མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ལ་འགྱུར་བ་འགྲོ་མིན་བརྗོད་རྒྱུ་ཏོག་ཙམ་སྔ་དྲགས་པ་རེད།

བོད་ཀྱི་དུས་བབ།
༢༠༡༢/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་༸ གོང་ས་མཆོག་གིས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་བྱང་ཆུ་ལམ་རིམ་ཆེན་མོའི་གསུང་ཆོས་དབུ་འཛུགས་གནང་སྟེ། བྱང་ཆུབ་ལམ་རིམ་ཆེན་མོའི་གཞུང་ལ། བྱ་བྲལ་རྫོགས་ཆེན་པ་ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་ས་དགེ་བཀའ་རྙིང་རིས་ཀྱི་བླ་སྦྲུལ་ཚོས་ཐུགས་སྣང་གནང་སྟེ་རྒྱལ་བའི་བསྟན་པར་ཞབས་འདེགས་བསྒྲུབས་ཡོད་སྐོར་སོགས་གསུངས་འདུག 
 

རྒྱ་གར་ལྷོ་ཕྱོགས་མུམ་བྷེ་གྲོང་ཁྱེར་དུ་ཡོད་པའི་དུད་འགྲོ་སྲུང་སྐྱོབ་ཚོཊ་པས་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཚེས་ ༢༨ ཉིན་༧གོང་ས་མཆོག་འཛམ་གླིང་བྱམས་བརྩེའི་ཉིན་མོ་ (World Compassion Day) ཞེས་པའི་ལྷན་ཚོགས་སུ་ཆིབས་བསྒྱུར་བསྐྱངས་ཏེ། ཚོགས་ཐོག་ཏུ་དཀར་ཟས་བསྟེན་ན་ཡག་པོ་ཡོད་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུའང་གདན་ས་གསུམ་གཙོས་གྲྭ་ཚང་ཕལ་མོ་ཆེའི་དཀར་ཟས་སྟེན་གྱི་ཡོད་ཚུལ་སོགས་གསུངས་འདུག

སྐབས་དེར་གསར་འགོད་པས་རྒྱ་ནག་གི་མགོ་ཁྲིད་གསར་བའི་འཕོ་འགྱུར་ཐད་ཐུགས་རེ་གང་ཡོད་དྲིས་པའི་ལན་དུ་ “ རྒྱ་ནག་གི་མགོ་ཁྲིད་གསར་པ་ཚོ་མི་སྒེར་གྱི་ཐོག་ནས་ལྟ་སྐབས་མི་ཡག་པོ་ཡོད་ཀྱང་། དམར་པོའི་ལམ་ལུགས་དེ་ཧ་ཅང་མཁྲེགས་པོ་ཡིན། དེང་སྐབས་འཛམ་གླིང་ནང་གཅིག་བསྡུས་རིང་ལུགས་ཇེ་ཉུང་དུ་འགྲོ་བཞིན་ཡོད། རྒྱ་ནག་ནས་ཀྱང་འཛམ་གླིང་སྤྱི་མཚུངས་ཐོག་ནས་དམངས་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཕྱོགས་སུ་འགྱུར་བ་གཏོང་རྒྱུ་ལས་གདམ་ཀ་གཞན་གང་ཡང་མེད། འོན་ཀྱང་འགྱུར་བ་ལམ་སེང་ཡོང་མིན་བརྗོད་རྒྱུ་ད་ཆར་ཏོག་ཙམ་སྔ་དྲགས་པ་རེད། དེར་བརྟེན་ངང་སྒུག་བྱས་ནས་ལྟ་རྒྱུ་རེད” ཅེས་གསུངས་འདུག  

ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོར་༸གོང་ས་མཆོག་མུམ་བྷེ་ནས་མཁའ་ལམ་བརྒྱུད་གྷོའོ་གནམ་ཐང་དུ་ཞབས་སོར་བཀོད་ཡོད་ཅིང་། དེར་ཤར་རྩེ་མཁན་རིན་པོ་ཆེ་དགེ་བཤེས་བྱང་ཆུབ་ཆོས་ལྡན་མཆོག་དང་། འབྲས་སྤུངས་མཁན་པོ་ཁྲི་པ་བློ་བཟང་བསྟན་འཛིན་མཆོག གྲྭ་ཚང་ཁག་གི་མཁན་པོ་བླ་སྤྲུལ་དང་ལྷོ་སྤྱི། མོན་གྷོ་འདོད་རྒུ་གླིང་ས་གནས་མགོ་འཛིན། ཚོགས་པ་ཁག་གི་སྐུ་ཚབ་བཅས་ཀྱི་ཕེབས་བསུའི་དབུས་དཔལ་ལྡན་འབྲས་སྤུངས་ཚོགས་ཆེན་དུ་ཆིབས་བསྒྱུར་བསྐྱངས་ཡོད་འདུག ཉིན་རྒྱབ་འབྲས་སྤུངས་ཚོཊ་ཆེན་གྱི་བཞུགས་ཁྲིར་མངའ་གསོལ་གྱིས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་འབྲས་སྤུངས་མཁན་པོ་ཁྲི་པ་བློ་བཟང་བསྟན་པ་མཆོག་གིས་མཎྜལ་རྟེན་གསུམ་འདེཊ་འབུལ་གནང་གྲུབ་རྗེས་༸གོང་ས་མཆོག་གིས་རྒྱལདབང་སྐུ་ཕྲེང་རིམ་བྱོན་དང་དགའ་ལྡན་ཕོ་བྲང་བར་གྱི་འབྲེལ་བའི་སྐོར་གསུངས་དོན། “ ༸ གོང་ས་ལྔ་པ་ཆེན་པོས་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་འབྲས་སྤུངས་ནས་རྩེ་པོ་ཏ་ལར་ཚུར་ཕེབས་པ་རེད། ད་ལྟ་ང་ཚོ་བཙན་བྱོལ་བ་བྱས་ཏེ་བསྡད་ཡོད་པ་རེད་མ་གཏོགས་འགྲོ་སྟངས་ཏེ་རྩེ་ཕོ་བྲང་ནས་འབྲས་སྤུངས་ལ་ཡར་ལོག་རྒྱུའི་མཚམས་ལ་བསླེབས་ཡོད།
དེར་བརྟེན
། ང་ཚོ་བྱེས་ཀྱི་དཔལ་ལྡན་འབྲས་དཀར་སྤུངས་པར་སྔོན་ལ་བཅར་ཐུབ་ན་བསམས་བྱུང་། གཙོ་ཆེ་ཤོས་གླིང་རིན་པོ་ཆེའི་གདུང་རྟེན་འདིར་བཞུགས་ཡོད། རྗེ་རིན་པོ་ཆེའི་སྨད་དུ་བྱུང་བའི་ལེགས་བཤད་གངས་ཅན་མཁས་པའི་གཞུང་པོད་བཅོ་བརྒྱད་ཡོད་པའི་ནང་བཤད་ལུང་ཡོད་པ་པོད་དགུ་ཙམ་འདུག འབད་བརྩོན་བྱས་ཏེ་བཤད་ལུང་གང་ས་ག་ནས་བཙལ་ཏེ་བཤད་ལུང་ཡོད་པ་དེའི་ནང་ནས་སྐབས་སུ་བབ་པ་དེ་ལམ་རིམ་ཆེ་འབྲིང་ཆུང་གསུམ་ཞུ་བ་ཡིན་ནའང་འདྲ། ལམ་རིམ་ཆེན་མོ་དང་ལམ་རིམ་ཆུང་ངུ་། ལམ་རིམ་བསྡུས་དོན་གཙོ་བོར་གྱུར་བ་དེ་དང་འབྲེལ་བའི་ཁྲིད་ཆེན་ཁག་གི་ཁྲིད་རྒྱུན་ཐོབ་པ་དེ་དག་ཆ་ཚང་དེ་རེས་འདོན་རྒྱུའི་གོ་སྐབས་བྱུང་བ་རེད། འཆད་ཉན་བྱེད་པའི་རིང་འདིར་རྗེ་རིན་པོ་ཆེས་གཏེར་ནས་བཞེས་པའི་ཆོས་དུང་དེ་མར་གདན་འདྲེན་ཞུས་ཏེ་དེའི་བྱིན་རླབས་དང་རྟེན་འབྲེལ་གྱི་ཁྱད་པར་ཏན་ཏན་ཡོང་གི་རེད་བསམ་བྱུང་། བདུན་ཕྲག་གཉིས་ཀྱི་རིང་ལམ་རིམ་གྱིས་ཆོས་འབྲེལ་བྱེད་ས་སོ་སོར་གདན་འདྲེན་ཞུ་རྒྱུ་ཡིན། ཆོས་དུང་དེ་འབྲས་སྤུངས་ཀྱི་ཡིན་དུས་འབྲས་སྤུངས་ཁྲི་པར་མར་གདན་འདྲེན་ཞུས་ཆོག་པའི་ཆོག་མཆན་ཞུ་གི་ཡིན
” ཞེས་གསུངས་འདུག  

ཁ་སང་༸གོང་ས་མཆོག་གིས་འབྲས་སྤུངས་དགོན་པའི་མཛད་འཕྲིན་གྲུབ་རྗེས། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཆོས་རར་དགེ་འདུན་པ་ ༣༠༠༠ བརྒལ་བའི་དབུས་སུ་ཆིབས་སྒྱུར་གྱིས་བྱང་ཆུབ་ལམ་རིམ་ཆེན་མོའི་མཁས་པའི་བགྲོ་གླེང་དབུ་འབྱེད་མཛད་ཅིང་། དེ་རིང་ཞོགས་པར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་རྩེ་མཁན་པོ་དགེ་བཤེས་བྱང་ཆུབ་ཆོས་ལྡན་མཆོག མཆོག་སྤྲུལ་གླིང་རིན་པོ་ཆེའི་སྐུ་ཚབ་དགེ་བཤེས་རྣམ་རྒྱལ་དབང་ཆེན་མཆོག་བཅས་ཀྱིས་ཕེབས་བསུའི་ཁྲོད་༧གོང་ས་མཆོག་དགའ་ལྡན་བྱང་རྩེའི་གཙུག་ལག་ཁང་གི་བཞུགས་ཁྲིར་ཞབས་སོར་འཁོད་དེ། དགེ་འདུན་འདུས་མང་དང་རྒྱལ་ཁབ་ ༥༣ ཙམ་ནས་ཕེབས་པའི་ཆོས་ཞུ་བ་ ༢༥༠༠༠ ལྷག་ལ་བྱང་ཆུབ་ལམ་རིན་ཆེན་མོའི་གསུང་ཆོས་དབུ་འཛུགས་བསྐྱངས་ཡོད།

སྐབས་དེར་༸གོང་ས་མཆོག་གིས་རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོ་ལྗགས་རྩོམ་གནང་སྟེ་ལོ་ ༦༡༠ དང་། དགའ་ལྡན་ཕྱག་བཏབ་པའི་རྗེས་ཀྱི་དགའ་ལྡན་ལམ་རིམ་ཆེ་མོའི་གསུང་ཆོས་གནང་སྟེ་ལོ་ ༦༠༢ ཙམ་ཕྱིན་ཡོད་པ་དང་། རྗེ་རིན་པོ་ཆེ་སྐུ་དངོས་སུ་བཞུགས་པའི་རིང་གཞུང་འདི་ལ་བརྟེན་ནས་ཉམས་རྟོགས་མང་པོ་ཞིག་བྱུང་ཡོད་པ་མ་ཟད། ཁོང་དགོངས་པ་གཞན་དོན་དུ་གཤེགས་པའི་རྗེས་སུའང་། རྗེ་བཙུན་ཤེས་རབ་སེང་གེ་ནས་རྒྱལ་བ་དགེ་འདུན་གྲུབ་བར་གཞུང་འདིའི་ཐོག་ཉམས་བཞེད་དང་འཆད་ཉན་གནང་སྟེ་བསྟན་འགྲོའི་དོན་རླབས་ཆེན་མཛད་པའི་གང་ཟག་མང་པོ་བྱུང་བ་དང་། དགའ་ལྡན་པ་ཙམ་མིན་པར་བྱ་བྲལ་རྫོགས་ཆེན་པ་ཞབས་དཀར་ཚོགས་དྲུག་རང་གྲོལ་ཡང་ཐོག་མར་ཁོང་གིས་རྩ་བའི་བླ་མ་དེས་ལམ་རིམ་ཆེན་མོ་ཞིག་གནང་སྟེ། བློ་སྦྱངས་གནང་རྗེས་མཁས་གྲུབ་གཉིས་ལྡན་གྱི་ཆགས་པ་སོགས། བོད་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ལམ་རིམ་ཆེན་མོར་ཐུགས་སྣང་གནང་སྟེ་རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པར་ཞབས་འདེགས་བསྒྲུབ་ཡོད་པའི་སྐོར་སོགས་གསུངས་འདུག  

ཐེངས་འདིའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་སྐད་རིགས་ ༡༢ ཐོག་རྒྱང་སྲིང་མཐུན་རྐྱེན་བསྐྲུན་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༧ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༨ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༨ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༣ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 2

  1. བསྟན འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    སྤྱིར་མི་འགྲིག་པ་གང་ཞིག་ལ་བསྒྱུར་བཅོས་བྱ་འོས་ཤིང་ཐུབ་པ་ཞིག་ཡིན་ན། མཁས་པ་འམ་བསམ་བློ་བས་ལམ་སྟོན་གནང། མང་ཚོགས་ཀྱིས་ངོ་རྒོལ་བྱས། གྲོས་ཚོགས་ཀྱིས་ཐག་བཅད་ན་ལེགས་པ་ལས། ག་དུས་ཡིན་ཀྱང་སྐྱབས་མགོན་རིན་པོ་ཆེས་ངོ་པགས་བཤུས་ནས་འདུག་དགོས་དོན་མེད་དོ།

    Reply
  2. ཡར་ཀླུང་པ། says:
    ལོ་ 13 སྔོན།

    ༧གོང་ས་མཆོག་གི་སྐུ་ཚེ་སྐལ་བརྒྱདར་བརྟན་པར་ཤོག ད་རེས་ཁོང་གིས་ལྷོ་ཕྱོགས་གདན་ས་ཁག་གི་མཁན་བླ་སྤྲུལ་ཚོས་གནང་སྟངས་ལ་ཐེར་འདོན་ཞིག་ཡོང་བའི་སྐྱབས་མཇུག་ཞུ་བཞིན་ཡོད། ལྷག་པར་དུ་ཕྱི་ཚུལ་ནས་༧གོང་ས་མཆོག་གི་བཀའ་དགོངས་ཅི་སྒྲུབ་ཞུ་མཁན་ཡིན་ཁུལ་དང་ནང་ཁུལ་ནས་ལྡོག་ཕྱོགས་རྐྱང་རྐྱང་གི་གཏམ་སྤྱོད་སྤེལ་མཁན་དག་གི་གདོང་ལྤགས་བཤུ་བར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese