མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀླུ་ཆུ་རུ་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༡༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

སུད་སིར་གནས་བཞུགས་བསོད་ནམས་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལ། དེ་རིང་དེ་རིང་དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༤ ཡས་མས་ལ། མདོ་སྨད་ཀླུ་ཚུ་རྫོང་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན། ཆོས་འཁོར་སྡེ་བའི་རང་ལོ་ ༢༣ ཡིན་པའི་རྒྱལ་གཅེས་དཔའ་བོ་པདྨ་རྡོ་རྗེ་ལགས་ཀྱིས། མདོ་སྨད་ཀླུ་ཆུའི་ཤིས་ཚང་དགོན་པའི་འདུ་ཁང་མདུན་ཐང་དུ། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། བོད་ཀྱི་ས་ཆ་བོད་མིས་བདག་པོ་རྒྱག་དགོས་སོགས་ཀྱི་སྐད་འབོད་རྒྱག་བཞིན་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག

དེའི་རྗེས་ཕ་ཡུལ་ཀླུ་ཆུ་བ་ཁག་ཅིག་གིས་ཞིབ་ཕྲའི་གནས་ཚུལ་བཏང་འབྱོར་ལ། ཕྱི་ཚེས་ ༨ ཉིན་པདྨ་རྡོ་རྗེ་ལགས་ཁོང་གི་སྐྱེས་ཡུལ་ཆོས་འཁོར་སྡེ་བ་ནས་སྤྱི་ལེ་ ༣༠ ལྷག་གི་སར་ཡོད་པའི་ཤིས་ཚང་དགོན་པར་ཡོང་སྟེ། དགོན་པའི་མདུན་ཐད་ཀྱི་རྩྭ་རའི་ནང་ནས་མེར་བསྲེགས་གྲ་སྒྲིག་གིས་ཁོ་རང་ངོ་རྟགས་ཆོད་སླད། ཁོང་གི་འདྲ་པར་ཞིག་དང་ཐོབ་ཐང་ལག་འཁྱེར་གཉིས་འཕྲུལ་རྟའི་སྟེང་དུ་བཞག་ཡོད་འདུག

དེ་ནས་འདུ་ཁང་གི་མདུན་ཐང་དུ་ཡོང་སྟེ་སྐད་ཤུགས་ཆེན་པོས་ “ལྷ་རྒྱལ་ལོ། ༧རྒྱལ་དབང་ཐམས་ཅད་མཁྱེན་པ་བོད་ནང་མྱུར་དུ་ཕེབས་དགོས” ཞེས་སྐད་འབོད་བྱས་ཏེ་རང་ལུས་མེར་བསྲེགས་བཏང་འདུག

སྐབས་དེར་ཤིས་ཚང་དགོན་པའི་འདུ་ཁང་དུ་གྲྭ་མང་ཚོགས་འཚོགས་བཞིན་པའི་སྐབས་སུ་འཁེལ་ཡོད་ཅིང་། ཚོགས་གྲོལ་དུས་ཁོང་ཐང་ལ་འགྱེལ་ཡོད་ཀྱང་། ད་དུང་ལུས་སྟེང་དུ་མེ་དམར་ལམ་ལམ་འབར་བཞིན་ཡོད་འདུག དེ་མ་ཐག་གྲྭ་མང་གིས་སྨོན་ལམ་གསུངས་ཏེ། ཁོང་གི་སྐུ་ཕུང་སྐྱེས་ཡུལ་ཆོས་འཁོར་སྡེ་བར་གདན་དྲངས་ཡོད་འདུག གནས་ཚུལ་དེ་བྱུང་རྗེས་ས་གནས་དེར་རྒྱ་གཞུང་གིས་དམ་དྲག་ཆེན་པོ་བྱེད་ཀྱིན་ཡོད་འདུག

རྒྱལ་གཅེས་དཔའ་བོ་པདྨ་རྡོ་རྗེ་ལགས་ཀྱི་ཕའི་མིང་ལ་ཨོ་རྒྱན་སྐྱབས་དང་། མའི་མིང་ལ་ཚེ་གཟུངས་མཚོ་ཟེར་གྱི་ཡོད་འདུག ཁོང་ཅག་གི་འཚོ་ཐབས་ཞིང་བ་ཡིན་འདུག

རྒྱལ་གཅེས་དཔའ་བོ་པདྨ་རྡོ་རྗེ་ལགས་ནི་མདོ་སྨད་ཀླུ་ཆུའི་ཤིས་ཚང་དུ་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་གནང་མཁན་གཉིས་པ་དེ་ཆགས་ཡོད་ཅིང་། དང་པོ་དེ་ཟླ་སྔོན་མའི་ཕྱི་ཚེས་ ༢༢ ཉིན་གྱི་མཚན་མོར་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་རྟ་མགྲིན་སྐྱབས་ཆགས་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༤ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 9

  1. དགེ་བོ་བཀྲ་ཁོ says:
    ལོ་ 14 སྔོན།

    ཡང་བསྐྱར་དྲ་གྲོགས་རྣམ་པར་ཞུ་རྒྱུ་ཞིག་ལ་གཡུ་རལ་བཀྲ་རྒྱམ་དང་དགེ་བོ་བཀྲ་ཁོ་གཉིས་གང་ཟག་གཅིག་ཡིན།

    Reply
  2. དགེ་བོ་བཀྲ་ཁོ says:
    ལོ་ 14 སྔོན།

    བློས་གཏོང་གི་ལས་འགུལ་འདི་འདྲའི་ཆེན་པོ་ཞིག་སྤེལ་བ་ཙམ་གྱི་ཡི་རང་ཞུ་བཞིན་ཡོད།
    རང་ཉིད་སྐད་འབོད་དང་ལས་འགུལ་ཆུང་ཙག་རིགས་ནང་ལ་དུས་རྒྱུན་མཉམ་ཞུགས་བྱེད་ཐུབ་ཀྱིན་མི་འདུག་པས་ན་རྒྱལ་གཅེས་དཔའ་བོ་ཁོང་རྣམ་པར་འཁེངས་ར་ཅི་ཡང་མེད།

    Reply
  3. ལུང་རྟོགས། says:
    ལོ་ 14 སྔོན།

    མི་ཆུང་ལགས་ཀྱིས་གསུངས་པ་དེ་དངོས་གནས་བདེན་པ་རེད། ངས་ཀྱང་དྲ་ཐོག་ལ་ཐེང་ཁ་ཤས་ཞུ་མྱོང་། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་བསམ་ཡུལ་ལས་འདས་པའི་བློས་གཏོང་འདིས་འཛམ་གླིང་གི་སྲིད་གཞུང་ཁག་དང་མི་མང་ལ་སེམས་ཚོར་དེ་ཙམ་སྐྲུན་ཐུབ་ཀྱི་མེད་པའི་རྒྱུ་རྐྱེན་གཅིག་ནི། རང་སྲེག་གནང་མཁན་ཚོའི་ལས་འགུལ་སྤེལ་ས་དགོན་པའི་འགྲམ་དང་གྲོང་བརྡལ་གྱི་ཟུར་ཙམ་ལས་རྒྱལ་ས་དང་གྲོང་ཁྱེར་ཆེ་ཁག་སོགས་མིན་པའི་རྐྱེན་གྱིས་མི་ཕལ་ཆེ་བའི་མིག་མདུན་ལ་བརྙན་པར་ཙམ་ལས་དངོས་སུ་མཐོང་ཐུབ་ཀྱི་མེད་པ་འདི་ལ་ཐུག་འདུག་སྙམ། དེས་ན་ལས་འགུལ་འདི་མུ་མཐུད་ཚེ་ཁོང་ཚོའི་རྩ་ཆེའི་ཚེ་སྲོག་མཆོད་མེར་འབུལ་བ་འདིས་ནུས་པ་ཐོན་པ་ཞིག་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་བས། རྒྱ་ནག་གི་རྒྱལ་ས་པེ་ཅིང་ལྟ་བུའམ་བོད་ཀྱི་རྒྱལ་ས་ལྷ་ས་སོགས་མི་ཚོགས་འདུ་འཛོམ་ཆེ་ཞིང་ཡུལ་བསྐོར་བ་དང་གསར་འགོད་པ་མང་སར་ལས་འགུལ་སྤེལ་དགོས་རྒྱུ་གལ་ཆེན་པོ་རེད་འདོད།

    Reply
  4. རྔ་བ་བརྒྱད་གསུམ་གཅིག་དྲུག says:
    ལོ་ 14 སྔོན།

    ཀླུ་ཆུའི་མི་དམངས་དང་རྒྱལ་གཅེས་དཔའ་བོ་རྣམས་རྒྱལ་གྱུར་ཅིག
    ས་ཆ་གང་ཡིན་གཙོ་བོ་མིན་འདི་ལྟར་བྱུང་བ་དེ་ཀླུ་ཆུ་མི་དམངས་ཀྱི་སྙིང་སྟོབས་དང་རང་མི་རིགས་ལ་ནོར་བུ་དང་གཟི་བརྗིད་གཏེར་ཡོད། བོད་རྒྱལ་ལོ། ང་ཁྱེད་ཅག་ལ་དགའ།

    Reply
  5. མི་ཆུང་། says:
    ལོ་ 14 སྔོན།

    ཨ་ཁ་ཁ། གཡུ་རལ་དཀྲ་རྒྱམ། ངའི་མཆན་གྱི་མགོ་བརྗོད་ནས་ཆེ་བསྟོད་དང་བཅས་སྨོན་ཚིག་ཕུལ་ཡོད། ཡིན་དང་ཡིན། དེ་ང་ཚོའི་ལས་འགན་རེད། ད་དུང་ངའི་ཚིག་གི་འབྲུ་རེ་རེ་ནས་རྒྱལ་གཅེས་པ་ཁོང་རྣམས་ཀྱི་ཚེ་སྲོག་དང་མ་འོངས་པའི་འཇུག་འབྲས་ལ་དངོས་དོན་གྱི་སེམས་འཚབ་གང་ཡོད་རྣམས་བྲིས་ཡོད། ལས་འགུལ་གྱི་ཐབས་ཇུས་ལ་འདོད་བློ་མ་ཁེངས་པ་ཙམ་གྱིས་བཀའ་དྲིན་ལ་རྗེས་དྲན་མ་ཞུས་པ་དེ་འདྲ་ཡེ་ནས་མ་རེད།

    Reply
  6. རྨེའུ་དཀོན་རྒྱམ། says:
    ལོ་ 14 སྔོན།

    མི་ཆུང་ལགས།

    བོད་མི་རིགས་དང་བོད་ཀྱི་རིག་གཞུང་གི་ཐོབ་ཐང་རང་དབང་གི་ཆེད་དུ། རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ཞི་རྒོལ་མཛད་དང་མཛད་ཀྱིན་པའི་བོད་ཀྱི་རྒྱལ་གཅེས་དཔའ་མོ་དཔའ་མོ་རྣམས་ལ་མ་གུས་པའི་རྣམ་འགྱུར་མ་སྟོན་རོགས་ཞུ།

    རབ་ཡིན་ན། འཚེ་མེད་ཞི་རྒོལ་བྱེད་ཕྱོགས་ཀྱི་འཇུག་རིམ་ལ་དཔྱད་གཞིག་བྱས་ནས་ཐབས་བྱུས་འདོན་རན་པའི་དུས་ཚོད་རེད་མ་གཏོགས་ལེ་བདའ་བྱེད་པའི་དུས་ཚོད་ཅིག་རྩ་བ་ནས་མ་རེད།

    ད་ཡིན་ན། བོད་མི་ཡོད་དོ་ལྕོག་གི་བསམ་བློ་གཅིག་སྒྲིལ་བྱས་ནས། གོ་རིམ་ཡོད་པའི་འཐབ་རྩོད་བྱེད་སྟངས་ཤིག་བཟུང་སྟེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ཤེས་རྟོགས་བརྒྱུད། བོད་མི་རེ་རེས་བོད་དོན་ལས་འགུལ་སྤེལ་ཕྱོགས་འདི་ངར་ཤུགས་ཅན་དུ་བསྒྱུར་རན་པའི་དུས་ཚོད་ཅིག་རེད།

    ༸གོང་ས་མཆོག་གི་གཟི་བྱིན་དང་སྲིད་སྐྱོང་མཆོག་གི་ཐབས་བྱུས་སོགས་ཀྱི་ཐོག་ཏུ་སྐྱབས་བཅོལ་བོད་མི་ཚོས་ལག་ལེན་རང་གི་ཐོག་ནས་བསྐྱོད་རན་པའི་དུས་ཚོད་ཅིག་ཡིན་པ་ལས། བོད་པ་ནང་ཁུལ་ལ་ཁ་རྡུང་གཏོང་རེས་ལ་སོགས་པའི་མཚོན་པས་དུས་ཚོད་གྲོན་པའི་དུས་ཤིག་མ་རེད།

    Reply
  7. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    མི་ཆུང་ལགས་ཁ་མ་སྔ།
    རང་གི་གདོང་ལ་མཛུབ་མོ་བཙུགས་ནས་རང་ཉིད་ལ་དྲི་བ་ཞིག་ཐོང་།
    ཁྱོད་ཀྱིས་གཅེས་དཔའ་བོ་ཁོང་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཕར་བཞག་ནས་ད་དུང་རང་ཉིད་འདོད་བློ་མ་ཁེངས་བའི་རྣམ་འགྱུར་བསྟན་འདུག་པས་ཤིན་ཏུ་བློ་ཕམ་བྱུང་།

    Reply
  8. མི་ཆུང་། says:
    ལོ་ 14 སྔོན།

    རྒྱལ་གཅེས་པ་རྣམས་རྒྱལ་གྱུར་ཅིག

    དེ་རིང་གི་ཀླུ་ཆུའི་མེར་སྲེག་ལས་འགུལ་ལ་གཅིག་ལྟོས་དང་། ཤིང་ཚང་དགོན་པའི་འདུ་ཁང་གི་སྒ་དྲུང་ན་རེད། པེ་ཅིང་གི་མདུན་ཐང་མ་རེད། གྲོང་ཁྱེར་གྱི་དབུས་ན་མ་རེད། རྫོང་གི་ལྟེ་བ་རུ་མ་རེད། ཁུ་སིམ་མེར་དགོན་པའི་སྒོ་དྲུང་ན་རེད། འདིས་ང་ཚོའི་གཡས་གཡོན་གྱི་མི་སྣ་འགའ་ཤས་ཙམ་མ་གཏོགས། རྒྱ་མི་རིགས་ཀྱི་སེམས་ཁམས་དང་མིག་ནང་དངངས་སྐྲག་དང་འཇིག་སྣང་གི་སེམས་ཚོར་ཅི་ཡང་བསྐྲུན་ཐུབ་ཀྱི་མེད། དེ་རིང་གི་ཀླུ་ཆུའི་མེར་སྲེག་དེ་རྒྱ་ནག་གི་ས་ཁུལ་ཁག་ནས་མཐོང་ཐོས་མེད་ལ། དེ་བས་ཁམས་ཁུལ་དང་དབུས་ནས་མཐོང་ཐོས་ཡོང་གི་མེད། ང་ཚོའི་མེར་སྲེག་གི་ལས་འགུལ་དེ་ཡང་ཚེ་ཕྱི་མར་བསམ་ནས་ཆོས་བྱེད་ཀྱི་མེད། ད་ལྟ་དང་མ་འོངས་པའི་དངོས་ཡོད་བོད་མི་རིགས་ཀྱི་བདེ་སྡུག་ཆེད་དུ་རེད། དགོན་པའི་སྒོ་དྲུང་དུ་མི་སྣ་བརྒྱ་ཙམ་སྡེབས་གཅིག་ཏུ་མེར་སྲེག་ཀྱང་། ཧ་ཅང་ཁུ་སིམ་པའི་དགོན་པའི་སྒོ་དྲུང་ཙམ་རེད། དེས་ཡང་ང་ཚོ་རང་ཉིད་ཀྱིས་སྲེག་པ་རེད། ངོ་མ་བཟོད་མ་ཐུབ་པ་དང་ལྟ་མི་ཐུབ་པའི་གནས་སུ་གྱར་གྱི་འདུག འོན་ཀྱང་ཚོར་བ་དེ་ང་ཚོའི་ནང་ཁུལ་ཙམ་རེད། ནམ་ཡང་ཐབས་ཇུས་ནོར་མི་ཉན།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    སླར་ཡང་དལ་བའི་རྟེན་བཟང་མྱུར་དུ་ཐོབ་པའི་སྨོན་ལམ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese