མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་ནང་གི་བོད་སྐད་འགྲན་བསྡུར།

བོད་ཀྱི་དུས་བབ།
༢༠༡༢/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སུད་སིའི་ཨོ་ཙི་ཝེལ་དུ་སྐབས་དང་པོའི་བོད་རིགས་ན་ཆུང་བྱིས་པའི་ཕ་སྐད་གཙང་མའི་འགྲན་བསྡུར་ཞེས་པ་དེ་བསྡུས་སོང་།  

ཁ་སང་སུད་སིའི་མངའ་སྡེ་སངྒ་ལེན་ས་གནས་ཚོགས་ཆུང་བོད་ཡིག་སློབ་གྲྭའི་གོ་སྒྲིག་འོག  ཨོ་ཙི་ཝེལ་དུ་སུད་སིའི་བོད་ཡིག་སློབ་གྲྭ་ཁག་གི་བོད་རིགས་སློབ་ཕྲུག་ཚོར་༼ སུད་སི་རྒྱལ་ཡོངས་བོད་རིགས་ན་ཆུང་བྱིས་པའི་ཕ་སྐད་གཙང་མའི་འགྲན་བསྡུར་སྐབས་དང་པོ༽ཞེས་པ་ཞིག་ཚོགས་སོང་།  

ཐེངས་འདིའི་ཕ་སྐད་གཙང་མའི་འགྲན་བསྡུར་མཛད་སྒོ་དེར་སུད་སི་རི་ཀོང་མཁན་རིན་པོ་ཆེ་མཆོག་དང་སུད་སི་སྐུ་ཚབ་དོན་གཅོད། སྤྱི་ཟུར། དེ་བཞིན་སུད་སི་དང་ལེཀ་ཏེན་སིཊཡན་བོད་མི་མང་གི་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་བཅས་ཀྱིས་གཙོས་པའི་མི་མང་བརྒྱ་ལྷག་འདུ་འཛོམས་བྱུང་སོང་།

ལས་འགུལ་འདིའི་དམིགས་ཡུལ་ནི།  སུད་སི་གཙོས་པའི་ཡུ་རོབ་ཡུལ་གྲུ་ཁག་གི་བོད་རིགས་འདུས་སྡོད་ཁུལ་དུ་བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་དར་སྤེལ་དང་། ལྷག་པར་དུ་ཡུ་རོབ་ཁུལ་གྱི་བོད་པའི་ཕྲུ་གུ་ཚོར་མི་རིགས་རང་གི་སྐད་ཡིག་ལ་གོམས་བྱང་དང་། བོད་པའི་འདུ་ཤེས་གོང་མཐོར་གཏོང་ཆེད་ཡིན་འདུག  

འགྲན་བསྡུར་འདིར་ཆེད་དུ་གཟུ་དཔང་བ་གསུམ་གདན་འདྲེན་གནང་ཡོད་པ་དག་ནི། སུད་སི་ནས་ཕེབས་པའི་ཡུ་རོབ་སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་དང་། ཧྥ་རན་སི་ནས་ཕེབས་པ་མདོ་སྨད་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས། སུད་སི་ནས་ཕེབས་པ་དགེན་དཀོན་མཆོག་ལགས་བཅས་ཡིན་འདུག

ལས་འགུལ་གོ་སྒྲིག་པ་དཀོན་མཆོག་བཀྲ་ཤིས་ལགས་ཀྱིས་ངོ་སྤྲོད་གནང་དོན། “ བོད་པའ་འཐབ་རྩོད་གནང་སྟངས་དེ་སྐད་འབོད་གཅིག་པུ་མིན་པར། མི་རིགས་ཀྱི་རྒྱུ་རྩལ་ཀྱི་ཕྱོགས་དང་། རྩོམ་འབྲི། རི་མོ། རོལ་མོ་སོགས་ཀྱི་ཐོག་ནས་འཐབ་རྩོད་བྱེད་སྟངས་ཡོད་པ་རེད། ལྷག་པར་དུ་བོད་པའི་འཐབ་རྩོད་ཀྱི་གཞི་བཅོལ་ས་གཙོ་བོ་ཞིག་བོད་པའི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་དེ་ཆགས་ཡོད་དུས། ང་ཚོས་སྐད་ཡིག་སྲུང་སྐྱོབ་དར་སྤེལ་གྱི་ལས་འགུལ་ཐོག་ཤུགས་རྒྱག་རྒྱུ་གལ་ཆེན་པོ་རེད”  ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་དོན། “ང་ཚོ་རང་དབང་ལུང་བར་སྡོད་པའི་བོད་པ་ཚོས་སོ་སོའི་ཕྲག་ཏུ་བབ་པའི་ལས་དོན་མང་པོ་ཞིག་ལ་དོ་སྣང་མི་སྤྲོད་པར། སྒྲུབ་མི་ཐུབ་པ་དང་མི་སྙོབས་ས་མང་པོ་ཞིག་ལ་ཨུ་ཚུགས་རྒྱག་གི་ཡོད་པ་དེ་ནོར་འཁྲུལ་ཆེན་པོ་རེད། ཕྱི་རྒྱལ་ལུང་པའི་བོད་པ་ཚོ་དཔལ་འབྱོར་གྱི་ཐད་ནས་ཕྱི་རྒྱལ་བ་ཚོའི་རྗེས་ཟིན་ཀྱི་ཡོད་པ་མ་རེད། ཁ་ཕྱིར་འཁོར་ནས་ང་ཚོའི་བོད་པའི་གྲས་སུ་ཡང་མི་ཚུད་པ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་བས་ང་ཚོ་མི་སྒེར་སུས་ཀྱང་སྒྲུབ་ཐུབ་པ་དང་འཇོན་ཐུབ་པ། དཔེར་ན། སོ་སོའི་བྱིས་པ་ལ་བོད་སྐད་བཤད་པ་དང་། སོ་སོ་རང་ཉིད་ཀྱིས་དུས་རྒྱུན་བོད་དོན་ལ་དོ་སྣང་སྤྲོད་རྒྱུ་སོགས་ཕྲག་ཏུ་བབ་པའི་འགན་འཁྲི་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། མ་འོངས་པར་ཕ་སྐད་གཙང་མའི་འགྲན་བསྡུར་འདི་བཞིན་ཡུ་རོབ་སྤྱིའི་ནང་གི་བོད་རིགས་ན་ཆུང་བྱིས་པ་རྣམས་ཀྱི་ཕ་སྐད་གཙང་མའི་འགྲན་བསྡུར་ཞིག་གི་ངོ་བོར་འཕེལ་རྒྱས་སུ་འགྲོ་བའི་རེ་བ་ཡོད” ཅེས་སོགས་བརྗོད་བྱུང་།  

ཕ་སྐད་གཙང་མ་འགྲན་བསྡུར་དེ་ཉིན་དེའི་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ནས་དགོང་མོའི་ཆུ་ཚོད་ ༡༠ བར་གནང་ཡོད་ཅིང་། གཟུ་དཔང་བ་གསུམ་ཀྱིས་འགྲན་ཞུགས་པ་དག་གི་བོད་སྐད་སྐྱོན་སྟངས་དང་སྒྲ་གདངས། བརྗོད་གཞི་གསུམ་ལ་སྐར་གྲངས་སྤྲད་ཡོད་པ་རེད།

མཇུག་མཐར་སངྒ་ལེན་སློབ་གྲྭའི་སློབ་མ་བསྟན་འཛིན་བཟང་མོ་ལགས་སུ་ཨང་དང་པོ་ཐོབ་སྟེ་བྱ་དགའ་སུད་སྒོར་ ༥༠༠ དང་། ཨང་གཉིས་པ་ཧོར་གྷན་སློབ་གྲྭའི་སློབ་མ་བསྟན་འཛིན་འཆི་མེད་ལགས་སུ་ཐོབ་སྟེ་བྱ་དགའ་སུད་སྒོར་ ༣༠༠ ། ཨང་གསུམ་པ་སཱོ་ལོ་ཊོན་སློབ་གྲྭའི་སློབ་མ་ངག་དབང་ཆོས་སྐྱིད་ལགས་སུ་ཐོབ་སྟེ་བྱ་དགའ་སུད་སྒོར་ ༢༠༠ བཅས་གསོལ་རས་སུ་བསྩལ་སོང་།

གསར་འགྱུར་གཏོང་མཁན། ཕུན་ཚོགས།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 7

  1. ོའོད་ཟེར། says:
    ལོ་ 13 སྔོན།

    ཕ་སྐད་གཙང་མའི་འགྲན་བསྡུར་གྱི་ལས་འགུལ་དེ་ནི་དུས་སྐབས་དང་མཚམས་པའི་ལས་འགུལ་ཞིག་ཡིན་པས་རྗེས་སུ་ཡིད་རང་ཡོད་པ་མ་ཟད་ལས་འགུལ་གོ་བསྒྲིགས་བ་རྣམས་ལ་ཐུགས་ཆེ་ན་ཞུ་བ་ཡིན།

    Reply
  2. མྱི་དཀར says:
    ལོ་ 13 སྔོན།

    ལས་འགུལ་གོ་སྒྲིག་གནང་མཁན་དག་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུ་སྐད་དང་ཡི་གེ་ནི་མི་རིགས་རང་གི་བླ་སྲོག་ལྟ་བུ་ཡིན་ཡག་པོ་འདུག

    Reply
  3. གླག་སྨྱོན། says:
    ལོ་ 13 སྔོན།

    མ་གཞི་ནི་ལས་འགུལ་འདི་རིགས་ལ་དགའ་བསུ་ཞུ་མུས་ཡིན།འོན་ཀྱང་ད་ཆ་ནི་བོད་ནང་གི་འཐབ་རྩོད་གནང་སྟངས་ལ་ལྟས་ན་འདི་དག་ལ་ངོམ་དུ་རུང་བ་ཞིག་དང་འདོད་བློ་ཚུམ་པོ་ཞིག་གཏན་ནས་མ་རེད་ཅེས་ཁོ་བོའི་ངག་ལས་ཐལ།

    Reply
  4. སྟག་རྩེ་དཔལ་ལྡན says:
    ལོ་ 13 སྔོན།

    གམིགས་བསལ་ཐུགས་ཁུལ་གནང་འཁན་དང་མཉམ་ཞུགས་སློབ་ཕྲུག་ཡོངས་ལ་གུས་པས་སྙིང་དབུས་ནས་དགའ་སུ་ཞུས་བཞིན་ཡོད།རང་མི་རིགས་ཀྱི་གནད་དོན་ཧ་ཅང་ཉེན་ཚབས་ཀྱི་ངོ་བོར་གྱུར་བཞིན་ཡོད་པའི་དུས་ཚོད་འདིར་མི་རིགས་ཀྱི་ངོ་བོར་མཚོན་པའི་སྐད་ཡིག་གོམས་གཤིས་ཉམས་པར་སླར་གསོ་དང་མ་ཉམས་གོང་འཕེལ་རྒྱུན་འཛི་བྱེད་དགོས་པ་ནི་རང་བྱིས་འཁོད་སྤུན་ཟླའི་འོས་འགན་ཉག་གཅིག་ཡིན་པར་ཚང་མས་མཁྱེན་གསལ་རེད། དེང་གི་འཆར་གཞིས་སྡོད་ཆོལ་གསུམ་སྤུན་ཟླས་རང་མི་རིགས་ཀྱི་བདེ་སྡུག་གི་ཆེད་དུ་བློས་བཏང་དེ་དག་ནམ་ཡང་བརྗེད་མི་རུང།

    Reply
  5. མཉམ་ཞུགས says:
    ལོ་ 13 སྔོན།

    འདི་ནི་དངོས་གནས་དགའ་འོས་ཤིང་བསྔགས་བརྗོད་བྱེད་འོས་པའི་གནས་ཚུལ་བཟང་པོ་ཞིག་རེད། གོ་སྒྲིགས་ཞུ་མཁན་དཀོན་མཆོག་བཀྲ་ཤིས་གཙོས་གཟི་དཔང་རྣམ་པ་གསུམ་དང་དེ་བཞིན་འགྲན་ཞུགས་སློབ་ཕྲུག་རྣམས་སྙིང་པ་ནས་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།འདི་ནི་བོད་ཀྱི་སྐད་ཡིག་དང་རང་དབང་ཆེད་རང་སྲོག་བློས་གཏོང་མཁན་གྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་རྗེས་འཇུག་གི་ཆོས་རྣལ་མ་ཞིག་རེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད་པར་སེམས། ཁོང་རྣམ་པས་བདེ་ལྡན་དག་པའི་ཞིང་ནས་ཁྱེད་ཅག་ལས་འགུལ་འདིར་རྒྱབ་སྐྱོར་དང་ཐུགས་རྗེ་ཆེ་ཞུ་ངེས་ཡིན། གོ་སྒྲིག་པ་དཀོན་མཆོག་བཀྲ་ཤིས་ཀྱིས་ “བོད་པ་ཚོས་སོ་སོའི་ཕྲག་ཏུ་བབ་པའི་ལས་དོན་མང་པོ་ཞིག་ལ་དོ་སྣང་མི་སྤྲོད་པར། སྒྲུབ་མི་ཐུབ་པ་དང་མི་སྙོབས་ས་མང་པོ་ཞིག་ལ་ཨུ་ཚུགས་རྒྱག་གི་ཡོད་པ་དེ་ནོར་འཁྲུལ་ཆེན་པོ་རེད།”ཅེས་བཤད་པ་དེར་རྒྱབ་སྐྱོར་ཡོད། གནས་ཚུལ་དེ་འདྲའི་འོག་ནས་ང་ཚོས་སྒྲུབ་དཀའ་ལས་དོན་རྣམས་ལྟ་ཅི་སྒྲུབ་ཐུབ་པའི་ལས་འགུལ་ཆུང་ཚགས་རྣམས་ཀྱང་འཐུས་ཤོར་སོང་ནས་ལྷག་བསྡད་པ་མང་པོ་ཡོད་པ་དངོས་ཡོད་གནས་ཚུལ་ཡིན།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    སྩལ་བྱ། སྩོལ་བྱེད། སྩོལད་ཟིན། སྩལད་ཅིག དགོས་པ་ལྟར་ན། བསྩལ་སོང་ཟེར་བ་འདི། བསལ་སོང་བྲིས་པ་དང་ཁྱད་མེད་དུ་གྱུར་པ་ཡང་ཤེས་དགོས་གལ་ཆེའོ་སྙམ་ལགས། འདི་ཡང་ཉིན་ཅིག་ཕ་སྐད་གཙང་མའི་འགྲན་རྩོད་ཀྱི་བརྗོད་བྱའི་གྲལ་དུ་ཚུད་རེ་ཡོད་ལགས།

    Reply
  7. ལོག་འཇོམས་རལ་གྲི། says:
    ལོ་ 13 སྔོན།

    ལས་གཞི་འདི་འདྲ་དག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱིན་ཡོད། གོ་བསྒྲིག་ཞུ་མཁན་ཡོངས་ལ་ཐུགས་རྗེ་བླ་མེད་ཆེ་ཞུ་རྒྱུ་དང་། སླད་མའི་ཆར་ཡང་འདི་དྲ་གང་མང་དང་། བོད་མི་ཡོད་པའི་ཡོ་རོབ་རྒྱལ་ཁབ་ཀུན་གྱི་ནང་དང་། དེ་བཞིན་ཨ་རི་ཕྱོགས་ཀྱི་ནང་དུའང་འདི་བཞིན་ཚོགས་ཐུབ་པའི་རེ་བ་དང་སྨོན་ལམ། ད་དུང་འབོད་སྐུལ་ཞུ་གིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese