མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚན་རྟཊ་ ༣༥༡༠༠༠ བསྡུས་འདུག

བོད་ཀྱི་དུས་བབ།
༢༠༡༢/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འགུལ་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་སྤེལ་བ་ལྟར་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་གི་ཛ་དྲག་གནས་བབ་ལ་གཞིགས་ཏེ། ད་ལོའི་ཕྱི་ཟླ་ ༧ ཚེས་ ༦ ཉིན་༧གོང་ས་མཆོག་གི་འཁྲུངས་སྐར་དང་བསྟུན་ཏེ། “བདེན་པའི་མེ་ལྕེ་སྐོར་བསྐྱོད” ལས་འགུལ་མགོ་འཛུགས་གནང་ཡོད་པ་དེ། སང་ཉིན་ཕྱི་ཟླ་ ༡༢ ཚེས་ ༡༠ སྟེ་༧གོང་ས་མཆོག་ལ་འཛམ་གླིང་ཞི་བདེ་བཟེངས་རྟགས་ཕུལ་བཞེས་གནང་བའི་དུས་དྲན་དང་བསྟུན་ཏེ་མཇུག་བསྒྲིལ་རྒྱུ་ཡིན་འདུག

བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འགུལ་དེ་འདས་པའི་ཟླ་བ་ལྔ་ལྷག་རིང་རྒྱ་གར་ནང་གཙོས་པའི་འཛམ་གླིང་རྒྱལ་ཁབ་ ༣༠ ནང་སྐོར་སྐྱོད་ཀྱིས་མཚན་རྟགས་སུམ་འབུམ་ཉིས་ཁྲི་ཆིག་སྟོང་ ༣༢༡༠༠༠ དང་། དྲ་རྒྱ་བརྒྱུད་མཚན་རྟགས་སུམ་ཁྲི་ ༣༠༠༠༠ ལྷག་བཅས་ཁྱོན་ཐེངས་འདིའི་ལས་འགུལ་ཁྲོད། རྒྱལ་ཁབ་ ༩༠ ལྷག་ནས་མཚན་རྟགས་སུམ་འབུམ་ལྔ་ཁྲི་ཆིག་སྟོང་ ༣༥༡༠༠༠ ཙམ་རེག་ཡོད་འདུག

མཚན་རྟགས་ཕྱོགས་བསྡོམས་ཀྱི་དེབ་གྲངས་ ༡༡༧ ཡོད་པ་དེ་དག་སང་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་ཏེ་ནེའུ་ཡོག་རྒྱལ་ཚོགས་ལས་ཁུངས་དང་། ཇི་ནེ་ཝར་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། དེ་བཞིན་རྒྱ་གར་ནང་གི་རྒྱལ་ཚོགས་ཡན་ལག་ལས་ཁུངས་བཅས་ཉིན་བརྒྱ་དུས་གཅིག་ཏུ་ཕུལ་ཏེ་ལས་འགུལ་ཡོངས་སུ་མཇུག་བསྒྲིལ་རྒྱུ་ཡིན་འདུག   

མཚན་རྟགས་འགོད་མཁན་ཁུངས་མངའ་སྡེ་སྤྱི་ཁྱབ་བློན་ཆེན་དང་། དབུས་སའི་གྲོས་ཚོགས་འཐུས་མི། གྲོང་ཁྱེར་སྤྱི་ཁྱབ། ཤེས་ཡོན་པ་དང་གསར་འགོད་པ། སྤྱི་ཚོགས་ཞབས་ཞུ་བ་དང་ལས་འགུལ་བ། སློབ་ཕྲུག་དང་མི་མང་བཅས་སོགས་ཡོད་འདུག

 

སྤྱི་འཐུས་ལྷན་ཚོགས་ཀྱི་བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འགུལ་གྱི་དགོས་འདུན་དོན་ཚན་ ༣ ནི།   ༡༽ ཕྱི་ལོ་ ༡༩༥༩ དང་། ༡༩༦༡། ༡༩༦༥ བཅས་སུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་སླར་ཡང་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་དགོས་པ། ༢༽ བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཁག་ཅིག་འཕྲལ་གཏོང་དགོས་པ། ༣༽ བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་འཁུར་བཞེས་དགོས་པ།

འབྲེལ་ཡོད་གསར་འགྱུར།

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥

མཆན། 7

  1. བསྟན འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    རྩོམ་སྒྲིག་བ་ལགས། ཁྱི་འཐུས་ལྟ་བུའི་ཚིག་ངན་ཅན་མ་བཀོད་ན་ལེགས། ང་ཚོའི་མི་རིགས་འདི་ལ་རྒན་མོ་མྱི་མེད་ལ་མྱི་ཤ་སྒོ་འདོག་ཙམ་ལས།་དོན་སྙིང་ཡང་མི་འདུག ཞོར་དུ་ཞུ་རྒྱུར། ཕྱུགས་པོའི་རྒྱུ་ན་མེད་པོས་སེར་སྣ་བྱེད་མཁན་ཡང་འདུག་སྣང་ཤར་བས། སྒོར་མོ་གང་གི་ཆེད་དུ་བཙལ་བ་དེར་གཏོང་དགོས་པ་གཡོལ་མེད་རེད། མ་གཞི་ནས་སེར་སྣས་གཏོང་མ་ཕོད་ན་འབྲས་བུ་དེ་བས་ག་ལ་གྲུབ།

    Reply
  2. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    བདེན་པའི་མེ་ལྕེར་འགྲོ་སོང་སྒོར་འབུམ་༦༠།༧༠འཆར་གཞི་ལྟོས་པའི་ས་རྟགས་༣༥༡༠༠༠༠མ་བྱུང་ན་ལས་འགན་དང། དམིགས་འདུན་སྒྲུབ་པར་འདོད་པའི་ཁྱི་འཐུས་ཚོའི་བཤད་སྟངས་དང་། ལས་སྟངས་ལ་ལྟོས་ན་གཞིས་ལུད་བོད་མིའི་ཚོའི་རེ་བ་བསྐོངས་ཐུབ་ཞིག་ཡོད་དམ། མ་ཟད་བདེན་པའི་མེ་ལྕེ་བསྐོར་བསྐྱོད་བྱ་ཡུལ་ས་ཁུལ་ཁག་གི་མི་མང་ཚོའི་བསམ་ཚུལ་ལ་རྣ་གཉིས་ཡོད་ན་ཉན་པ་དང། དེ་ཁུལ་བསྐོར་བསྐྱོད་སྐབས་ཁྱི་མཐུས་ཚོས་དངོས་སུ་ས་ཁུལ་ཁུག་འཁྱོག་ཡོང་ཡོད་དམ། དེང་སང་ཆབ་སྲིད་རྣམ་པ་ཚོ་ལས་རྒྱུ་མེད་རུང་གསར་འགོད་གསལ་བསྒྲགས་བྱེད་རྒྱུར་དགའ་བ་ཡིན་ངེས།

    Reply
  3. བསྟན་འཛིན། says:
    ལོ་ 13 སྔོན།

    འགྲོ་སོང་འཕྲོ་བརླགས་རང་རེད།   སྤྱི་འཐུས་ཁོ་རང་ཚོས་རྒྱལ་ཁབ་མི་འདྲ་བ་མང་པོ་ཞིག་ལ་གཟིགས་སྐོར་ཡག་ཐག་ཆོད་བྱུང་ཡོད་རེད།   དེ་ཁོ་ཚོའི་ཁེ་བཟང་ཡིན་མོད།   བོད་སྤྱི་བའི་གྱོང་རེད།   བཀའ་ཤག་ལ་དེ་འདྲའི་དངུལ་ཕངས་མེད་ཞིག་ཡོད་ན།   གཞོན་དུ་ལྷན་ཚོགས་སམ།   ཡང་ན་མི་དམངས་དཀྱུས་མ་ཚོར་སྤྲད་ནས་བོད་དོན་ཆེད་ལས་འགུལ་སྤེལ་ཆུག་དང་།   སྤྱི་འཐུས་ཀྱི་སྤྲོ་འཆམ་གཟིགས་སྐོར་ལས་ཡག་ཞིག་ཏན་ཏན་ཡོང་གི་རེད།
    སྤྱི་འཐུས་ཀྱི་སྐོར་སྐྱོད་ཟེར་བ་དེ་ཐོས་ཡོང་དུས་ང་ལ་ཉོབ་སྣང་ཞིག་དང་།   སུན་སྣང་ཞིག་མ་གཏོགས་གང་ཡང་མི་འདུག   ད་དུང་བོད་ནང་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་བོད་དོན་ཆེད་སྐུ་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་ཐེངས་རེར་བཀའ་ཤག་གིས།   བོད་དང་ནང་པ་ཡིན་པ་རྒྱུ་མཚན་དུ་འདྲེན་བཞིན།   རྒན་རྒོན་ཁ་ཤས་རེ་བསྡུས་ནས་མཆོད་འབུལ་སྨོན་ལམ་རེ་བྱེད་བཞིན་ཡོད་པ་མཐོང་དུས།   སུན་སྣང་དང་སྐྱོ་སྣང་བཟོད་མི་ཐུབ་པ་ཞིག་ལས་གཞན་ཚོར་སྣང་གང་ཡང་མི་འདུག་ལ།   གཙུག་ལག་ཁང་དུ་སྨོན་ལམ་འདོན་དུ་ཡང་འགྲོ་སྣང་རྩ་བ་ནས་སྐྱེ་གི་མི་འདུག   དེ་རིང་ཨ་རིའི་གྲོང་ཁྱེར་ནིའུ་ཡོར་ཁུ་  New York City དུ་རྒྱ་རྒོལ་ལས་འདུལ་ཞིག་སྤེལ་རྒྱུ་རེད་ཟེར།   ཐོས་གསལ་ལྟར་ན།   བོད་མི་སུམ་སྟོང་ལྷག་མཉམ་འཛོམས་བྱེད་རྒྱུ་རེད་ཅེས་འུད་སྒྲོག་བྱེད་བཞིན་འདུག     ནིའུ་ཡོར་ཁུ་གཅིག་པོ་ན་བོད་མི་སུམ་སྟོང་ལྷག་ཡོད་ཚུལ་འདུག   དེས་ན་ཨ་རིའི་བོད་མི་རྣམས་ཀྱང་རྡ་སའི་ཁོར་ཡུག་གི་བོད་པ་དང་གཅིག་མཚུངས་རེད་འདུག      

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ ལྷག་པར་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འགུལ་གྱི་དགོས་འདུན་དོན་ཚན་གསུམ་བཏོན་པ་ནི།
    ༡༽ ཕྱི་ལོ་ ༡༩༥༩ དང་། ༡༩༦༡། ༡༩༦༥ བཅས་སུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་སླར་ཡང་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་དགོས་པ།
    ༢༽ བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཁག་ཅིག་འཕྲལ་གཏོང་དགོས་པ།
    ༣༽ བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་འཁུར་བཞེས་དགོས་པ།
    གོང་གསལ་རེ་འདུན་གསུམ་པོའི་ཐད་ལ་རིགས་མཐུན་དྲ་གྲོགས་ཚང་མས་བསམ་ཚུལ་གང་མང་སྤུངས་རོགས་ཞུ། ་་་་་་ཟེར།

    Reply
  5. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་བཟོ་གཅིག་པོའི་སྒམ་ཚིགས་མ་བཟུང་བར་རྩ་དོན་གྱི་ཆེད་དུ་འཐབ་རྩོད་པའི་ཐུགས་འགན་བཞེས་ཕྱོགས་འདི་ལ་ཡི་རངས་ཞུ།

    རྩ་དོན་ཞིག་བཟུང་སྟེ། འཛམ་གླིང་ལ་ཁ་ཕྱོགས་ནས་《བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འགུལ་》གྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་དང་གསལ་སྟོན་གནང་བར་བཀའ་དྲིན་ཆེ་ཞུ།

    《བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འགུལ་》གྱི་ཁ་ཕྱོགས་འཛམ་གླིང་ལ་གཏད་ཅིང་གྲུབ་འབྲས་ནི། གཞིས་བཞུགས་བོད་མིའི་སྙིང་སྟོབས་དང་བློས་གཏོང་ལ་གདུང་སེམས་མཉམ་བསྐྱེད་ཆེན་པོ་ཞིག་ཆགས་སོང་།

    ད་ལྟའི་བོད་མི་རིགས་ནི་ཁ་སྟབས་ཞན་པས། བདེན་པའི་རྒྱབ་ལྗོངས་ཡོད་རུང་བདེན་པའི་མེ་ལྕེ་དེ་འཛམ་གླིང་ལ་མི་མཆེད་རང་མཆེད་ཆགས་པའི་རྒྱུ་མཚན་གང་ཡིན་ནམ།

    གང་ལྟར། གོ་རིམ་དང་དམིགས་ཚད་ཡོད་པའི་རླབས་ཆེ་བའི་ལས་འགུལ་འདི་ལྟ་བུའི་རིགས་མུ་མཐུད་ནས་སྤེལ་རོགས་ཞུ། ད་ལྟའི་ཆབ་སྲིད་འཐབ་རྩོད་པའི་གནས་བབ་ཐོག་ནས་འཛིན་སྐྱོང་དང་ཁྲིམས་བཟོ། ཁྲིམས་འཛིན་སོགས་གཅིག་རྒྱབ་གཅིག་ནོན་གྱིས་མདུན་དུ་བསྐྱོད་རོགས་ཞུ།

    ལྷག་པར་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འགུལ་གྱི་དགོས་འདུན་དོན་ཚན་གསུམ་བཏོན་པ་ནི།
    ༡༽ ཕྱི་ལོ་ ༡༩༥༩ དང་། ༡༩༦༡། ༡༩༦༥ བཅས་སུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་སླར་ཡང་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་དགོས་པ།

    ༢༽ བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཁག་ཅིག་འཕྲལ་གཏོང་དགོས་པ།

    ༣༽ བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་འཁུར་བཞེས་དགོས་པ།

    གོང་གསལ་རེ་འདུན་གསུམ་པོའི་ཐད་ལ་རིགས་མཐུན་དྲ་གྲོགས་ཚང་མས་བསམ་ཚུལ་གང་མང་སྤུངས་རོགས་ཞུ།

    Reply
  6. ཁྱི་ཕྲུག says:
    ལོ་ 13 སྔོན།

    བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་དེ་ལྡི་ལི་ནང་སྤེལ་དུས་ཁྲལ་གྱི་ངོ་བོོ་ཙམ་རེད་འདུག་པས་དེ་དུས་ཀྱང་དགག་བཞག་ནན་མོ་བྱས་ཡིན།  ས་ཆ་ཁ་ཤས་སུ་ཡང་གཅིག་མཚུངས་ཀྱི་བསམ་ཚུལ་བྱུང་འདུག  

    Reply
  7. མི་རྒོད། says:
    ལོ་ 13 སྔོན།

    ངས་སྤྱི་མང་འཐུས་མི་དང་། དབུ་ཁྲིད་རྣམས་སུ་བཀྲིན་ཆེ་ཞུ།
    ཁྱེད་རྣམས་ལས་དོན་བསྒྲུབས་ཟིན་པ་ད་ཡང་སྒྲུབ་རྒྱུ་སྣ་མང་ཡོང་བཞིན་ཡོད་པས་དགོངས་བཞེས་མཛོད། མ་འོངས་སྲིད་སྐྱོང་ལམ་སྟོན་དང་། མང་གི་བདེ་སྡུག་གཉིས་ཁྱེད་ཚོའི་ཕྲག་པར་ཡོད་པས་ཡིད་ལམ་དུ་མངའ་བ་ཞུ།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese