མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་གི་དམག་དོན་སྔོན་ཐོན་ཇི་ལྟར་ཆགས་པ་རེད།

བོད་ཀྱི་དུས་བབ།
༢༠༡༢/༡༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་ལེད་རྫིན་ཏེར་ནེལི་ཡིས་བརྩམས། ལྷ་སྐྱབས་རྒྱལ་གྱིས་བསྒྱུར།

རྒྱལ་པོ་མཉམ་འབྲེལ་ཞབས་ཞུ་ལྟེ་གནས་(RoyalUnitedServicesinstitute)ཀྱི་ཨེ་ཤ་ཡའི་བདེ་སྲུང་ཚན་པའི་མགོ་གཙོ་ཨད་ལེད་རྫིན་ཏེར་ནེལི(AlexanderNeill)ལགས་ཀྱིས། ཨ་རིས་དམག་སྟོབས་ནུས་པ་དེ། ཨེ་ཤ་ཡའི་ཕྱོགས་སུ་བསྒྱུར་ཏེ་རྒྱ་ནག་དམག་གི་མདུན་བསྐྱོད་ལ་ཁ་གཏད་བྱས་ན། ད་གཟོད་ས་ཁུལ་བརྟན་བརླིང་ཡོང་ཐུབ་ཞེས་བརྗོད་ཡོད།

ཉེ་དུས་ཨ་རིའི་དམག་དོན་བསྟི་གནས་པན་ཏྲ་སྒོན་ (Pentagon) དུ་སྲིད་འཛིན་ཨོ་བྷ་མས། ཨ་རིའི་དམག་དོན་འགྲོ་སོང་བཅད་དེ་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཕྱོགས་སུ་དོ་སྣང་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་བསྐྱངས་བ་དེས་རྒྱ་ནག་ལ་ཁ་གསལ་གྱི་བརྡ་ལན་ཞིག་སྤྲད་ཡོད་པ་རེད། འོན་ཀྱང་། རྒྱལ་ཁབ་གཉིས་ཀྱིས་ནམ་རྒྱུན་བཤད་བཞིན་པའི་ཕྱོགས་གཉིས་ཀྱི་ཞི་བདེ་འདོད་ཚུལ་དེར། རྒྱ་ནག་གི་མགོ་ཁྲིད་ཚོས་མི་དམངས་བཅིངས་འགྲོལ་དམག་གི་ཁ་གཏད་ཨ་རིར་མིན་པའི་འབད་བརྩོན་དང་ཡིད་ཆེས་བསྐྱར་གསོ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཁོང་ཚོའི་དམག་དོན་གྲོས་མཐུན་ནང་བཞག་ན། དེ་མིན་གྱི་གནས་སྟངས་དང་འབྲེལ་ལམ་ཡག་པོ་ཡོང་རྒྱུ་ཡིན་པ་ཨ་རྒྱ་གཉིས་ཀྱིས་ཁས་ལེན་བྱ་དགོེས་ཟེར།

དེར་བརྟེན། རྒྱ་ནག་བཅིངས་འགྲོལ་དམག་གི་སྔོན་ཐོན་ནུས་པར་བསྐྱར་གསོའི་ཞིབ་འཇུག་ནན་མོ་བྱས་ཏེ། ཞི་བདེ་རྒྱ་མཚོའི་ནང་དུ་ཡོད་པའི་ཨ་རིའི་མངའ་ཁོངས་ཀྱི་རྒྱབ་འགལ་དུ་མི་འགྲོ་བར་བྱས་ཏེ་དམག་སྦྱོང་བརྗེ་ལེན་བྱ་དགོས། ཉེ་དུས་ཀྱི་ལོ་ཤས་ནང་མི་དམངས་བཅིངས་འགྲོལ་དམག་གིས། དེང་རབས་ཅན་གྱི་དམིགས་བསལ་ནུས་སྟོབས་གསར་པ་གནམ་མཚོ་གཉིས་སུ་གསལ་སྟོན་བྱ་དགོས་པའི་དམིགས་ཡུལ་ནི། ཁོང་ཚོས་དེང་རབས་ཅན་ལ་འབད་བརྩོན་བྱས་ཏེ་གྲུབ་འབྲས་མི་དམན་པ་ཞིག་བྱུང་བར་གསལ་བཤད་བྱས།

དེ་བས་རྣོ་ངར་ཅན་ཀྱི་ཉེན་བརྡ་གསལ་བོ་དེ་ཐད་ཀར་ཐའེ་ཝན་ཕྱོགས་སུ་སྤྲད་པ་དང་། གལ་སྲིད་ཐའེ་ཝན་གྱི་ཕྱོགས་ནས་འགྲོ་ལུགས་ལྟར་རང་བཙན་བསྐྱར་དུ་གསལ་བསྒྲགས་བྱས་ན། དེ་ལ་ཁ་གསལ་གྱི་བརྡ་ལན་སློག་རྒྱུ་ཡིན་པའི་ཉེན་བརྡ་བཏང་བས། པན་ཏྲ་སྒོན་གྱི་དམག་དོན་ཇུས་འགོད་པ་ཚོས་སེམས་ཁྲལ་བྱ་ཡུལ་ནི། རྒྱ་ནག་གིས་ཐའེ་ཝན་ཀྱི་ས་ཁོངས་རང་གི་རྒྱ་མཚོའི་ཉེ་འདེབས་ཀྱི་ས་ཁོངས་སུ་ངོས་འཛིན་བྱས་པའི་དོན་རྐྱེན་དང་སྦྲགས། རྒྱལ་སྤྱིའི་ས་ཁོངས་ཀྱི་བར་སྟོང་ཆེ་རུ་གཏོང་དགོས་པའི་རེ་འདུན་འབོད་སྐུལ་བརྒྱུད། རྒྱ་ནག་འཕེལ་རྒྱས་ཀྱི་ཚོང་ཟོག་མཁོ་སྤྲོད་བཞུད་ལམ་སྲུང་སྐྱོབ་བྱ་དགོས་ཀྱི་ཡོད་པ་རེད།

 བཀག་འདོམས་མེད་པའི་དམག་འཁྲུག

རྒྱ་ནག་གིས་བར་སྣང་དང་གློག་འཕྲིན་སྒྲོམ་གཞིའི་ཆེ་ཆུང་འདྲ་མིན་གྱི་ནུས་སྟོབས་ཡར་རྒྱས་བཏང་སྟེ། ཟུར་དུ་ཞི་བདེ་རྒྱ་མཚོའི་ཐོག་གཏན་སྡོད་དུ་བྱས་པའི་ཨ་རིའི་དམག་གི་སྟོབས་ཤུགས་ཕམ་ཉེས་གཏོང་རྒྱུ་དང་། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་འཐབ་རྩོད་དེར་བརྡ་འཕྲིན་གནས་སྟངས་འོག་གི་ས་ཁུལ་དམག་འཁྲུག་ཅེས་འབོད་ཀྱིན་ཡོད། 

རྒྱ་ནག་གིས་ཐེངས་དང་པོར་ཐན་ཁོང་ (Tiangong) འཕྲུལ་ཆས་བར་སྣང་འབབ་ཚུགས་ཕྱོགས་སུ་བཏང་བ་དང་། ཕལ་ཆེར་ལོ་བཅུ་ཕྲག་གཉིས་སྔོན་དུ་རྒྱ་ནག་གིས་ངོས་འཛིན་ལ་མི་དམངས་བཅིངས་འགྲོལ་དམག་གིས། ཨ་རིའི་དམག་མི་དཀྱུས་མ་ཚོར་འགྲན་བསྡུར་བྱེད་ཐབས་མེད་པར་བརྟེན། རྒྱ་ནག་གིས་བཀག་འདོམས་མེད་པའི་དམག་འཁྲུག་ཅེས་མིང་བཏགས་ནས་ཐབས་ལམ་སྣ་ཚོགས་གཅིག་བསྡུས་ཀྱིས་སྟོབས་ཆེན་དགྲ་ཟླ་མེད་པར་བཟོ་རྒྱུའི་ལས་མགོ་རྩོམ་བཞིན་ཡོད།

སྐབས་དེ་དང་བསྟུན་ནས་དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོས་ཚད་མཐོའི་བཟོ་རིག་ལག་རྩལ་གྱི་ཁྱབ་ཁོངས་ནང་མི་སེར་གྱི་དགོས་མཁོ་དང་བསྟུན་ཏེ། ལས་འཆར་མཐོར་འདེགས་མགོ་འཛུགས་བྱེད་བཅུག་ཏེ་རྒྱ་མི་རིགས་ཀྱི་འགྲན་རྩོད་དང་རྒྱལ་ཁོངས་ཀྱི་ཐོན་དངོས་ནུས་པ་གོང་འཕེལ་བཏང་བ་རེད། མི་དམངས་བཅིངས་འགྲོལ་དམག་གིས་དམག་གི་ལས་གཞི་གཉེར་བ་དེས་མི་དམངས་ཀྱི་དགོས་མཁོའི་གསར་གཏོད་མཚོན་པར་བྱེད་པ་དང་། མཚམས་རེར་དམག་དང་མི་སེར་ཟུང་འབྲེལ་གྱི་བཟོ་ལས་ལག་རྩལ་ཚུད་པའི་འགོག་རྐྱེན་དེ་རྒྱུན་དུ་དབྱེ་འབྱེད་བྱེད་ཐུབ་པ་དང་། རྒྱ་ནག་གི་བར་སྣང་ལས་གཞི་ནི་དངོས་ཡོད་ཀྱི་གནད་དོན་ཅིག་རེད་ལ། ཉེ་ཆར་ལེགས་གྲུབ་བྱུང་བའི་ཧྲིན་ཀྲིག་དང་ཐེན་ཀུང་བར་སྣང་ས་ཚིགས་གཉིས་ལེགས་གྲུབ་བྱུང་བ་དེ་བཅིངས་འགྲོལ་དམག་གི་རྒྱལ་ཁ་ཞིག་ཡིན་པ་མ་ཟད། དེ་ནི་རྒྱ་ནག་མི་དམངས་ཀྱི་བར་སྣང་ལས་ཁུངས་ཀྱི་གཟི་བརྗིད་དང་རྒྱལ་ཁ་ཞིག་ཀྱང་ཡིན་པ་རེད།

བར་སྣང་གི་སྟེགས་བུ།

མཚོ་འགག་འཁྲུག་རྩོད་བྱུང་བ་དང་ཡང་ན་རྒྱ་ནག་གི་ཡིན་ཞེས་རྗོད་བཞིན་པའི་རྒྱ་མཚོའི་ཉེ་འདེབས་དེར། ཨ་རིས་ངེས་པར་དུ་ཐེ་གཏོགས་བྱས་ན། རྒྱ་ནག་གིས་མཚོ་ཐོག་བཀག་འགོག་གི་ཐབས་ཇུས་དང་མཉམ་དུ་དམག་གིས་འཇབ་རྒོལ་ལས་འགུལ་སྤེལ་ཏེ་འགོག་སྲུང་བྱ་སྲིད་པས། དེས་རྒྱ་ནག་གི་ཉེ་འཁྲིས་དང་རྒྱལ་ཁོངས་རྒྱ་མཚོའི་ཉེ་འདེབས་སུ་ཡོད་པའི་ཨ་རིའི་དམག་འཁྲུག་གྲུ་གཟིངས་ལས་འགུལ་ལ་བཀག་འགོག་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གི་མཚོ་འོག་གྲུ་གཟིངས་ཀྱི་སྒྱོགས་མདེལ་དང་གློག་ཀླད་སྟེང་བཀོད་འདོམས་ཐུབ་པའི་རྡུལ་ཕྲན་བཅས་ནི་དུག་རྫས་མཚོན་ཆའི་དཔུང་ཤུགས་ཡིན་ལ། ད་དུང་རྒྱ་ནག་ལ་རྒྱང་ཐག་རིང་པོར་འཕེན་ནུས་པའི་མེ་ཤུགས་འཕུར་མདའི་མ་ལག་ཉམས་མྱོང་ཆེན་པོ་ཡོད་པ་ཞིག་དང་། དེའི་ཐབས་ཇུས་ལྡན་པའི་མེ་ཤུགས་འཕུར་མདའི་ནུས་པ་དང་དམིགས་བསལ་མེ་སྒྱོགས་དཔུང་སྡེ་བཅས་ཡོད་པ་དག་བཅིངས་འགྲོལ་དམག་མིའི་སྤོབས་པ་དང་ང་རྒྱལ་ཞིག་ཆགས་ཡོད།

སེམས་ཁུར་བྱ་དགོས་པ་ནི་ཨ་རིའི་མཚོ་དམག་ལ་འཇིགས་བསྐུལ་ཏེ་མེ་ཤུགས་འཕུར་མདའ་ལྡན་པའི་གྲུ་གཟིངས་དང་། དེའི་མཉམ་དུ་བར་སྣང་ནས་དམིགས་འབེན་ལ་མཐུན་རྐྱེན་སྤྲོད་ཐུབ་པའི་ནུས་པ་ཡར་རྒྱས་ཕྱིན་པ་དེ་རེད། ཉེ་ཆར་རྒྱ་ནག་རང་ཉིད་ཀྱི་གསར་སྐྲུན་བྱས་པའི་ཕེད་དོའོ ་(beidou GPS) ས་བབ་གནས་སྟངས་མ་ལག་འཕྲུལ་ཆས་ཀྱིས། ཨ་རི་ཁོ་ན་བདག་པོའི་འཛམ་གླིང་ས་བབ་གནས་སྟངས་མ་ལག་(GPS) ལ་ཁ་གཏད་གཅོག་བཞིན་ཡོད།

བཅིངས་འགྲོལ་དམག་གི་ཚོར་ཤུགས་ལྡན་པའི་ཡར་རྒྱས་ནི་གསང་བའི་དམག་དཔུང་རྒྱ་སྐྱེད་དང་། མིའི་བཟོས་འཕྲུལ་སྐར་འགོག་ཆས་དང་མེ་སྒྱོགས་འཕུར་མདའ་འགོག་ཆས་མ་ལག་སྔོན་ཐོན་ཚོད་ལྟ་བྱེད་ཀྱི་ཡོད། ལོ་གཉིས་སྔོན་ལ་རྒྱ་ནག་གིས་ཪང་ཉིད་ཀྱི་མེ་སྒྱོགས་འཕུར་མདའ་བཏང་བར་ལེགས་གྲུབ་བྱུང་བ་དེ་བར་སྣང་བརྒྱུད་འོད་འཁྱུག་པར་བྱས་ཡོད་ཅིང་།ཚོད་ལྟ་དེ་ནི་པན་ཏྲ་སྒོན (Pantagon)གྱིས་ཐེའེ་ཝན་ལ་བཙོང་པའི་མེ་སྒྱོགས་འཕུར་མདའ་སྲུང་སྐྱོབ་རྒྱལ་གཅེས་མ་ལག་དང་དུས་མཉམ་བྱུང་ཡོད་དེ། ཆེད་ལས་མཁས་པ་ཁ་ཤས་ཀྱིས་རྒྱ་ནག་གི་མིས་བཟོས་འཕྲུལ་སྐར་འགོག་ཆས་ཀྱི་གདོང་ལེན་ཁ་གཏད་དེ། ཨ་རིས་གཟབ་གཟབ་ཀྱིས་བདམས་པའི་མི་བཟོས་འཕྲུལ་སྐར་གྱི་འབྲས་བུ་ཨ་རིའི་ཐོག་ཏུ་ཡོང་ངེས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད།

 རྒྱ་ནག་གིས་ནུས་པ་འདི་ཟུང་དུ་སྦྲེལ་ཏེ་རང་ཉིད་སྲུང་སྐྱོབ་ཀྱི་མེ་སྒྱོགས་འཕུར་མདའ་ཡར་རྒྱས་གཏོང་ཐུབ་པའི་ནུས་པ་ལྡན་པ་དང་། དེའི་རྐྱེན་གྱིས་བར་སྣང་དུ་སྟེགས་བུ་གསར་བ་ཞིག་ཨ་རྒྱ་གཉིས་ཀྱིས་འགྲན་རྩོད་བྱ་རྒྱུ་རེད། རྒྱ་ནག་གི་མིའི་བཟོས་འཕྲུལ་སྐར་འགོག་ཆས་ (ASAT)ནུས་པ་ཚང་མ་ཟུར་འཇོག་གསོད་བྱེད་ཀྱི་འཕྲུལ་འཁོར་ཆེད་ཁོ་ན་མ་ཡིན་པར། དཔེར་ན་ ༢༠༠༧ ལོར་རྒྱ་ནག་གིས་བར་སྣང་ལ་ཡོད་པའི་རྙིང་ཆགས་ཅན་གྱི་གནམ་གཤིས་འཕྲུལ་སྐར་རྩ་གཏོར་བཏང་བ་རེད།

༢༠༠༧ ལོར་ལེགས་གྲུབ་བྱུང་བ་དེར་ཡིད་ཆེས་བདེན་འཛིན་བྱས་ན་དེ་ནི་ཚོད་བལྟ་ཐེངས་གསུམ་པ་ཡིན་ལ། སྔོན་མའི་ཚོད་ལྟའི་དམག་སྦྱོང་ནུས་པའི་ཚད་ཐིག་ཏག་ཏག་ནང་མིས་བཟོས་འཕྲུལ་སྐར་ལ་ཁ་གཏད་ཡོད་པར་གསལ་བཤད་བྱས་ཡོད། བསམ་ཚུལ་ལྟར་ན་རྒྱ་ནག་གིས་ཚོད་ལྟའི་བཟོ་རྩལ་བེད་སྤྱད་དེ་བར་སྣང་སྔོག་འདོན་བྱས་པ་དང་། དེ་རུ་མིའི་བཟོས་འཕྲུལ་སྐར་ཆུང་ཆུང་སྣ་ཚོགས་དཔུང་གཤིབ་འཚང་ཁའི་ཁྲོད་ཀྱི་བཟོ་རྩལ་འཕྲུལ་རིགས་འཕྲུལ་སྐར་རམ་མེ་ཤུགས་འཕུར་མདའ་ཡོད་ཚད་རང་ཉིད་ལ་ཁ་གཏད་ཀྱི་གཟའ་སྐར་རྒྱུ་ལམ་གྱི་ནང་ཚུད་དུ་གནས་ཐུབ་བྱས་ཡོད།

དམག་སྐྱེལ་གྲུ་གཟིངས་ཀྱི་སྡེ་ཁག

མཚོ་ཐོག་བཀག་འགོག་དང་བར་སྣང་དམག་འཁྲུག་གི་འཐབ་ཇུས་གཉིས་འཛོམས་ཐོག་རྒྱ་ནག་གིས་རང་གི་དམག་མི་དཀྱུས་མའི་ནུས་སྟོབས་ཀྱང་རྒྱ་སྐྱེད་གོང་འཕེལ་གཏོང་གི་ཡོད། ཉེ་བའི་ལོ་ཤས་ནང་བཅིངས་འགྲོལ་དམག་གི་གནམ་དམག་གིས་མཚོ་འགྲམ་དང་ཉེ་བར་འགུལ་སྐྱོད་བྱ་ཐུབ་པའི་ནུས་པ་རྒྱ་སྐྱེད་བྱས་པ་མ་ཟད། ཁྲིམས་འགལ་འཇབ་རྒོལ་ནུས་པ་ཡང་གོང་འཕེལ་བཏང་ཡོད་པས། རྒྱ་ནག་གཞུང་གིས་དམག་གྲུ་རྙིང་པ་ཡོད་ཚད་བསྐྱར་བཅོས་བྱ་རྒྱུ་ཡིན་པའི་འཆར་གཞི་འདིང་གི་ཡོད་པ་དང་མཉམ་དུ། མཁའ་སྲུང་གནམ་གྲུ་གསར་བ་ ༣༠༠༠ སྒང་ལ་འགྲེམས་འཇོག་རྒྱ་སྐྱེད་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གིས་ཕྱོགས་ཡོངས་ནས་ཨུ་རུ་སུའི་དམག་འཁྲུག་གནམ་གྲུའི་ལག་རྩལ་ལ་ལད་ཟློས་བྱས་ཡོད་ལ། གང་ལྟར་ན་ནིང་ཨ་རིའི་སྲུང་སྐྱོབ་དྲུང་ཆེས་རྒྱ་ནག་ཏུ་གཟིགས་སྐོར་ལ་ཕེབས་པ་དང་སྟབས་བསྟུན་ཏེ། རྒྱ་ནག་གིས་གསང་ཐབས་དམག་འཁྲུག་གནམ་གྲུ་གསར་པ་ཁྲིན་ཏོ (Chengdu)J-20) གསར་ཐོན་བྱུང་ནས་ཧོན་ཐོར་བ་བཟོས་པ་རེད། 

ལོ་འགའི་གོང་རྒྱ་ནག་གི་མཚོ་འོག་གྲུ་གཟིངས་ཀྱི་སྟ་གོན་ཧ་ཅང་གི་ཡར་རྒྱས་དང་རྒྱ་སྐྱེད་སོང་ཡོད་ལ། རྒྱ་ནག་ལ་ཨུ་རུ་སུའི་རྟགས་ ༡༠ ཅན་གྱི་བཟོ་བསྐྲུན་བྱས་པའི་སྒྲ་མེད་རིང་ཚད་དབྱེ་བའི་མཚོ་འོག་གྲུ་གཟིངས་རྒྱང་ཐག་སྤྱི་ལེ་༢༠༠ ལ་འགྲོ་ནུས་པའི་གྲུ་གཟིངས་འགོག་བྱེད་ཀྱི་མེ་ཤུགས་འཕུར་མདའ་ནུས་པ་ཡོད་པས། ༢༠༠༦ནས་རྒྱ་ནག་གི་མཚོ་འོག་གྲུ་གཟིངས་ཀྱི་ཆུ་འོག་འབར་གས་ཀྱིས། ཨ་རིའི་གནམ་གྲུ་སྐྱེལ་འདྲེན་གྲུ་གཟིངས་ཡོ་ཨདསི་ཨདསི་ཀེ་ཏྲེ་ཧོབ་ཀི (USS Kitty Hawk )ཤེས་རྟོགས་མ་བྱུང་བར་བརྟེན། རྒྱ་ནག་གི་མཚོ་འོག་གྲུ་གཟིངས་ཀྱི་དཔུང་སྡེས་དུས་རྒྱུན་ཞི་བདེ་རྒྱ་མཚོའི་ནང་ཨ་རི་དང་ཁོང་གི་ཕྱོགས་གཏོགས་རྒྱལ་ཁབ་ཚོའི་མཚོ་དམག་གང་དུ་ཡོད་མེད་འཚོལ་ཞིབ་བྱེད་ཀྱི་ཡོད།

རྒྱ་ནག་གིས་འཆར་གཞི་བཏང་སྟེ་གནམ་དམག་སྐྱེལ་འདྲེན་གྲུ་གཟིངས་གསུམ་གསར་བསྐྲུན་དང་ལྷན། གཡུལ་སའི་དཔུང་ཁག་རེར་དམག་འཐབ་གནམ་གྲུ་༤༠། དམག་གྲུ་༨ ཡན་ཆན་ལ་ད་དུང་རྡུལ་ཕྲན་མཚོན་ཆས་འཇབ་རྒོལ་གྱི་མཚོ་འོག་གྲུ་གཟིངས་ ༣ དང་རམ་འདེགས་གྲུ་གཟིངས་གང་མང་དགོས་བའི་ལས་འཆར་གྱི་བསམ་བློ་ཡོད་པ་དང་།  བཅིངས་འགྲོལ་དམག་གི་གནམ་དམག་གིས་བེར་ཡའ་གུ་(varyag) དམག་སྐྱེལ་གྲུ་གཟིངས་ལྷུ་སྒྲིག་བྱས་ཏེ། ཉེ་དུས་མཚོ་འོག་ཏུ་ཚོད་བལྟ་བྱས་པ་དང་མི་འགྱངས་བར་སྦྱོང་བརྡར་གྱི་སྟེགས་བུ་བྱ་རྒྱུ་རེད།

གལ་སྲིད་རྒྱ་ནག་གིས་དམག་སྐྱེལ་གྲུ་གཟིངས་ལེགས་གྲུབ་བྱུང་བ་དེར་དགའ་སྣང་སྐྱེས་དགོས་པའི་སྙན་གྲགས་ཞིག་དང་ལྷག་པར་རྒྱ་ནག་རྒྱལ་ཁོངས་ཀྱི་ང་རྒྱལ་དང་སྤོབས་པ་ལ་ཐད་ཀར་ཐུག་ཡོད་པ་དེ། རྒྱ་ནག་གི་དམག་སྐྱེལ་གྲུ་གཟིངས་ཀྱི་དམིགས་འབེན་ནི། བཏང་སྙོམས་སུ་གནས་པའི་ཤར་ཨེ་ཤེ་ཡའི་མཚོ་དམག་ལ་དོན་རྐྱེན་ཞིག་ངེས་པར་བཟོ་རྒྱུ་ཡིན་པ་དེ་རེད།

ངེས་མེད་ཀྱི་རྒྱུ་རྐྱེན།

 ཨ་རིའི་ (911)དོན་རྐྱེན་དང་། དེའི་འཕྲོར་དཀྱིལ་ཤར་ཨེ་ཤེ་ཡ་དང་ཨ་ཧྥི་གྷན་ནི་སི་ཐན་གྱི་རྙོག་འཛིང་དང་ལས་འགུལ་བྱུང་བ་བཅས་ཀྱིས་རྒྱ་ནག་གི་ཡར་རྒྱས་ལ་སྐུལ་འདེད་ཀྱི་གོ་སྐབས་ཤིག་བསྐྲུན་ཡོད་ཅིང་། འདས་པའི་མི་ལོ་བཅུའི་ནང་རྒྱ་ནག་གི་དམག་དོན་ཕྱོཊ་ཡོངས་ནས་དེང་རབས་ཅན་དུ་ཕྱིན་ཡོད་སྟབས། ཚང་མས་དོ་སྣང་བྱ་དགོས་པ་ཞིག་ཆགས་ཡོད། གནས་སྟངས་ཁ་ཤས་ཤིག་རྒྱ་ནག་མི་མང་བཅིངས་འགྲོལ་དམག་ལ་ཁ་གསལ་དོན་དངོས་ཐོག་ལམ་འགྲོ་རྒྱུག་པ་དེ། ལོ་བཅུ་ཕྲག་གཅིག་སྔོན་དུ་ཨ་ཧྥི་གྷན་ནི་སི་ཐན་གྱི་དམག་འཁྲུག་མགོ་སྟོད་དུ། རྒྱ་ནག་ལ་ཆགས་སྐྱོན་མེད་པའི་དྲོ་མ་ཧབོཁུ་(Tomahawk )མེ་སྒྱོགས་འཕུར་མདའི་མ་ལག་ཚང་མ་ཞིག་རག་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད།

ཨ་རིའི་དམིགས་བསལ་དམག་དཔུང་གིས་ཇེརོབ་ནེ་མོ་ (Geronimo) འཇབ་རྒོལ་ལས་འགུལ་སྐབས་ཀྱི་ཁོང་ཚོའི་ཐད་འཕུར་གནམ་གྲུ་ཞིག་གི་གསང་བ་མེད་པར་མ་བཟོས་པར་དེར། པ་ཀི་སི་ཐན་དམག་མིས་རྒྱ་ནག་བཅིངས་འགྲོལ་དམག་ཡོང་དུ་བཅུག་སྟེ། དེའི་ཆག་གྲུམ་ཤོར་བའི་ཆ་ཤས་ལ་བརྟག་དཔྱད་ཞིབ་འཇུག་བྱས་སུ་བཅུག་ཡོད་སྟབས། རྒྱ་ནག་བཅིངས་འགྲོལ་དམག་གི་གོ་མཚོན་ཡག་ཤོས་ཡར་རྒྱས་བཏང་ཡོད་པ་དེར་དགའ་བསུ་ཞུས་པ་དང་སྦྲགས་རང་ཉིད་ཀྱི་འདོད་མོས་ལྟར་ཐའེ་ཝན་མཚོ་འགག་གི་ཞི་འཇགས་ཕྱོགས་སུ་བསྐྱོད་པ་རེད།

རྒྱ་ནག་གིས་གསར་བསྐྲུན་གྱི་སྟོབས་ཤུགས་དང་དེང་རབས་དམག་འཐབ་ཐད་ཀྱི་དོན་དངོས་ལྐོག་གྱུར་གྱིས་ཨ་རིར་རྒྱ་ནག་ལ་སྔར་ལས་ཡིད་ཆེས་མེད་པར་བཟོས་པ་རེད། གཅིག་བྱས་ན་འདི་ལ་ངེས་མེད་ཀྱི་རྒྱུ་རྐྱེན་གསུམ་ཡོད་དེ། དང་པོ། རྒྱ་ནག་ལ་དེང་རབས་མཚོན་ཆ་ཡོད་པའི་གདེང་ཚོད་དེས་རང་ཉིད་ཀྱི་སྟོབས་ཤུགས་ཚོད་དཔག་ལས་བརྒལ་ཡོད་པའི་རྒྱུ་མཚན་གྱིས་རྒྱ་ནག་དེང་དུས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་བཞིན་པ་དེ་ཡིན།

གཉིས་པ།རྒྱ་ནག་གི་མགོ་ཁྲིད་ཀྱིས་རང་ཉིད་ཀྱི་སྟོབས་ཤུགས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་དགྲ་ཟླ་དང་མཉམ་དུ་དམག་འཁྲུག་ཆེན་པོ་ཤོར་ནའང་དེར་དབང་སྒྱུར་བྱ་ཐུབ་པའི་སྔོན་རྩིས་རྒྱག་གི་ཡོད། གསུམ་པ།རྒྱ་ནག་ནང་ཁུལ་གྱི་ཆབ་སྲིད་ཀྱི་གནད་དོན་ནི་བཅིངས་འགྲོལ་དམག་གི་ཕྱིའི་རྣམ་པ་རྒྱལ་ནང་མི་རིགས་ཀྱི་འདུ་ཤེས་དང་བརྟན་བརླིང་མེད་པ། ཡང་ན་ཤོག་ཁག་འཁྲུག་རྩོད་ཀྱི་རྣམ་པ་ཅན་དུ་འགྱུར་སྲིད་པས་པེ་ཅིན་གྱིས་ལོ་འདིའི་ནང་རྒྱ་ནག་གཞུང་འཛིན་སྐབས་ལྔ་པའི་མགོ་ཁྲིད་ལ་སྲིད་དབང་རྩིས་སྤྲོད་བྱེད་པར་གྲ་སྒྲིག་བྱེད་ཀྱི་ཡོད།

མ་རྩོམ་བྷེ་བྷེ་སི་དབྱིན་ཡིག་དྲ་བ་ལས་བསྡུས། http://www.bbc.co.uk/news/world-asia-16588557

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦
A medical worker chooses medicinal materials at the provincial hospital of Tibetan medicine in Xining, northwest China's Qinghai Province, Feb. 26, 2020. (Xinhua/Zhang Long)
Mobile App

རྒྱ་དཀར་ནག་གཉིས་ལ་བོད་ཀྱི་གསོ་རིག་གི་བདག་དབང་མེད།

༢༠༢༣/༠༥/༢༦
རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས། འགྲེལ་ཡོད་ཀྱིས་འདི་གར་བོད་ནས་མཁོ་སྤྲོད་བྱས།
Mobile App

ཆབ་སྲིད་བཙོན་ཟུར་གཅེན་གཅུང་གཉིས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག  

༢༠༢༣/༠༥/༢༦
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥

མཆན། 4

  1. ཀླུ་མཁར་བྱམས། says:
    ལོ་ 10 སྔོན།

    ང་ཚོས་ཅིག་འཇོན་མིན་གནས་ཚུལ་ཁ་ཁ་རེད། དུས་རབས་འདི་ལ་མཚོན་ནའང་ཁ་གྲགས་མཁན་ནི་མཁའ་མཚོ་སྐམ་གསུམ་ཀྱི་དམག་གི་སྟོབས་ཤུགས་ཁོ་ན་རེད། དེ་བས་རྩོམ་དང་འགྱུར་ཉིས་ཀ་ཧ་ཅང་ཡག་པོ་འདུག ཆབས་ཅིག་རྒྱ་དམག་གི་ཞན་ཆའི་སྐོར་གྱི་རྩོམ་འདྲ་མཐོང་ན་བསྒྱུར་རོགས། ལག་རྩལ་རང་བཞིན་གྱི་རྩོམ་བོད་ངོར་བསྒྱུར་རྒྱུ་དེ་བས་གལ་ཆེན་པོ་འདུག་་་་་་་་

    Reply
  2. མི་རྒོད། says:
    ལོ་ 10 སྔོན།

    ལྷ་སྐྱབས་ཀྱིས་རྒྱ་ནག་ལ་བསྟོད་པ་ཐུགས་རྗེ་ཆེ། ཡིན་ནའང་འདི་ང་ལ་དགོས་པའི་རྩོམ་དེ་མ་རེད། བོད་ཀྱི་དེང་སྐབས་ན་གཞོན་མཁས་པ་ཆོས་སྐོར་ལ་ཆེད་རྩོམ་སྤེལ་ཐུབ་ན་ཧ་ཅང་བཟང་དེ་མ་གཏོགས་དེ་མིན་རྩོམ་མང་སྤེལ་ན་བོད་པས་སྤྱི་ཚོགས་དང་འབྲེལ་བ་མེད་པས་འདི་མ་ཡོང་ན་བཟང་ངོ་།།།།
    དུས་བབ་ལགས་དགོངས་བཞེས་མཛོད།
    བོད་ཀྱི་དཔའ་མཛངས་བདེན་དོན་རྒྱལ་གྱུར་ཅིག།།

    Reply
  3. རྨེའུ་དཀོན་རྒྱམ། says:
    ལོ་ 10 སྔོན།

    ཐུགས་རྗེ་ཆེ།
    བསྒྱུར་རྩོམ་འདིའི་རིགས་ཀྱིས་རྒྱ་ནག་གི་རིག་གནས་དང་རྒྱ་གཞུང་གི་སྲིད་བྱུས་འཛིན་སྟངས་ཤེས་པར་ཕན་ཐོགས་པས་ན། མུ་མཐུད་ནས་བསྒྱུར་རོགས་ཞུ།
    ལྷག་པར་དུ། བོད་རྒྱའི་འཐབ་རྩོད་བྱེད་སྟངས་ལ་བསམ་བློ་གཏོང་ཕྱོགས་ལ་རྨང་གཞི་བཟང་བོ་འདུག

    Reply
  4. བསོད་ནམས་ཚེ་རིང་། says:
    ལོ་ 10 སྔོན།

    རྩོམ་ཡིག་འདི་མགོ་ནས་མཇུག་བར་ཞིབ་ཚགས་ཀྱིས་ཐེངས་གཅིག་ཀློག་པ་ཡིན། རྩོམ་པ་པོས་ཧ་ཅང་གནད་དུ་འབབས་པ་ཞིག་བྲིས་འདུག་པ་མ་ཟད། སྒྱར་པ་པོས་ཀྱང་ཚད་དང་ལྡན་པ་ཞིག་བསྒྱུར་འདུག་ལ། བོད་ཡིག་ཐོག་འཇོག་སྟངས་ཀྱི་སྡེབ་སྦྱོར་ཧ་ཅང་ཡག་པོ་དང་ཁ་གསལ་བོ་འདུག ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist