ཐབས་མེད་ཀྱིས་ལམ་འདིར་ཞུགས་དགོས་ཐུག་ཡོད། “བོད་མིའི་འགན”ཞེས་པ་འདིའི་སྐོར་གླེང་དགོས་ཚེ། རབ་འབྲིང་ཐ་གསུམ་ཡོད་ལ། སྒྲུབ་ཕྱོགས། བསམ་ཕྱོགས། གླེང་ཕྱོགས། འཐབ་ཕྱོགས། དུས་རྒྱུན་འཚོ་བའི་ནང་གི་བྱ་དངོས་སྤྱོད་གསུམ་གང་གི་ཁྲོད་ཀྱང་། ཉག་ཕྲ་བའི་བོད་མི་རིགས་ཀྱི་སྐྱིད་སྡུག་ལེགས་ཉེས་ལ། “བོད་མིའི་འགན”ཁུར་སྟངས་སྣ་ཚོགས་ཡོད་པ་དང་གྲངས་ཀྱི་མི་ཟིན་པ་ཡོད་པ་ལས། ཆེས་ཚད་མཐོ་བའི་“བོད་མིའི་འགན”ཁུར་བ་ལ། བློས་གཏོང་ཞེས་པ་འདི་དགོས་ཀྱི་ཡོད་ལ། དཔེར་ན། གྲྭ་བའི་རྒྱུད་ལ་སྡོམ་དམ་ཚིག་བླང་བ་ལྟར། རང་ཉིད་ཀྱིས་དམ་བཅའ་ཞིག་ལེན་རྒྱུ་དེ་ཡིན། དེ་ནི་བློས་གཏོང་གི་དམ་བཅའ་ཟེར་གྱི་ཡོད། བློས་གཏོང་གི་དམ་བཅའ་འདི་ལེན་པར་དཔའ་བོ་བློ་ཁོག་ཡོད་པ་ཞིག་དགོས་ཀྱང་། འཇིག་རྟེན་པའི་གྲགས་ཚུལ་དུ་“དཔའ་བོ་མཚོན་ཁར་ཤི”ཟེར་བ་དེ་འདྲ་མ་ཡིན་པར། བདེན་བའི་ཆེད་དུ་སུ་ལ་ཡང་འཇིགས་ཞུམ་མེད་མཁན་གྱི་བློ་དེ་འདྲ་ཞིག་ཡོད་པ་ནས་“བོད་མིའི་འགན”ཁུར་བར་སྒེར་གྱི་བྱ་དངོས་ཕྲན་ཚེགས་རྒྱབ་ཏུ་སྐྱུར་མཁན་གྱི་དཔའ་བོ་ཞེས་པ་དང་ནང་ཆོས་ཀྱི་གསུང་ཚུལ་དུ་བྱང་ཆུབ་སེམས་དཔའ་ཟེར་བའི་སེམས་བསྐྱེད་དེ་གང་ཙམ་རྒྱུད་ལ་སྐྱེ་ཡོད་མཁན་ཞིག་ལ་གོ་དགོས་ཀྱི་ཡོད། ཆེས་ཚད་མཐོ་བའི་“བོད་མིའི་འགན”ཁུར་སྟངས་ཀྱི་ཁ་ཕྱོགས་ནི་དེ་འདྲ་ཞིག་ཡིན་ལ། ཁ་ཕྱོགས་འདི་འཛིན་པ་ལ་རྒྱུ་དངོས་དང་དཔལ་འབྱོར། སྒེར་གྱི་སྙན་གྲགས་སོགས་ནི་བྲག་ཆ་ལྟ་བུར་འདོད་ནས། མིང་དང་རྗེས་འབྲེལ་གྱི་བྱ་དངོས་གང་ཡིན་ཡང་། སྤྱི་དོན་ལ་ཞོག་པ་ཞིག་ལ་འབད་འབུངས་བྱེད་དགོས་པ་མ་ཟད། ནམ་ཞིག་“བོད་མིའི་འགན”ཁུར་འགྲུབ་པ་དང་མིང་གནས་རྗེས་འབྲེལ་གྱི་རྒྱུ་དངོས་ཡོད་ཚད། སྙན་གྲགས་དང་གོ་གནས་སོགས་གྱང་ཁའི་རྩ་བཞིན་དོར་ནས་སྒེར་སེམས་མེད་པ་ཞིག་བྱེད་ཐུབ་དགོས། འདི་ནི་ངའི་“བོད་མིའི་འགན”ཁུར་སྟངས་ལ་བཅིངས་པའི་ལྟ་ཚུལ་དང་རང་ཉིད་ཀྱིས་“བོད་མིའི་འགན”ཁུར་སྟངས་ཀྱི་བློས་གཏོང་གི་བསམ་བློའི་ཁ་ཕྱོགས་ཤིག་ཡིན། “བོད་མིའི་འགན”འདི་བོད་ལ་སྐྱེ་བའི་སྐྱ་སེར་ཕོ་མོ་རྒན་གཞོན་དར་གསུམ་ཡོངས་རྫོགས་པར་འཁྲི་བ་ཞིག་ལས། མཐོ་བླ་མ་དང་དཔོན་པོ། བར་ལས་བྱེད་དང་སློབ་གཉེར་བ། དམན་ལག་ཤེས་པ་དང་སྒྱུ་རྩལ་ལས་རིགས་གཉེར་མཁན་ཚོའི་ཕྲག་པར་ཅིས་ཀྱང་ལེན་དགོས་པ་ལས། བོད་སྤྱི་འབངས་རྣམས་རང་རང་སར་ཁ་རོག་གེར་སྡོད་དགོས་པ་ཞིག་གཏན་ནས་ཆགས་མེད་པ་རེད། དེའི་ཕྱིར་“བོད་མིའི་འགན”བོད་མི་སྤྱི་བོ་སྐྱ་སེར་དབྱེར་མེད་ལ་འཁྲི་སྟངས་སྐོར་ལ། བོད་མི་བློ་ཆུང་པ་ངའི་དྲན་ཚུལ་ཁ་ཁོག་པའི་མ་གསང་། གློ་རྒྱུ་མའི་མ་འཁུམ་པར་གང་ཐུབ་ཐུབ་ཅིག་དང་དྲན་ངོ་ཡོང་ཚད་ཅིག མ་མང་མ་ཉུང་བའི་བསམ་ཚུལ་འབྲི་བར་འབད་ཀྱི་ཡིན་ན། མཐོན་པོའི་ཐུགས་ལ་མ་འཕྲོད་པ། དམའ་མོའི་སེམས་ལ་མ་རན་པའི་ཚིག་འདྲ་བྱུང་ཚེ་དགོངས་དག་དང་བཅས། “བོད་མིའི་འགན”ཁུར་སྟངས་སྐོར་ལ་དངོས་སུ་ཞུགས་ནས་བསམ་ཚུལ་འབྲི་རྒྱུ་ཡིན། བསམ་ཚུལ་འདི་ཡང་ང་སྐྱེ་བོ་ཕལ་བ་ཞིག་གི་དྲན་ཚུལ་ལས། ཀུན་ལ་བཞག་པའི་བསླབ་བྱ་མིན།        མུ་འགོད།   དྲུང་ཡིག་དོན་ལྡན་ནས།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༢༠ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese