དེ་རིང་སྔ་དྲོར་བཀའ་ཤག་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག བོད་དོན་གདུང་སེམས་མཉམ་སྐྱེད་ལས་འགུལ་དབུ་འབྱེད་དང་སྦྲགས། ཟླ་འདིའི་ཕྱི་ཚེས་ ༡༠ ལ་ཉིན་བརྒྱ་དུས་གཅིག་ཏུ་བོད་དོན་ལས་འགུལ་སྤེལ་རྒྱུའི་གསལ་བསྒྲགས་གནང་སོང་།
དེ་རིང་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག ཕྱི་དྲིལ་དྲུང་འཕར་བཀྲ་ཤིས་ཕུན་ཚོགས་ལགས་བཅས་དབུ་བཞུགས་ཐོག ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་གཙི་དང་བསྟུན་ཏེ། རྒྱལ་སྤྱིའི་ཐོག་བོད་དོན་ཆེད་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་རྒྱུའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་ལ། གསར་འགོད་གསལ་བསྒྲགས་དེར་བོད་དང་རྒྱ་གར་གྱི་གསར་འགོད་པ་གཙོས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ ༤༠ ལྷག་འཛོམས་འདུག
གསར་འགོད་གསལ་བསྒྲགས་ཐོག་སྲིད་སྐྱོང་མཆོག་གིས་བོད་དོན་ཆེད་རྒྱལ་སྤྱིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་དབུ་འབྱེད་ཀྱི་གཏམ་བཤད་སྒྲོག་སྦྱངས་དང་། བོད་དོན་ཆེད་གདུང་སེམས་མཉམ་སྐྱེད་ཀྱི་དྲ་རྒྱ་(www.solidaritywithtibet.org) དང་། དེ་འབྲེལ་གྱི་ངོ་དེབ་དྲ་ཚུགས (www.facebook.com/SolidarityWithTibet) ཞེས་པ་གཉིས་དབུ་འབྱེད་གནང་སོང་ལ། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་དྲ་རྒྱ་ཁག་གི་དམིགས་ཡུལ་དང་ནང་དོན་ངོ་སྤྲོད་གནང་རྗེས། བོད་བསྟན་སྲིད་མི་རིགས་ཀྱི་འཐབ་རྩོད་ཆེད་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་དུས་ཡུན་སྐར་མ་ ༡༠ ཅན་གྱི་གློག་བརྙན་ཐུང་ངུ་ཞིག་ཀྱང་གཟིགས་འབུལ་གནང་སོང་།
སྲིད་སྐྱོང་མཆོག་གི་གསལ་བསྒྲགས་ནང་བཀོད་དོན། “ཕྱི་ལོ་ ༢༠༡༢ ལོའི་གསུམ་བཅུའི་དུས་དྲན་གྱི་གཏམ་བཤད་སྐབས། ངས་བོད་མི་དང་བོད་པའི་གྲོགས་པོ་རྣམས་ལ་ཕྱི་ལོ་ ༢༠༡༢ ལོ་འདི་བཞིན་བོད་དོན་རྒྱབ་སྐྱོར་ཆེད་ཞུ་གཏུགས་ལས་འགུལ་གྱི་ལོ་ཞིག་ཏུ་འགྱུར་རྒྱུའི་འབོད་སྐུལ་ཞུས་ཡོད། འབོད་སྐུལ་ཞུས་པ་ལྟར་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་ཧྥ་རན་སི། ཨི་ཊ་ལི། ཨ་རི་བཅས་ཀྱི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་མ་ཟད། ཨོ་སི་ཊོ་ལི་ཡ་དང་བྷར་སིལ། ཁེ་ཎ་ཌ། ཡུ་རོབ་སྤྱི་མཐུན་ཚོགས་པ། ཕ་རན་སི། ཇར་མན། ཨི་ཊ་ལི། རྒྱ་གར། ཉི་ཧོང། ལྷོ་ཨ་ཕི་རི་ཀ། ཨ་རི་སོགས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་བར་བརྟེན། འབོད་སྐུལ་ཞུས་པ་དེ་ལམ་ལྷོངས་ལྡན་པ་ཞིག་བྱུང་ཡོད།” ཅེས་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་གཙོས་སྲིད་གཞུང་ཁག་དང་རྒྱལ་ཁབ་མང་པོའི་གྲོས་ཚོགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་སེམས་འཚབ་ཀྱི་རྣམ་པ་བསྟན་ཡོད་པ་མ་ཟད། རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་གནད་ཡོད་མི་སྣ་ཁག་གིས་བོད་དོན་བསྒྲགས་གཏམ་སྤེལ་བ་བཅས་ལ་ཐུགས་རྗེ་བཀའ་དྲིན་ཞུས་པ་དང་སྦྲགས། ༢༠༡༣ ལོར་བོད་དོན་ཆེད་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་བསྒྲགས་ཡོད།
གསལ་བསྒྲགས་ནང་མུ་མཐུད་དུ་བསྟན་དོན། “ང་ཚོས་བོད་མི་ཚོར་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་རིགས་མ་སྤེལ་རོགས། ཞེས་འབོད་སྐུལ་ཇི་ཙམ་བྱས་ཀྱང་བོད་ནང་རང་ལུས་མེར་བསྲེགས་གཏུད་མར་བཏང་སྟེ་ད་ཆ་རང་ལུས་མེར་བསྲེགས་གཏོང་མཁན་བོད་མི་ ༩༢ ཟིན་ཡོད་པ་ནས་ཕྱི་ལོ་ ༢༠༡༢ ལོར་བོད་མི་གྲངས་ ༧༩ རང་ལུས་མེར་བསྲེགས་བཏང་ཁོངས་ནས་ཕྱི་ཟླ་ ༡༡ ནང་བོད་མི་གྲངས་ ༢༨ ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད། རྒྱ་ནག་གཞུང་གིས་བོད་མིའི་དཀའ་ངལ་སེལ་རྒྱུའི་ཚབ་ཏུ་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་རྒྱལ་སྤྱིའི་སྤྱི་ཚོགས་དང་། ཆབ་སྲིད་དབུ་ཁྲིད། རིག་པ་སྨྲ་བ། བོད་མིའི་གྲོགས་པོ། གསར་འགྱུར་བརྒྱུད་ལམ། དེ་བཞིན་དྲང་བདེན་ལ་དགའ་བའི་མི་མང་བཅས་ལ་གང་ཐུབ་ཀྱིས་གོ་རྟོགས་སྤེལ་ཐབས་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཞུ་རྒྱུ་ཡིན།” ཅེས་བཀོད་འདུག
གསལ་བསྒྲགས་ཡིག་དེའི་མཇུག་དུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་དོ་སྣང་དང་རྒྱབ་སྐྱོར་ཤུགས་ཆེ་རུ་གནང་རྒྱུའི་འབོད་སྐུལ་དང་། སྲིད་གཞུང་ཁག་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ། དེ་བཞིན་མི་སྒེར་སོགས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་འཛམ་གླིང་མི་མང་ཚོས་མཁྱེན་པ་བཟོས་ཏེ། རྒྱ་ནག་དབུ་ཁྲིད་ཚོར་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་སེལ་ཆེད་འབོད་སྐུལ་ཤུགས་ཆེན་གནང་ཚེ་ནུས་པ་ཏན་ཏན་འཐོན་རྒྱུ་ཡིན་པ་དང་། བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱིས་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་འབོད་ཚིག་སྒྲོག་གི་ཡོད་པ་སོགས་གསུངས་སོང་།
དེ་བཞིན། དྲ་རྒྱ་ www.solidaritywithtibet.org ཐོག་འབྲུག་གི་ཐལ་སྒྲའི་(thunderclap)ཁ་བྱང་དེབ་སྐྱེལ་གནང་སྟེ། སོ་སོའི་ཉེ་འབྲེལ་གྲོགས་པོ་གཙོས་འཛམ་གླིང་མི་མང་ལ་འབོད་སྐུལ་བརྒྱུད། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་ཉིན་བརྒྱ་དུས་གཅིག་ཏུ་བོད་དོན་ལས་འགུལ་སྤེལ་དགོས་པའི་སྐོར་དྲིལ་བསྒྲགས་རྒྱ་ཆེ་ཡོང་ཐབས་གནང་དགོས་པའི་འབོད་སྐུལ་བཅས་གནང་སོང་།


![A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]](https://tibettimes.net/wp-content/uploads/2026/04/Screen-Shot-2026-04-02-at-5.36.58-PM-360x180.png)



འདི་ནང་དབང་པོས་བསྐུལ་ཚེ་ལེགས་བཤད་འདུག་བོད་དྲྭ་ཚོ།།
Search for:
མདུན་ཤོགབོད་ཀྱི་སྐོར། བོད་མིའི་སྒྲིག་འཛུགས། བློན་ཆེན་ལས་ཁུངས་ཁག གསར་འཕྲིན། གསུང་འཕྲིན་ཁག ཛ་དྲག་གནས་ཚུལ།འབྲེལ་གཏུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྣེ་འཁྲིད་དེ་རྒྱ་གར་མངའ་སྡེ་ཁག་ནང་བོད་དོན་ཞུ་སྐུལ།
༢༠༡༢ ཟླ་ ༡༢ ཚེས་ ༧ རེས་གཟའ་པ་སངས།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་འཁྲིད་དེ་རྒྱ་གར་མངའ་སྡེ་སོ་སོའི་མངའ་སྡེའི་སྲིད་སྐྱོང་དང་། སྤྱི་ཁྱབ་བློན་ཆེན། གྲོས་ཚོགས་ཚོགས་གཙོ། མངའ་སྡེའི་གྲོས་ཚོགས་འཐུས་མི་གང་མང་བཅས་ལ་མཇལ་འཕྲད་གནང་རྒྱུ་དང་། གསར་འགོད་གསལ་བསྒྲགས། དེ་བཞིན་མི་མང་བཅས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་རྒྱབ་སྐྱོར་ཡོང་ཐབས་ཀྱི་ཞུ་སྐུལ་བྱ་རྒྱུ་ལྷོ་ཕྱོགས་བརྒྱུད་མངའ་སྡེ་ཁག་དང་། བྱང་ཕྱོགས་བརྒྱུད་མངའ་སྡེ་ཁག བྱང་ཤར་བརྒྱུད་མངའ་སྡེ་ཁག་བཅས་སོ་སོར་བོད་མི་མང་སྤྱི་འཐུས་ ༦ རེའི་སྣེ་འཁྲིད་དེ་ཕྱོགས་སོ་སོའི་བོད་མི་གྲངས་ ༡༢༠ རེ་དང་བླང་འཛུལ་ཞུགས་ཀྱིས་ལས་འགུལ་སྤེལ་རྒྱུ།
ལས་འགུལ་གྱི་དུས་ཡུན།
ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡ ནས་ཚེས་ ༢༩ བར་ཉིན་དེར་ལྡི་ལིར་འབྱོར་རྒྱུ།
ལས་འགུལ་གྱི་མིང་།
རྒྱ་གར་མངའ་སྡེ་ཁག་ནང་བོད་དོན་ཞུ་སྐུལ།
ལས་འགུལ་གྱི་དམིགས་ཡུལ།
བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་རྒྱབ་སྐྱོར་ཡོང་ཐབས།
ལས་འགུལ་སྤེལ་ཡུལ།
ལྷོ་ཕྱོགས་བརྒྱུད་མངའ་སྡེ་ཁག Kerala, Tamil Nadu, Pondicherry,Karnataka, Andhra Pradesh, Goa, Maharashtra, Gujarat, Rajasthan,
བྱང་ཕྱོགས་བརྒྱུད་མངའ་སྡེ་ཁག Jammu and Kashmir, Himachal Pradesh, Punjab, Chandigarh, Hariyana, Utaranchal, Uttar Pradesh, Bihar, Madhya Pradesh,
བྱང་ཤར་བརྒྱུད་མངའ་སྡེ་ཁག Arunachal Pradesh, Nagaland, Assam, Meghalaya, Sikkim, West Bengal, Orrisa, Jharkhand, Chhattisgarh, བཅས་སོ།
ལྷོ་ཕྱོགས་བརྒྱུད་ལས་འགུལ་སྣེ་འཁྲིད་མཁན།
སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས། སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས། སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས། སྤྱི་འཐུས་བུ་མོ་ཚེ་རིང་ལགས།
བྱང་ཤར་བརྒྱུད་ལས་འགུལ་སྣེ་འཁྲིད་མཁན།
སྤྱི་འཐུས་པདྨ་འབྱུང་གནས་ལགས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་མཁན་པོ་ནོར་བུ་ཚེ་རིང་ལགས། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས། སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས།
བྱང་ཕྱོགས་བརྒྱུད་ལས་འགུལ་སྣེ་འཁྲིད་མཁན།
སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས། སྤྱི་འཐུས་ཟླ་བ་ཚེ་རིང་ལགས། སྤྱི་འཐུས་རྨོག་རུ་བསྟན་པ་ལགས། སྤྱི་འཐུས་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས། སྤྱི་འཐུས་གངས་ལྷ་མོ་ལགས།
གོང་གསལ་ལས་འགུལ་སྣེ་འཁྲིད་གནང་མཁན་ཆ་བགོས་སྤྱི་འཐུས་རྣམ་པ་སོ་སོ་སྔོན་ཚུད་མཉམ་འཛོམས་ཀྱིས་ལས་རིམ་སྒྲིག་རྒྱུ་དང་། ཕྱོགས་སོ་སོའི་མི་མང་རྣམས་དང་བླང་གི་འཛུལ་ཞུགས་གནང་དགོས་རྒྱུ་བཅས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༥ ལ།།
Print PDF
གསར་གནས་གཞན།
ཆོས་རིག་ལས་ཁུངས་ཀྱི་དྲ་རྒྱ་གསར་པ་དབུ་འབྱེད་གནང་རྒྱུ།
ལ་ལའི་ཆོས་སྐྱབས་ལགས་འཛིན་བཟུང་བྱས་འདུག
བོད་ནང་ཆབ་སྲིད་བཙོན་པ་ཚོར་དཀའ་ངལ་མུ་མཐུད་འཕྲད་བཞིན་ཡོད་པ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྣེ་འཁྲིད་དེ་རྒྱ་གར་མངའ་སྡེ་ཁག་ནང་བོད་དོན་ཞུ་སྐུལ།
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་མཱ་རིའོ་ཨོ་ཊེ་རོ་མཆོག་གིས་བོད་མིས་རང་ལུས་མེར་སྲེག་ཐོག་སེམས་ཚབ་ཀྱི་རྣམ་པ་ཤུགས་ཆེ་བསྟན་པ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས། ལས་འགུལ་གང་ཞིག་སྤེལ་རྒྱུ་ཡིན་མིན་གསལ་ཁ་མི་འདུག་སྟབས། གསལ་སྟོན་གནང་རོགས་ཞུ།
ལས་འགུལ་གྱི་རྣམ་གྲངས་དང་ངོ་བོ། ཁ་ཕྱོགས་སོགས་ལམ་སྟོན་གསལ་བོ་ཞིག་ཡོད་ན། ལས་འགུལ་གྱི་སྣེ་ཁྲིད་མཁན་དང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཚང་མར་ཕན་ཐོགས་འདུག
འབོད་ཚིག་དང་དགོས་འདུན་སོགས་ཀྱི་ཐད་ལ་མི་དམངས་སྤྱི་ཡོངས་ལ་ལམ་སྟོན་འདྲ་ཡོད་དམ། ག་རེ་བྱས་ནས་ཟེར་ན། ད་ལྟའི་བར་དུ། འབོད་ཚིག་དང་དགོས་འདུན་སོགས་དཀྱུས་གཅིག་ཏུ་འབབ་ཐུབ་མེད་པས་སོ།།
༣༽༥༣ལོར་དོན་ཚན་བཅུ་བདུན་་་་ ༥༡ལོར་ལ་བཅོས།
བོད་དོན་གདུང་སེམས་མཉམ་སྐྱེད་བྱེད་དགོས་དོན།
༡༽༤༩སྔོན་ལ་རྒྱ་ནག་ལ་དམར་པོ་བཙུགས་ཙང་། བོད་དོན་གདུང་སེམས་མཉམ་སྐྱེད་བྱེད་དགོས།
༢༽ཞེ་དགུར་དམར་དམག་བོད་ནང་འཛུལ་བས། བོད་དོན་གདུང་སེམས་མཉམ་སྐྱེད་བྱེད་དགོས།
༣༽༥༣ལོར་དོན་ཚན་བཅུ་བདུན་བཞག་བཅུགས་ཙང་། བོད་དོན་གདུང་སེམས་མཉམ་སྐྱེད་བྱེད་དགོས།
༤༽༥༩འི་གསུམ་བཅུར་མི་མངས་སྒེར་ལངས་འུ་ཐུག་པ་བཟོས་ཙང་། བོད་དོན་གདུང་སེམས་མཉམ་སྐྱེད་བྱེད་དགོས།
༥༽༦༠འི་ནང་རིག་གནས་གསར་བརྗེས་གདུག་རྩུབ་ཀྱིས། བོད་དོན་གདུང་སེམས་མཉམ་སྐྱེད་བྱེད་དགོས།
༦༽༧༩འི་ལོར་ཏིང་གིས་རང་བཙན་མིན་པའི་ཡོད་ཚད་ཤོད་ཆོག་པར་བཟོས་དུས། ༸གོང་ས་མཆོག་དང་བཙན་བྱོན་མི་མངས་སྲིད་གཞུང་གིས་བོད་རང་བཙན་བློས་བཏང་བྱས་བཅུག་པར། བོད་དོན་གདུང་སེམས་མཉམ་སྐྱེད་བྱེད་དགོས།
༨༽༧༩འི་རྗེས་སུ་ཡང་དུས་ད་ལྟའི་བར་ཏྰ་ལའི་ཁ་བྲལ་རིང་ལུགས་ཟེར་ནས་ཁ་བརྡུང་མུ་མཐུད་བྱས་སྟབས། བོད་དོན་གདུང་སེམས་མཉམ་སྐྱེད་བྱེད་དགོས།
༩༽པཎ་ཆེན་༸སྐུ་གོང་མའི་རེ་འདུན་ལ་འཁྱོག་བཤད་དང་། ཡང་སྲིད་འཁྲུལ་བྲལ་ངོམ་༸པཎ་ཆེན་༸བསྟན་འཛིན་དགེ་འདུན་མཆོག་བཟང་བཙོན་ས་མཐར་སྤྱུགས་ཙང་། བོད་དོན་གདུང་སེམས་མཉམ་སྐྱེད་བྱེད་དགོས།
༡༡༽༸པཎ་ཆེན་༡༡པ་བསྟན་འཛིན་དགེ་འདུན་གྱི་ཚབ་ཏུ་སྡིག་པ་མིག་བཙུམ་གྱིས། པཎ་རྫུན་རྒྱལ་ནོར་བཙན་བསྐོས་བྱས་ཙང་། བོད་དོན་གདུང་སེམས་མཉམ་སྐྱེད་བྱེད་དགོས།
༡༢༽༢༠༠༨ནས་ད་བར་བོད་ཀྱི་སྐད་ཡིག་ལ་བཀག་འགོག ལེགས་གཞུང་ལ་འཕྱ་དམོད། བོད་སར་བོད་མིར་བརྙས་བཅོས་ཚད་ལ་འདས་པ་བྱས་ཙང་། བོད་དོན་གདུང་སེམས་མཉམ་སྐྱེད་བྱེད་དགོས།
༡༣༽ བོད་མིའི་རང་དབང་ཅུང་ཟད་ཅིག་བསྐྱར་གསོའི་ཆེད་དུ་༸གོང་ས་མཆོག་བོད་ནང་ཕེབས་བཅུགས་ན་བསམ་པའི་རེ་འདུན་ལ་བསམ་མེད་རྡོག་རོལ་བཏང་ཙང་། བོད་དོན་གདུང་སེམས་མཉམ་སྐྱེད་བྱེད་དགོས།
བོད་དོན་གདུང་སེམས་མཉམ་སྐྱེད་ལས་འགུལ་སུས་འགོག་ཐུབ་བམ།
བཙན་བྱོལ་ནང་ནས་རང་ལུས་མེར་བསྲེགས་གཏོང་དགོས་པ་རེད་ཟེར་བ་དེར་མོས་མཐུན་བརྒྱ་ཆའི་བརྒྱ་ཡོད། ས་གནས་ཡུལ་མི་ཚོར་སུན་གཙེར་བཟོ་བ་ལས་གནས་ཡུལ་སོ་སོའི་གཞུང་གི་ལས་ཁུངས་དང་། རྒྱ་ནག་གཞུང་ཚབ་མདུན་དུ་རང་ལུས་མེར་བསྲེགས་གཏོང་དགོས་ཀྱི་འདུག དེ་ཡང་གཅིག་རེ་གཉིས་རེ་ཙམ་མིན་པར། ལྔ་དྲུག་བཅུ་གྲངས་བྱས་ཏེ་རང་ལུས་མེར་བསྲེགས་གཏོང་དགོས་ཀྱི་འདུག
དྲ་གྲོགས་རྣམ་པ། གུས་ནས་རྨོངས་འཆར་རྡོག་རྡོག་གསུམ་ཙམ་ཞིག་ཞུས་ན། དེང་བོད་གནས་ཛ་ཇེ་དྲག་ནས་ཐབས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར། ང་ཚོ་རང་དབང་ལུང་པ་ན་ཡོད་པའི་བོད་མིར་མཚོན་ན་ངེས་པར་སྒྲུབ་དགོས་པའི་དོན་གནད་གསུམ་མཐོང་གིན་འདུག
གཅིག སྒྲིག་འཛུགས་བཀའ་ཤག་གིས་རྐང་འགན་བཞེས་ནས་དྲིལ་བསྒྲགས་ལས་ཁང་གི་ཁྱབ་ཁོངས་སུ་ཆེས་ཚད་ལྡན་ནམ་ཚད་མཐོའི་བོད་རྒྱ་དབྱིན་གསུམ་གྱི་རྩོམ་སྒྲིག་སྡེ་ཚན་ཞིག་གང་མགྱོགས་ངང་ཆེད་འཛུགས་གནང་ནས་གཤམ་གྱི་དོན་ཚན་གསུམ་གསུམ་ལག་བསྟར་ངེས་པར་གནང་ཐུབ་དགོས།
༡ ༽ བོད་དོན་ཆེད་༢༠༠༨ ཚུན་རང་སྲོག་དོར་པའི་བོད་ཕྱི་ནང་གི་དཔའ་བོ་དཔའ་མོ་རྣམས་༼འདིའི་ནང་མེར་བསྲེགས་མ་ཡིན་པའི་བོད་དོན་ཆེད་རང་སྲོག་ཕུལ་མཁན་ཚོའང་ཚུད་དགོས་༽ཀྱི་ལོ་རྒྱུས་དང་ཞལ་ཆེམས་སོགས་ཞིབ་གསལ་གྱིས་ཡིག་ཐོག་དང་བརྙན་ཐོག་གཉིས་ཀར་རྩོམ་སྒྲིག་བཟོ་འདོན་བྱེད་རྒྱུ།
༢༽༢༠༠༨ ཡར་སྔོན་གྱི་ལོ་རབས་རེ་རེ་དང་དུས་རབས་རེ་རེར་འབྲེལ་པའི་བོད་ཀྱི་དཀའ་སྡུག་དང་ཁྱད་པར་རྒྱ་དམར་གྱི་དྲག་ནོན་འོག་བོད་མིའི་ཤོར་བའི་དཔའ་བོ་ཚོའི་ལོ་རྒྱུས་ཁོངས་དག་བསྡུ་སྒྲིག
༣༽ གོང་ཞུས་དོན་ཚན་གཉིས་ལག་བསྟར་གྱིས་རྒྱལ་སྤྱིའི་གསར་ལམ་ཁག་དང་འབྲེལ་ཡོད་གཞུང་སྒེར་གྱི་རྒྱལ་སྤྱིའི་ཚོགས་སྡེ་ཡོངས། ལྷག་དོན་རྒྱ་ནག་སྐམ་ས་ཆེན་པོའི་མི་མང་ནང་འགྲེམས་སྤེལ་ཐུབ་རྒྱུ།
གཉིས། རང་དབང་ཡུལ་གྲུ་ཁག་ནང་སྔར་སྲོལ་གྱི་བསྔོ་སྨོན་མཆོད་འབུལ་དང་མར་མེ་ཁྲོམ་བསྐོར། འབོད་ཚིག་རྙིང་བ་སོགས་དེང་གི་འཕྲུལ་ལས་བརྡ་འཕྲིན་གྱི་དུས་དང་བསྟུན་རྣམ་པ་གསར་པར་སྐྱོད་དེ་འཛམ་གླིང་མི་མང་གིས་གོ་ཐོས་ཡོད་པ་ཐབས་འཚོལ་གནང་དགོས།
གསུམ། རང་གཞུང་གཙོས་ཚོགས་སྡེ་ཡོངས་ནས་རྒྱུ་ཐབས་གང་དགོས་ངེས་པར་འབད་བརྩོན་གྱིས་རྒྱལ་སྤྱིའི་གསར་ལམ་ཁག་ལ་འབྲེལ་ལམ་གཏིང་ཟབ་འཛུགས་དགོས། འདི་དག་ནི་བཙན་བྱོལ་བོད་མིས་བྱེད་ནུས་པ་དང་བྱེད་འོས་པ་ཅི་ནས་ཀྱང་བྱེད་དགོས་ཞིག་ཏུ་མཐོང་ངོ་།།
ཁ་སྔོན་ནས་སྲིད་སྐྱོང་གིས་གཞུང་འབྲེལ་གྱི་ངོས་ནས་རང་སྲེག་སྐོར་ལ་སྐར་མ་བཅུ་ཅན་གྱི་བརྙན་ཐུང་ཞིག་འགྲེམ་སྤེལ་བྱེད་ཀྱི་ཡིན་ཞེས་བསྒྲགས་པ་ལྟར། དེ་ལ་ངང་སྒུག་གིས་དེ་རིང་ཞིབ་ལྟ་བྱས་པ་ཡིན། སེམས་པ་སྐྱོ་སོང་། སེམས་པ་ཤིན་ཏུ་སྐྱོ་སོང་། གཞུང་འབྲེལ་ཞིག་གི་ངོས་ནས་འདི་འདྲ་ལས་མ་བྱུང་བ་ནི་ཧ་ཅང་གི་ཐབས་སྐྱོ་བོ་རེད། དེ་ལ་དུས་ཡུན་སྐར་མ་བཅུ་ག་ལ་འདུག་སྟེ། སྐར་མ་བདུན་གྱི་དུས་ཡུན་ཡང་མི་འདུག དཔའ་བོ་གཅིག་གིས་རང་ལུས་མེར་སྲེག་སྐབས་ཀྱི་དུས་ཡུན་ཙམ་ཡང་མི་འདུག དེའི་ཁར་ད་དུང་བརྙན་ཐུང་དེའི་ནང་ལ་ར་ལུག་མཉམ་བསྲེས་ལྟ་བུ་ཡང་བྱས་འདུག དེ་ལ་འགྲོ་སོང་གི་ཆ་ནས་སྲིད་སྐྱོང་ཕྱི་ཕྱོགས་ལ་བསྐྱོད་ཐེངས་ཤིག་གི་འགྲོ་སོང་ཙམ་ཡང་ཡིན་རྒྱུ་མ་རེད། དེས་ན་་་་་་་
ད་ནི་ཞུ་གཏུག་གི་ལོ་རུ་བསྒྲགས་པའི་ ༢༠༡༢ ལོ་ནི་འདི་ལྟར་བཞུད་ཐལ། དེ་ནས་ ༢༠༡༣ ལོ་ནི་གདུང་སེམས་མཉམ་བསྐྱེད་ཀྱི་ལོ་ཡིན་ཟེར། ཟླ་འདིའི་ཚེས་༡༠ ཉིན་བོད་མི་ཚང་མས་དུས་གཅིག་ཏུ་ལས་འགུལ་སྤེལ་འཆར་ཡོད་པའི་དུས་སྐབས་དེར། སྲིད་སྐྱོང་ཁོང་ནི་རྒྱ་གར་ལྷོ་ཕྱོགས་སུ་༧རྒྱལ་བ་རིན་པོ་ཆེའི་སྐུ་རྗེས་ལ་ཕེབས་གཏན་འཁེལ་འདུག
ངས་བོད་མིའི་དབུ་ཁྲིད་སྲིད་སྐྱོང་མཆོག་ལ་བཀྲིན་སྙིང་དབུས་ནས་ཆེ་ཞུ། འདི་དུས་རབས་དང་མཐུན་པའི་གོམས་བཏབ་རེད་བསམ་པ་དྲན་གི་འདུག། སླར་ཡང་བོད་ཀྱི་དབུ་ཁྲིད་ལྷན་རྒྱས་ལ་མཉམ་རུབ་གང་ཐུབ་གནང་རོགས་ཞུ་རྒྱུ་དང་། ད་བར་གྱིས་མཛད་པར་ཡིད་ནས་བསྔགས་པ་ཞུ་བཞིན་བཀྲིན་ཆེ།།།
བོད་བདེན་པ་ཉིད་རྒྱལ་གྱུར་ཅིག།།།།།།།
སྡེབ་ལངས་བརྒྱབ་སྟེ་འཐོབ་བྱང་ཅི་གང་ཡོད་པ་མ་རེད། གྱོང་གུད་བསམ་མི་བཟོད་པ་ཞགི་རེག་གི་རེད། དེ་བས་བོད་ཕྱི་ལོགས་སུ་སྡོད་མཁན་ཚོས་རང་ལུས་མེར་སྲེག་གཏོང་དགོས་པ་རེད། རྒྱལ་ཁབ་སོ་སོའི་རྒྱ་ནག་གཞུང་ཚབ་སྒོ་ཁ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན། དེ་བཞིན་རྒྱལ་སྤྱིའི་ངོ་བོ་ལྡན་པའི་ཚོགས་པ་སྒྲིག་འཛུགས་དང་། རྒྱལ་སྤྱིའི་ཁྲིམས་ཁང་ཆེན་པོ་དག་གི་མདུན་ནས་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་དང་། རང་ལུས་མེར་བསྲེགས་གནང་དགོས་པ་རེད། འདི་ང་རང་གི་ལས་འགུལ་འཆར་ཟིན་ཡིན།
ང་ཚོ་ཚང་མའི་ཆིག་སྒྲིལ་ནི་མེད་དུ་མི་རུང་བ་ཡིན་པ་ཁ་ནས་ལབ་པ་ཙམ་མ་ཡིན་པ་དོན་ངོ་མ་ལག་ལེན་ཐུབ་པ་གནང་གལ་ཆེ། དེ་མིན་ཚོར་བ་ཙམ་གྱིས་རྗེས་སུ་དྲངས་ནས་བསམ་ཚུལ་རེ་སྤེལ་ཏེ་གཅིག་དགོས་ཀྱི་འདུག་གཉིས་དགོས་ཀྱི་འདུག་ཞེས་འུར་ཤོད་མང་ན་དགེ་མཚན་ལས་གནོད་གཞི་ཆེ་བ་སེམས། དེ་ལས་འགན་ཁུར་ལྡན་པས་བཀའ་མོལ་དང་ལས་དོན་རེ་བསྒྲུབ་ཐུབ་ན་དགེ་མཚན་ལོས་ཡོད། ་དེ་ལྟར་ཐུབ་མིན་དྲ་མཆན་པ་སོ་སོའི་ངོས་ནས་ཁ་ནང་དུ་ཕྱོགས་ཏེ་ཐུགས་བསམ་གཏོང་རོགས་ཞུ། གལ་སྲིད་སྤྱིར་ལ་ཕན་པའི་བྱ་བ་བསྒྲུབས་ཐུབ་པའི་སྤོབས་པ་དང་འཇོན་ཐང་མེད་ན་ཁ་དང་ལག་པ་གང་བྱུང་བེད་བསྐྱོད་མ་གཏོང་ན་ལེགས། མདོར་ན་གཞུང་གིས་ལངས་ཕྱོགས་ལ་མཐུན་འགྱུར་གནང་རོགས་ཞེས་རེ་བསྐུལ་དང་ལྷན་དུ་ ནམ་རིང་སྒྲུང་གི་མི་ཆོད་པ་ཡང་ཤེས་པ་གནང་རོགས། །
འགུལ་དཀྱོག་གང་ཡང་མ་བརྒྱབ་པར་ཁ་རོག་གེར་བསྡད་པ་ལས་ཧ་ཅང་བཟང་གི ཡིན་ནའང་སོ་སོ་དང་སོ་སོའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད། མང་ཚོགས་བཅས་ལ་སྣེ་འཁྲིད་དེ་ལས་འགུལ་མི་སྤེལ་བར། མི་རིགས་གཞན་པ་དང་རྒྱལ་ཁབ་གཞན་པ་སོགས་རྒྱལ་སྤྱིར་རེ་བ་དང་འབོད་སྐུལ་ཞུས་བསྡད་ན་ནམ་ཡང་ཡོང་ཐབས་ཡོད་པ་མ་རེད། བོད་དོན་བདེ་བདེ་འཇམ་འཇམ་བཟོས་ཏེ་ཁྱོད་ལག་ཏུ་འཇོག་གི་མ་རེད།
དེ་བས་ང་རང་གི་བསམ་པར་བཙན་བྱོལ་བོད་མི་ཡོད་དོ་ཅོག་སྡེབས་ལངས་བྱེད་དགོས་ཀྱི་འདུག ད་བར་བོད་ནང་ལ་ཚིག་གཅིག་ཀྱང་བཤད་ཡོད་པ་མ་རེད་དེ། རྒྱ་ནག་གིས་ཕྱི་གྱར་བོད་མི་ཁ་བྲལ་བ་ཚོས་ངན་སྐུལ་དང་ཀློག་ནས་བཀོད་ཇུས་བྱས་པ་རེད་ཅེས་གཞི་མེད་ཉེས་འདོགས་བྱེད་ཀྱི་ཡོད། ད་ནས་དངོས་གནས་བོད་ནང་ལའང་ཤི་ན་ཤི་ན་མཉམ་ཤི་དང་གསོན་ན་མཉམ་གསོན་གྱི་སྡེབ་ལངས་ཀྱི་བརྡ་ཁྱབ་བཏང་སྟེ་ཤི་ཐག་གསོན་ཐག་གཅོད་དགོས་ཀྱི་འདུག འདི་ངས་ད་ལྟའི་བོད་དོན་ཛ་དྲག་གི་གནས་སྟངས་ལ་གཞིགས་ཏེ་བསམ་ཚུལ་བཏོན་པའི་ལས་འགུལ་གྱི་འཆར་གཞི་ཡིན།
དྲ་གྲོགས་ཚོས་ཀྱང་། ད་ནི་ག་རེ་བྱེད་དགོས་པ་དང་། ཅི་ཞིག་གནང་དགོས་པ། ཇི་ལྟར་གནང་དགོས་པ་སོགས་ལ་སྐད་ཆ་རེ་སྤུངས་རོགས།