མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཝ་ཤུལ་རྡོ་བྲུག་འཇུ་བཟུང་།

བོད་ཀྱི་དུས་བབ།
༢༠༡༢/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཟླ་བའི་ཉིན་རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་ལགས་ཀྱི་རང་ལུས་མེར་བསྲེགས་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་ཝ་ཤུལ་རྡོ་བྲུག་འཇུ་བཟུང་བྱས་འདུག

ཕྱི་ཚེས་ ༣ ཉིན་མདོ་སྨད་མགོ་ལོག་པདྨ་རྫོང་ནས་རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་པ་ལྟར།  ཉིན་དེའི་མཚན་མོར་རྫོང་ཐོག་ཏུ་ཡོད་པའི་ཝ་ཤུལ་རྡོར་བྲུག་ལགས་དོན་རྐྱེན་དེ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟའི་ཆར་གསལ་ཅི་ཞིག་བྱུང་ཡོད་མེད་གསལ་ཁ་གང་ཡང་བྱུང་མི་འདུག 

ཝ་ཤུལ་རྡོར་བྲུག་ནི་པདྨ་རྫོང་ལྡི་མདའ་ནས་ཡིན་ལ། དེང་སྐབས་པདྨ་རྫོང་ཐོག་ཏུ་རྒྱུན་སྡོད་བྱེད་བཞིན་ཡོད་པ་དང་། པདྨ་རྫོང་གི་མངའ་ཁོངས་ནང་ཁུལ་འཁོན་འཛིང་རིགས་བྱུང་སྐབས་གཟུ་བཤད་མཁན་གྱི་མི་སྣ་གལ་ཆེན་ཞིག་ཡིན་པ་དང་། ༢༠༠༨ ལོའི་བོད་མིའི་ཞི་རྒོལ་སྐབས་སུ་ཡང་ཁོང་ལ་ཞི་རྒོལ་གྱི་སྣེ་ཁྲིད་པའི་ཉེས་མིང་འོག་འཇུ་བཟུང་བཀག་ཉར་བྱས་མྱོང་ཡོད་འདུག

གཞན་ཡང་། ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན།  རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་ལགས་ཀྱིས་རང་ལུས་མེར་བསྲེགས་མ་གནང་བའི་སྔོན་དེར། སོ་སོའི་དགོན་པའི་གནད་ཡོད་དགེ་འདུན་པ་ཞིག་ལ་ཁ་པར་བཏང་སྟེ། “ངས་ད་སྐབས་རང་ལུས་མེར་བསྲེགས་གཏོང་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད། ལུས་ལ་ས་སྣུམ་བླུགས་ཟིན་པ་ཡིན། ད་གློག་ཆུ་ཞིག་འཐུང་རྒྱུ་ཡོད། དེ་འཐུང་ནས་མེར་སྒྲོན་རྒྱུ་ཡིན། སྤྱིར་ངས་ཡི་གེ་ཞིག་འབྲི་དགོས་བསམ་སོང་མོད། འོན་ཀྱང་། ང་ལ་ཡིག་གཟུགས་ཡག་པོ་མེད་པས་བྱུང་མ་སོང་། དེ་ནས་ཁྱེད་ལ་ཁ་པར་བཏང་བ་ཡིན། ང་ལ་རེ་བ་ཞིག་ཡོད་པ་ནི་བོད་ཆོལ་ཁ་གསུམ་གྱི་བོད་རིགས་ཡོངས་རྫོགས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་དང་། ནང་འཛིང་མི་བྱེད་རྒྱུ་ངའི་རེ་བ་ཡིན། དེ་ལྟར་བྱེད་ཐུབ་པ་ཡིན་ན་ང་ཚོའི་རེ་བ་འགྲུབ་ཀྱི་རེད།”ཞེས་གསུངས་འདུག

ཁ་སང་པད་ནག་སྡེ་བ་རང་ནས་ཡིན་པའི་མང་ཚོགས་དང་གྲྭ་བ་རྣམས་ཀྱིས་ཁོང་གི་སྐུ་ཕུང་ལ་ཁ་བཏགས་བསྒྲོན་པ་དང་། ཤུལ་ལུས་ནང་མིར་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་ཆེད།  མཆོད་མེའི་ཞལ་འདེབས་དང་བསྔོ་བ་སྨོན་ལམ་བཅས་གནང་གཞིན་ཡོད་པ་མ་ཟད། རྒྱལ་གཅེས་དཔའ་བོ་ཁོང་གི་ཁ་ཆེམས་ལག་ལེན་བསྟར་རྒྱུ་ཡིན་པའི་དམ་བཅའ་བཞག་སྟེ། ད་ལྟའི་ཆར་བོད་མི་ཆིག་སྟོང་ཙམ་གྱིས་དམ་བཅའ་ཕུལ་ཟིན་ཡོད་པ་དང་། དེ་བཞིན་ས་གནས་གཞན་གྱི་དགོན་སྡེ་སོ་སོའི་བླ་གྲྭ་ཁག་དང་། མང་ཚོགས་བཅས་མི་མང་པོ་ཞིག་པད་ནག་དགོན་པར་སྐྱོད་ཡོད་ཀྱང་། ཕྱོགས་སོ་སོ་ནས་ཉེན་རྟོག་པ་དང་དམག་མིས་བཀག་འགོག་བྱས་ཏེ་རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་གྱི་སྐུ་ཕུང་ཡོད་སར་སྐྱོད་ཐུབ་མེད་པ་རེད།

རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་ལགས་ཀྱི་སྐུ་ཕུང་ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཞུགས་འབུལ་གནང་གཏན་ཁེལ་ཡོད་པ་དང་། ཁོང་གི་སྐུ་ཕུང་ཞུགས་འབུལ་སར་ས་གནས་མང་པོ་ནས་བོད་མི་རྣམས་གདུང་སེམས་མཉམ་སྐྱེད་ཆེད་སྐྱོད་འཆར་ཡོད་སྟབས། སྐབས་དེར་ཉེན་རྟོག་པ་དང་དམག་མིའི་དམ་དྲག་བཀག་འགོག་ལ་བརྟེན་ནས།  ཉིིན་དེར་འཁྲུག་ཟིང་འབྱུང་ཉེན་ཐད་རྒྱལ་གཅེས་དཔའ་བོ་ཁོང་གི་ནང་མིས་སེམས་ཁྲལ་བྱེད་བཞིན་ཡོད་འདུག

ད་སྐབས་མགོ་ལོག་པདྨ་རྫོང་དུ་རྒྱ་གཞུང་གིས་དམག་མི་ཕོན་ཆེན་བཏང་སྟེ་ཁྲོམ་སྲང་དང་ལམ་མདོ་ཁག  དེ་བཞིན། པད་ནག་དགོན་གྱི་ཕྱོགས་སོ་སོ་བཅས་སུ་དམ་དྲགས་བྱས་ཡོད་ལ། ཁ་སང་ནས་བཟུང་སྐད་འཕྲིན་གྱི་གཙོས་ཁ་པར་དྲ་ལམ་དང་། གློག་ཀླད་དྲ་ལམ་སོགས་ཀྱང་བཀག་འགོག་བྱས་ཡོད་འདུག

པད་ནག་དགོན་ཀ་དག་སྤྲོས་བྲལ་གླིང་ནི་མགོ་ལོག་པདྨ་རྫོང་གི་ཁོངས་རྟོགས་སུ་དགོན་སྡེ་ ༢༣ ཡོད་པའི་ཡ་གྱལ་ཞིག་ཡིན་པ་དང་། ཆོས་ལུགས་རྙིང་མ་ཡིན་འདུག ཕྱི་ལོ་ ༡༨༦༠ ཡས་སུ་སངས་སངས་གྲྭ་གྲྭ་པདྨ་འགྲོ་འདུལ་རྡོ་རྗེས་ཕྱག་བཏབ་པ་དང་། དེ་ནས་རིམ་པས་སྦྲ་ནག་བླ་མ་བསྟན་པ་དང་། པད་ནག་དབོན་པོ་རིག་ལོ་སོགས་ཀྱིས་བསྐྱངས་ཏེ། ད་སྐབས་དགོན་བདག་བླ་མ་མཆོག་སྤྲུལ་བསྟན་པའི་ཉི་མ་ཡིན་ལ། དགོན་དེར་གྲྭ་བ་ ༡༠༠ མ་ཟིན་ཡོད་པ་དང་། པདྨ་རྫོང་ནས་སྤྱི་ལེ་ ༧ ཙམ་གྱི་སར་ཆགས་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese