མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་ཚོད་ ༨༤ རིང་གི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༢/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་སྔོན་མའི་ཕྱི་ཚེས་ ༢༨ ནས་ཁ་སང་བར་ཨ་རིའི་མེ་སི་ཆུ་སཱི་རུ་སྨོན་ལམ་འདོན་པ་དང་མཚན་རྟགས་བསྡུ་རུབ་ཀྱི་བོད་དོན་ལས་འགུལ་ཞིག་སྤེལ་ཡོད་འདུག   

ཨ་རིའི་མཱེ་སི་ཆུ་སཱི་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་(University of Massachusetts) གི་མཐོ་སློབ་ཁག་ལྔའི་ནང་དུ་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་མཉམ་རུབ་ཐོག ས་གནས་ནོར་ཐི་ཨམཊོན་(Northamton)དུ། ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་ཏེ་ལྷག་དཀར་སྲུང་གཙི་དང་བསྟུན་ཏེ་བོད་དོན་ལས་འགུལ་ཞིག་སྤེལ་ཡོད་པ་དང་། འདས་པའི་ཉིན་བཞིའི་རིང་ལས་འགུལ་སྤེལ་ཡུལ་དེར་གུར་བརྒྱབ་སྟེ་སྨོན་ལམ་འདོན་པ་དང་། བོད་དོན་ལ་རྒྱབ་སྐྱོར་གྱི་མཚན་རྟགས་བསྡུ་རུབ་གནང་ཡོད་ཅིང་། ཁ་སང་ཕྱི་དྲོའི་ཆུ་ཚོད་ ༩ པའི་སྟེང་མར་མེ་ཁྲོམ་སྐོར་ཞིག་དང་བསྟུན་ཏེ་ལས་འགུལ་མཇུག་བསྒྲིལ་གནང་སོང་།

མཱེ་སི་ཆུ་སཱི་གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་གནང་བཞིན་པའི་མཁན་པོ་ཀུན་དགའ་འཕྲིན་ལས་ལགས་ཀྱིས་གསར་འགོད་པར་ངོ་སྤྲོད་གནང་པ་ལྟར་ན། ཉིན་བཞི་ཙམ་གྱི་ལས་འགུལ་འདིར་ཁོང་ཚོས་ད་ལྟའི་བར་དུ་རང་ལུས་མེར་བསྲེགས་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་རྣམ་པའི་ཆེད་དུ་བསྔོ་བ་སྨོན་ལམ་འདོན་པ་དང་། ཉིན་རེའི་དགོང་དྲོའི་ཆུ་ཚོད་ལྔ་པ་ནས་ནཱོརཐི་ཧམ་ཊོན་(Northhamton)ས་གནས་གྲོང་ཁྱེར་ནང་དུ་མར་མེ་ཁྲོམ་སྐོར་བྱེད་པ། དེ་བཞིན། མི་ཁག་ཅིག་གིས་བོད་ནང་གི་རང་ལུས་མེར་བསྲེགས་ལས་འགུལ་ལ་རྒྱབ་སྐྱོར་མཚོན་པའི་མཚན་རྟགས་བསྡུ་རུབ་བཅས་གནང་ཡོད་འདུག་ལ། དེ་ནི་ཨ་རིའི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ལ་བསྐུར་ནས་བོད་མིའི་མངོན་འདོད་ལ་དོན་དང་ལྡན་པའི་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་འཆར་ཡོད་འདུག  

ལས་འགུལ་གོ་སྒྲིག་པ་ས་གནས་བོད་མི་དོན་གྲུབ་ལགས་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། “བོད་ནང་ད་བར་བོད་མི་ ༩༠ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད། ཁོང་ཚོའི་མངོན་འདོད་གཙོ་བོ་ནི་༧གོང་ས་མཆོག་བོད་དུ་ཕེབས་འཇུག་རྒྱུ་དང་། རང་གི་རིག་གཞུང་སྲུང་སྐྱོབ་དང་སྐད་ཡིག་སློབ་གཉེར་བྱེད་རྒྱུའི་རང་དབང་དགོས་པ་དེ་རེད། དེ་དག་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡིན་སྟབས། ང་ཚོ་བོད་མིར་ཡང་ངེས་པར་དགོས་པ་རེད། དེ་ལ་ཨ་རི་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་དོན་ཕན་ལྡན་པའི་རྒྱབ་སྐྱོར་ཞིག་རག་ཐབས་སུ་དེ་རིང་གི་ལས་འགུལ་འདི་སྤེལ་བ་ཡིན” ཞེས་བརྗོད་བྱུང་། 

ས་གནས་གསར་འགོད་པ། སངས་རྒྱས་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese