མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་ཀོ་རེ་ཡའི་བུད་མེད་སྲིད་འཛིན་ཐོག་མ།

བོད་ཀྱི་དུས་བབ།
༢༠༡༢/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

 གཟའ་ལྷག་པའི་ཉིན་གྱི་ལྷོ་ཀོ་རེ་ཡའི་སྲིད་འཛིན་འོས་བསྡུའི་ཁྲོད། ལྷོ་ཀོ་རེ་ཡའི་མཁྲེགས་འཛིན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་པཱར་ཀི་ལ་རྒྱལ་ཁ་ཐོབ་ཡོད་པ་ནི་རྒྱལ་ཁབ་དེའི་བུད་མེད་སྲིད་འཛིན་དང་པོ་ཡིན་འདུག

ཁ་སང་ཕྱི་ཚེས་ ༡༩ ཉིན་གྱི་ལྷོ་ཀོ་རེ་ཡའི་སྲིད་འཛིན་འོས་བསྡུའི་ཁྲོད། ལྷོ་ཀོ་རེ་ཡའི་མཁྲེགས་འཛིན་ཆབ་སྲིད་ཚོགས་པའི་ (Conservative political party) འོས་མི་ལྕམ་པཱར་ཀི་(Park Geun-hye) ལ་འོས་ཤོག་བརྒྱ་ཆ་ ༥༡། ༦ དང་། ཁོང་གི་ཁ་གཏད་འོས་མི་མོན་ཇའེ་ཨིན་ (Moon Jae-in) ལ་བརྒྱ་ཆ་ ༤༨ བཅས་ཐོབ་སྟེ། ལྕམ་པཱར་ཀི་ལྷོ་ཀོ་རེ་ཡའི་བུད་མེད་སྲིད་འཛིན་དང་པོ་དེ་ཆགས་ཡོད་པ་དང་། ལོ་རྗེས་མའི་ཕྱི་ཟླ་ ༢ ནང་ད་ལྟའི་ལས་ཐོག་སྲིད་འཛིན་ལའེ་ (Lee Myun-bal) ཡི་དུས་ཡུན་རྫོགས་རྗེས་ལྕམ་པཱར་ཀི་སྐབས་རྗེས་མའི་སྲིད་འཛིན་གྱི་ལས་ཁུར་ཞུ་རྒྱུ་ཡིན་འདུག

ལྕམ་པཱར་ཀི་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་ཕྱིར་བསྒྲགས་བྱས་འཕྲལ་ཁོ་མོ་རང་ཉིད་ཀྱི་ཨ་ཕ་ཚུད་པའི་ལྷོ་ཀོ་རེ་ཡའི་སྲིད་འཛིན་རིམ་པའི་བང་སོའི་མདུན་དུ་མཆོད་འབུལ་ལ་ཕྱིན་ཏེ། རང་ཉིད་ཀྱི་མི་ཚེ་ཧྲིལ་བོ་སོ་སོའི་རྒྱལ་ཁབ་དང་མི་མང་གི་ཆེད་དུ་བློས་གཏོང་བྱ་རྒྱུའི་དམ་བཅའ་དང་། ཁོ་མོའི་སྲིད་འཛིན་ལས་ཐོག་སྐབས་མི་མང་གི་ཆིག་སྒྲིལ་དང་རྒྱལ་ཁོངས་བདེ་འཇགས་ཐད་དམིགས་བསལ་ཤུགས་གནོན་རྒྱག་རྒྱུའི་ཁས་ལེན་བྱས་ཡོད་པ་མ་ཟད། ཀོ་རེ་ཡ་ལྷོ་བྱང་བར་གྱི་དཀའ་རྙོག་སེལ་པའི་ཁོར་ཡུག་བསྐྲུན་ཐབས་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

རང་ལོ་ ༦༠ ཡིན་པའི་ལྕམ་པཱར་ཀི་ལ་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་འཕྲལ། ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཁོ་མོར་འཚམས་འཕྲིན་བསྐུར་ཏེ། ལྕམ་པཱར་ཀི་དང་མཉམ་ལས་བྱ་རྒྱུར་རེ་ལྟོས་ཡོད་སྐོར་དང་། ལྷོ་ཀོ་རེ་ཡ་ནི་ཨེ་ཤ་ཡའི་བདེ་འཇགས་ཀྱི་རྨང་རྡོ་ཞིག་ཡིན་ཚུལ། ཨ་ཀོ་གཉིས་ནི་རྒྱལ་སྤྱིའི་ཚོང་འབྲེལ་དང་བདེ་འཇགས་ཐད་ཀྱི་མཐུན་གྲོགས་དང་། ཕྱོགས་གཉིས་ཀྱི་མི་མང་གི་འབྲེལ་བ་དམ་པོ་ཡིན་སྐོར་དང་། ད་ལྟའི་སྲིད་འཛིན་ལས་ཐོག་པ་ལའེ་ཡིས་ཨ་ཀོ་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་ཐད་ནུས་པ་བཏོན་ཡོད་པར་ཐུགས་རྗེ་ཆེ་ཞུས་ཡོད་འདུག

ལྕམ་པཱར་ཀི་ནི་དེ་སྔའི་ལྷོ་ཀོ་རེ་ཡའི་སྲིད་འཛིན་པཱར་ཀི་ཆཱང་(Park Chung-hee) གི་བུ་མོ་ཡིན་ཞིང་། པཱར་ཀི་ཆཱང་ ༡༩༧༩ ལོར་ཁོའི་ལག་འོག་གི་གསང་བའི་མགོ་ཁྲིད་ཀྱིས་དམར་གསོད་མ་བཏང་བའི་བར་གྱི་ལོ་ ༡༨ རིང་ལྷོ་ཀོ་རེ་ཡའི་སྲིད་འཛིན་དུ་བསྡད་ཡོད། ཐེངས་འདིར་ལྕམ་པཱར་ཀིར་འོས་ཤོག་བླུགས་མཁན་མང་ཤོས་རྒན་རབས་པ་ཡིན་འདུག་ལ། ཁོ་ཚོས་ལྕམ་པཱར་ཀི་ཡིས་མོ་རང་གི་ཨ་ཕ་ནང་བཞིན་རྒྱལ་ཁབ་སྲ་བརྟན་འཕེལ་རྒྱས་སུ་གཏོང་བའི་རེ་བ་བྱེད་ཀྱི་ཡོད་འདུག

ལྕམ་པཱར་ཀི་རང་ལོ་ ༢༢ སྟེང་ཕ་རྒན་དམར་གསོད་བཏང་ཡོད་པ་དང་། དེས་རྐྱེན་པས་ཁོ་མོའི་ཨ་མ་ཡང་ལོ་དེར་གྲོངས་ཡོད་ཀྱང་། མོས་ཕ་རྒན་གྱི་ལངས་ཕྱོགས་རྒྱུན་འཁྱོངས་གནང་སྟེ་རང་དོན་བློས་གཏོང་གིས་ལྷོ་ཀོ་རེ་ཡའི་རྒྱལ་གཅེས་བུད་མེད་ཅིག་གི་སྣང་བརྙན་བཞག་ཡོད། ཁོ་མོས་གཉེན་སྒྲིག་ཀྱང་མ་བྱས་པར་མི་ཚེ་ཧྲིལ་བོ་རྒྱལ་ཁབ་དང་མི་མང་གི་ཆེད་དུ་བཏང་སྟེ། ཕོ་ཡི་དབང་སྒྱུར་ཤུགས་ཆེ་བའི་ཁྲིམས་བཟོ་ལྷན་ཁང་དུ་སླེབས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༢ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༣ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese