མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱེད་བོད་དུ་ལོག་འདོད་དམ།

བོད་ཀྱི་དུས་བབ།
༢༠༡༢/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

མིག་མི་འཛུམ།

བཙན་བྱོལ་ནས་འཚར་ལོངས་བྱུང་བའི་ཕྲུ་གུ་ཞིག་གི་ངོས་ནས་བཤད་ན། ངའི་དྲི་བ་ཆེན་པོ་འདིར་ལན་གདབ་དཀའ་ནའང་། བོད་ནས་སྐྱེས་ཤིང་བོད་ནས་འཚར་བ་དང་། དགྲ་བོའི་གདུག་རྩུབ་དང་མནར་གཅོད་ཕོག་མྱོང་བའི་མི་ཞིག་ལ་མཚོན་ན། བདག་གི་དྲི་བ་འདིར་ཅིས་ཀྱང་ལན་འདེབས་ངེས་ཡིན། རྒྱུ་མཚན་ནི། རང་གིས་མྱངས་པའི་མནར་གཅོད་དེ་དག་རང་གི་ཕ་མ་དང་སྤུན་མཆེད་སོགས་རིགས་མཐུན་སྤུན་ཟླ་ཡོངས་ཀྱིས་ཀྱང་མྱོང་གི་ཡོད་པའི་ཚོར་བ་ཞིག་གིས་“མི་ཡུལ་ག་ཚོད་སྐྱིད་ཀྱང་རང་ཡུལ་གཏན་ནས་མི་བརྗེད་”པར་གྱུར་ཡོད། དེའི་ཕྱིར་བོད་མི་མང་བོ་ཞིག་གིས་ཕྱིར་རང་ཡུལ་དུ་ལོག་རྒྱུའི་རྨི་ལམ་ཁོ་ན་གཏོང་གི་ཡོད་ངེས་ཀྱང་། རྡ་ས་གཙོ་བོར་གྱུར་བའི་ས་གནས་ཆེ་ཁག་མང་བོར་གཞིས་ཆགས་ཤིང་རྒྱུ་དངོས་ཀྱིས་ཕྱུག་པའི་མི་དྲག་མང་བོ་ཞིག་གིས་བོད་དུ་ལོག་རྒྱུའི་གྲ་སྒྲིག་ཅི་ཙམ་བྱས་ཡོད་དམ། བདག་གི་རྨོངས་བློར་ཤར་ཚད་ནོར་མེད་ན། བོད་དུ་ལོག་མ་ཐུབ་པར་སྡོད་པའི་སྡུག་བསྔལ་མཁན་དེ་དག་ལས་ལྡོག་ནས་ནམ་ཞིག་བོད་དུ་ལོག་དགོས་འཁེལ་བར་སྡུག་བསྔལ་བྱེད་ཀྱི་ལོས་ཡོད་འདོད།

དེ་བས་ཀྱང་གངས་ཅན་སྐྱིད་གཤོངས་ཀྱི་རྐུབ་བཀྱགས་ཚ་བོ་བཟོ་མཁན་གྱི་སྐུ་ངོ་རྐང་བ་གཉིས་འཛུགས་བྱེད་མཁན་དག་གིས་ལྷག་ཏུ་བོད་ལ་ལོག་རྒྱུའི་སྟ་གོན་ཅི་ཞིག་བྱེད་ཀྱི་ཡོད་མེད་དེ་ཡིན། བཤད་སྲོལ་ལ་རང་གཞུང་གི་དྲུང་ཆེ་ཡར་འདབས་ཀྱི་སྐུ་ངོ་ཚོའི་ཁྲོད་བརྒྱ་ཆའི་ལྔ་ཅུས་རྐང་བ་གཉིས་འཛུགས་བྱས་ཏེ། ཕྱི་རྒྱལ་གྱི་མི་སེར་ལག་ཁྱེར་རུམ་ལ་བཅུག་ཡོད་པར་གྲགས། དེ་ལྟར་ན། གལ་སྲིད་ནམ་ཉི་མ་ཞིག་ལ་ཁོང་ཚོའི་ལག་གི་བོད་དོན་ཟེར་བའི་རྩེད་ཆས་འདི་ལྷུང་སོང་ཚེ། འཕུར་ཆོག་ཆོག་དང་འཚོ་བ་གསར་བ་ཞིག་གི་དབུ་བརྙེས་ཆོག་ཆོག་ཡིན་ན། ཕྱིར་བོད་དུ་ལོག་ནས་༸གོང་ས་མཆོག་དང་མཉམ་དུ་དཀའ་སྤྱད་འབད་བརྩོན་བྱ་འདོད་མཁན་ཅི་ཙམ་ཡོད་དམ། དེར་ལྟ་བྱེད་ཀྱི་དཔེ་མཚོན་ནི། རང་རེའི་བཀའ་བློན་རིམ་པ་དང་སྤྱི་འཐུས་དག་མཐའ་དོན་ལས་ཡུན་རྫོགས་མཚམས་མགྱོགས་པོར་ཕྱི་རྒྱལ་ལ་འཕུར་འགྲོ་ཡི་ཡོད་པ་དེ་ཡིན།

མཐར་གཏུགས་ན་མི་མང་བོ་ཞིག་བཙན་བྱོལ་སྤྱི་ཚོགས་སམ་༸རྒྱལ་བ་རིན་པོ་ཆེའི་མཉམ་དུ་མཐའ་ལ་བསྐྱལ་ནས་འདུག་མི་ཐུབ་པའང་འཚོ་བའི་གནད་དོན་ཞིག་ལོས་ཡིན་མོད་དེ། དོན་དངོས་ཀྱིས་བོད་རྒྱལ་ཁབ་ཆེན་མོའི་མདུན་ལམ་ལ་གཞིགས་ན་དེ་ལྟར་སོང་བ་དེ་འགྲིག་གི་ཡོད་མེད་ངས་མ་བཤད་ཀྱང་ཚང་མས་མཁྱེན་གསལ་ཡིན། དེ་དང་དེས་མཚོན་པའི་འུ་ཅག་གི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་བོད་དོན་དང་བོད་ཀྱི་ལོ་རྒྱུས། ཐ་ན་རིག་གཞུང་ཟེར་ནས་འུར་བརྒྱབ་མྱོང་མཁན་གྱི་མཁས་པའི་ཆོ་ལོ་ཅན་མཐའ་དག་གི་ཁ་ཡང་ནུབ་ཕྱོགས་སུ་འཁོར་ཟིན་པ་དང་འཁོར་བཞིན་པ། འཁོར་ངེས་པ་སོགས་ལ་བསམ་ན། མ་འོངས་པར་༸རྒྱལ་བ་རིན་པོ་ཆེའི་མཉམ་བོད་དུ་ལོག་མཁན་ཅི་ཙམ་ཡོད།

ཚང་མར་རྒྱུས་མངའ་ཡོད་པ་ཞིག་ལ། ད་ལྟ་རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་བཀའ་ཟུར་དང་སྤྱི་ཟུར་ཅི་ཙམ་གྱིས་༸གོང་ས་མཆོག་ལ་འཕྱར་བ་གྲུ་འདེགས་ཀྱིས་བསྡད་ཡོད། མང་ཚོགས་རང་བཞིན་ཅན་གྱི་ཟུར་བའི་མིང་འཛིན་མཁན་དག་མི་སྡོད་པ་འདིས་མི་མང་བྱིངས་ཀྱི་བསམ་བློའི་ཆུ་ཚད་ལ་བརྡབ་གསིག་ཅི་འདྲ་བཏང་ཡོད་དམ། དོན་དམ་གྱི་གཞིས་ལུས་སྤུན་ཟླ་ཚོས་རེ་བ་དང་ཡིད་ཆེས་བྱ་སའི་བཙན་བྱོལ་སྤྱི་ཚོགས་དེ་འདི་འདྲ་ཞིག་ཡིན་ནམ།

ད་བར་དུ་བོད་པ་བཙན་བྱོལ་བ་དག་ཕྱི་རྒྱལ་དུ་འགྲོ་རྒྱུར་བཀག་པ་མ་ཟད། གསར་འབྱོར་ཚོ་ཕྱིར་བོད་དུ་ལོག་ཕྱིར་རྒྱ་གར་ནས་སྐྱབས་བཅོལ་ལག་ཁྱེར་ཚུན་ཆད་བཟོ་རྒྱུར་འགོག་མཁན་གྱི་བསམ་བློ་བ་བཀའ་བློན་ཁྲི་ཟུར་ཟམ་གདོང་བླ་མའི་ཆོས་གོས་ཀྱི་འོག་ནའང་རྒྱ་གར་མི་སེར་ལག་ཁྱེར་སྦས་ཡོད་པ་གོ་རྒྱུ་ཡོད་པ་ལྟར། ཆེ་དགུའི་མགོ་བོ་གཞན་གྱི་འོག་ལ་བཏུད་ཚར་ཤུལ་ན། ཕྱིར་བོད་དུ་ལོག་རྒྱུར་གྲ་སྒྲིག་ཨང་གསར་བྱས་ནས་སྡོད་མཁན་གྲྭ་རྐྱང་བསྟན་འཛིན་རྒྱ་མཚོ་དང་གསར་འབྱོར་ཁེ་ཞན་ཅན་ཁ་ཤས་ལས་སུ་ཞིག་ཡོད་དམ།

དེ་འདྲ་ཡིན་སྟབས་༸གོང་ས་མཆོག་གིས་སྲིད་དབང་མི་མང་ལ་མ་གནང་གོང་དཀའ་ངལ་རབས་དང་རིམ་པ་བྱུང་མྱོང་ཡོད་དེ། དཔེར་ན་ཁོང་གིས་ཡིད་ཆེས་བློ་འགེལ་བྱ་སའི་སྐུ་ངོ་མང་བོ་ཞིག་གོ་སྐབས་ལ་བརྟེན་ནས་ནུབ་ཕྱོགས་སུ་ཤོར་བ་ཁག་ཅིག (དཔེར་ན་སྔོན་མའི་སྐུ་སྒེར་དྲུང་ཆེ་བློ་བཟང་སྦྱིན་པ་ལ་སོགས།) ཕྱིར་འབོད་འགུགས་ཀྱང་བྱ་དགོས་ཁེལ་ཡོད། རྣམ་པ་འདི་ལ་གཞིགས་ན་༸གོང་ས་མཆོག་ལའང་སྐབས་ལ་ལར་ཁེར་རྐྱང་གི་ཚོར་བ་ཞིག་འབྱུང་གི་ལོས་ཡོད་འདོད།

གཞིས་ལུས་སྤུན་ཟླ་ཚོས་ནམ་དུ་ཡང་། བོད་ལ་རང་དབང་ཞིག་ཐོབ་པའི་ཉིན་མོར། ཕྱི་ལོགས་ནས་དཀའ་ལས་རྒྱག་མཁན་གྱི་༸གོང་ས་མཆོག་གཙོས་མི་མང་ལ་སྣེ་ལེན་གཟབ་རྒྱས་བྱ་རྒྱུ་དང་། ཕྱིར་ལོག་མཁན་དག་གིས་ཀྱང་ངོ་གནོང་མི་དགོས་པའི་སྤོབས་པ་ཞིག་འཁུར་ནས་ཡོང་རྒྱུ་ཡོད་པ་ལ་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། དོན་དངོས་ཀྱིས་༸རྒྱལ་བ་རིན་པོ་ཆེའི་འཁོར་དང་གདན་ས་ཁག་གི་བླ་གྲྭ་རྣམས། དེའི་རྗེས་ན་ཕ་མ་སྤུན་མཆེད་བོད་དུ་ལུས་པའི་གསར་འབྱོར་ཁག་ཅིག་ལས་སུ་ཞིག་ཡོད་ཨང་།

ང་རང་རྡ་སར་ལོ་ངོ་བཅུ་གྲངས་ཤིག་སྡོད་རིང་བོད་ནང་ནས་ངོ་རྒོལ་དང་རང་བསྲེག་ཅི་ཙམ་བཏང་བ་དེ་ཙམ་གྱིས་ཚོགས་པ་ཁག་གིས་དབུ་ཁྲིད་ནས་མར་མེ་ཁྲོམ་སྐོར་དང་སྐད་འབོད་ཀྱི་ལས་འགུལ་སྤེལ་གྱི་ཡོད་ཀྱང་། སྐད་འབོད་དང་ཁྲོམ་སྐོར་ལ་མཉམ་ཞུགས་བྱ་མཁན་མང་ཤོས་གསར་འབྱོར་ཡིན་ལ། ལོ་གསར་དང་དུས་ཆེན་ཁག་ལ་གཟབ་འཆོར་མི་སྤྲས་མཁན་ཡང་གསར་འབྱོར་ཡིན། བདག་གིས་དྲན་གསལ་ལ། ༢༠༠༨ ལོར་བོད་ས་ཡོངས་ནས་སྡེབས་ལང་བྱས་ཏེ་མི་མང་གི་ཚེ་སྲོག་ཤོར་བ་དང་། ཡང་མི་མང་གིས་བཙོན་འཇུག་ཁྲིམས་ཆད་འཁུར་ནས་བོད་མི་སྤྱི་བོ་གནམ་བསྟན་ཚང་མའི་སྡུག་གི་མགོ་བོ་མི་ཐེག་པའི་སྐབས་ཤིག་ལ། རྡ་སའི་སྟོད་པ་གྲོང་ཚོ་རུ་གཉེན་སྟོན་གྱི་གླུ་གར་ལ་རོལ་ཅིང་སྤོ་རྨོ་ཚོས་ཆང་སེར་འཐུང་ནས་ར་རོ་བའི་རྣམ་པ་དེ་དངོས་སུ་མཐོང་མྱོང་། ལྗན་ལྗིན་གྱི་ཚོ་ཁག་ཅིག་དངོས་སུ་མཐོང་མྱོང་། སྐྱུགས་བྲོ་བའི་མི་གཤིས་ཤིག་དངོས་སུ་མཐོང་མྱོང་། རྣམ་པ་དེས་བདག་གིས་དེ་རིང་བཀོད་པའི་དྲི་བ་འདིར་ལན་ཅི་ཞིག་འདེབས་རྒྱུ་ཡིན་མིན་དེ་གསལ་བོར་མཚོན་པ་མ་རེད་དམ།

༢༠༡༢ ༡༢ ༡༣ ལ་བྲིས།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༢༡ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 4

  1. ཞི་བདེ། says:
    ལོ་ 14 སྔོན།

    སྤུན་ཟླ་མིག་མི་འཛུམ་ལགས། ཁྱེད་ཀྱི་ལྡོག་ཕྱོགས་ནས་ལངས་སྡོད་མཁན་ཞིག་གི་ངོས་ནས་བཤད་ན་ཡང་ད་རེས་ཀྱི་རྩོམ་ཡིག་འདི་ལ་བྲོ་བ་ཞིག་འདུག་པས་ཡི་རངས་ཞུ། ༼ ཕྱིར་བོད་དུ་ལོག་རྒྱུར་གྲ་སྒྲིག་ཨང་གསར་བྱས་ནས་སྡོད་མཁན་གྲྭ་རྐྱང་བསྟན་འཛིན་རྒྱ་མཚོ་དང་གསར་འབྱོར་ཁེ་ཞན་ཅན་ཁ་ཤས་ལས་སུ་ཞིག་ཡོད་དམ།༽ ཞེས་བ་འདི་བདེན་པ་རེད། དེར་བརྟེན་༧ གོང་ས་མཆོག་ཀྱང་སྐབས་རེ་ཐུགས་སྐྱོ་བ་དང་ཡིད་ཞུམ་ནས་ནས་སྤྱན་མཆི་གཏོང་བཞིན་ཡོད། བཙན་བྱོལ་ལ་སླེབས་པ་བཟུང་༧ གོང་ས་མཆོག་གི་སྐུ་ངལ་མྱོང་མྱོང་ཞིག་སུ་གང་གིས་ཀྱང་མྱོང་ཡོད་བ་མ་རེད། ད་དུང་ཡིན་ན་ཡང་ངལ་བ་ཁྱད་གསོད་ཀྱིས་ཉིན་མཚན་དུས་དྲུག་ལ་བོད་སྤྱི་བའི་དོན་དུ་སྐུ་ངལ་བསྐྱོན་དང་སྐྱོན་བཞིན་པ་རེད།

    Reply
  2. ཟླ་བ་བསོད་ནམས། says:
    ལོ་ 14 སྔོན།

    མིག་མི་འཛུམ་པ་ལགས། ཐོག་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་དཔྱད་རྩོམ་རེ་རེ་བཞིན་གནས་ལུགས་ཀྱིས་ཕྱུགས་པོ་ཆགས་འདུག བླ་འཁྱམས་ནས་བསྡད་ཡོད་མཁན་དག་གི་གང་ཡང་མགོ་ཚོས་ཀྱིན་མེད་པར་ཉ་ཉོག་མང་བོ་ལབ་ཀྱིན་པ་རེད་དེ། དོན་གྱིས་སྟོང་བ་རེད། དེར་བརྟེན་སྐུ་ཉིད་ཀྱི་བསམ་ཚུལ་འདི་རིགས་ཀྱི་ཐད་ལ། ལ་འདེད་ལུང་འདེད་བྱེད་མཁན་རེ་དགོས་བ་གལ་ཆེན་པོ་རེད། དེ་ནི་བོད་ཀྱི་གསར་འགོད་པ་དང་རྩོམ་སྒྲིག་པ་དག་ཕོགས་གཟན་ཁོ་ན་ཞིག་མི་བྱེད་པར། དཔོན་ཆེན། བླ་ཆེན། རྒྱུ་ཆེན་དག་གི་སྒོ་ཁར་སྒྲ་བརྙན་བཟུང་ནས་ཕེབས་དགོས་བ་རེད། དངོས་ནས་ཡིན། དཀར་ནག་གཉིས་དང་བདེན་རྗུན་གཉིས། ཁ་བཤད་མེད་གཉིས་མེད་ཀྱི་ལས་ལ་འཇུག་ན་མ་གཏོགས། བོད་སྤྱི་བའི་རྩ་དོན་འདི་རྐང་རྩེད་སྤོ་ལོ་བཞིན་ཡར་གཡུག་མར་གཡུག་བྱེད་ཀྱིན་འདུག

    Reply
  3. གྲ་ཕྱི་བུ། says:
    ལོ་ 14 སྔོན།

    སྨྱུག་རྩེ་སུས་ཀྱང་འགུལ་ཤེས་མོད། བགྱི་བ་མ་བརྩམས་པའི་སྔོན་ནས་ཁྱོད་ཀྱིས་སྨྲ་བར་འགྱུར་བའི་གཏམ་དེས་སྤྱིར་འཛམ་གླིང་དང་། སྒོས་རང་གི་སྤྱི་ཚོགས་སོགས་ལ་རྡབ་གསིག་ཏུ་འགྲོ་དང་མི་འགྲོ་བའི་བསམ་མནོ་ཞིག་ངེས་པར་དུ་ཡོད་དགོས། ང་ཚོའི་ཉེ་སྔུན་ན་མ་འགྲིག་མ་འཐུས་པའི་དོན་མང་པོ་ཞིག་ཉིན་རྒྱུན་མཐོང་སྲིད་ལ། བློ་ཕམ་ཡང་འབྱུང་སྲིད་མོད། མི་ཚང་མ་མ་རབས་མིན་པའི་གནས་ལུགས་འདི་རྟོགས་པར་བྱས་ནས། ཆེས་ཆུང་བའི་ཉེས་པ་དེ་རི་ལྟར་བཅོས་ཏེ་མང་མང་གི་མིག་ལམ་དུ་བསྟར་བ་དེས། བློ་གསར་ཞིང་སྤྱི་ཚོགས་ཀྱི་མྱོང་བ་དམན་པའི་མི་དག་ལོག་ལམ་དུ་འཁྲིད་པར་བྱ་ངེས་ཡིན། མིག་མི་འཛུམ་གྱིས་གཏམ་མང་དུ་བརྗོད་ཟིན་སོང་མོད། སྐབས་ལར་རང་ཉིད་ཀྱི་སེམས་འཚོར་ཙམ་གྱི་དབང་དུ་སོང་བ་དང་། ད་རེས་ནི་བཙན་བྱོལ་བ་ཚོ་མ་འགྲིག་རབས་ལུག་གུ་བརྒྱུད་དུ་སྤེལ་བ་འདིས། རང་རེའི་སྤྱི་ཚོགས་ལ་ཁེ་ཕན་ཅི་ཞིག་ཡོད་དམ། རྩོམ་དེའི་སྲོག་ལ་གོ་བ་ཅི་ཞིག་ལེན་དགོས་སམ། བཙན་བྱོལ་བ་རྣམས་མ་རབས་མ་དག་པ་ཞེ་ཅིག་ཡིན་ནམ། ཁོང་གིས་རང་གིས་རང་ལ་དྲི་བ་ཞིག་བཏང་ཡོད་དམ། རང་ས་བོར་དེ་མི་ཡུལ་ལ་བཅའ་འདོད་པའི་མི་བུ་ཞིག་ཕར་ཟད། བྱ་རི་དྭགས་ལའང་ཡོད་དམ་ཅི། གཏམ་ཚིག་འདི་དག་གློ་བུར་བའི་འཚོར་བ་སྐྱུག་སྟངས་ཤིག་ཡིན་སྲིད་མོད། གོང་སྨྲོས་བཞིན། རང་གི་བརྗོད་དོན་དེས་སྤྱི་ཚོགས་ལ་ཅི་ཞིག་ཕན་མིན་དཔྱད་ཡོད་དམ། །

    Reply
  4. གླག་ཕྲུག says:
    ལོ་ 14 སྔོན།

    བསམ་ཚུལ་འདིའི་ནང་གནད་འགག་ཅན་གྱི་དྲི་བ་མང་པོ་འདུག་ལ་རྣོ་ངར་ཅན་གྱི་དྲི་བ་དེ་དག་གིས་སྐུ་ངོ་ཚོ་སྐུ་རླུང་ཡོང་འཇུག་ངེས་རེད། བློ་ལ་མི་འབབ་ས་ཞིག་ཡོད་པ་ནི་ “གྲྭ་རྐྱང་བསྟན་འཛིན་རྒྱ་མཚོ་” ཞེས་པ་འདི་ཡིན། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ལ་ཞེ་སའི་ཡི་གེ་བེད་སྤྱོད་མི་བྱེད་པ་ཀླ་ཀློའི་བྱ་སྤྱོད་ཅིག་ཡིན་པས་ང་ཚོས་ངེས་པར་དུ་ཡིད་གཟེབ་བྱེད་དགོས་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese