མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་སྲེག་ཐད་འདི་ལྟར་བསམ་སོང་།

བོད་ཀྱི་དུས་བབ།
༢༠༡༢/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

བློ་གྲོས་རབ་བརྟན།

གང་དུ་བཙན་གནོན་ཡོད་ན། དེ་རུ་རང་སྲེག་ཡོད། འདས་པའི་ལོ་གཉིས་ལ་བརྩེ་བའི་སྤུན་ཟླ་བརྒྱ་སྐོར་ཞིག་གིས་བོད་དོན་ཆེད་དུ་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་བྱས་སོང་། འདི་ནི་ད་བར་འཛམ་གླིང་དུ་བྱུང་དཀོན་པའི་ཟིན་ཐོ་ཞིག་རེད་ལ། ད་ལྟའི་བོད་ནང་གི་བོད་མི་ཚོའི་སྡུག་བསྔལ་གྱི་ཟབ་ཚད་དང་སྙིང་སྟོབས་དེ་ཕྱིར་བསྟན་པ་རེད། ད་ལྟའི་ཆར་རང་སྲེག་གི་རྒྱུ་ཕྱོགས་ཀྱང་ཨ་མདོའི་ལྷོ་རྒྱུད་ནས་བྱང་རྒྱུད་དུ་འཕོ་བཞིན་པའི་སྐབས་སུ། ཡིད་གདུང་བས་མནར་བཞིན་རང་ཉིད་ཀྱི་ལྟ་སྟངས་འགའ་འབྲི་རྒྱུ་ཡིན།

མའོ་ཚེ་ཏུང་གིས་གང་དུ་གཉའ་གནོན་ཡོད་ན་དེ་རུ་ངོ་རྒོལ་ཡོད་ཟེར་བ་ལྟར། གང་དུ་བཙན་གནོན་ཡོད་ན་དེ་རུ་རང་སྲེག་ཡོད། དེའི་དཔེ་མཚོན་ནི་དེང་གི་བོད་རེད། རྒྱ་གཞུང་གིས་བོད་དུ་མི་རིགས་རྩ་མེད་དང་། ཐོབ་ཐང་བཙན་འཕྲོག་གི་སྲིད་ཇུས་ཀྱིས་བོད་མི་ཚོ་འཆི་ལམ་དུ་འདེད་བཞིན་པའི་སྐབས་འདིར། བོད་མི་ཚོར་ལམ་ཁ་གཅིག་མ་གཏོགས་ལྷག་ མེད། ལམ་ཁ་དེ་ནི་རང་གི་ངོ་བོ་སྲུང་སྐྱོབ་ཆེད་དུ་རང་སྲེག་གིས་རྒྱ་གཞུང་ལ་ཞི་རྒོལ་བྱ་རྒྱུ་དེ་རེད། འདི་ནི་བོད་མི་ཚོས་མི་ལོ་ལྔ་བཅུའི་དཀའ་སྡུག་གི་བརྒྱུད་རིམ་ཁྲོད་དུ་ཐབས་ཤེས་འདྲ་མིན་གྱིས་རྒྱ་གཞུང་ལ་ཞི་འབོད་བྱས་ཀྱང་། དགོས་པའི་གྲུབ་འབྲས་མ་བྱུང་སྟབས་མཐའ་མའི་ཐག་ཆོད་འདི་བྱས་པ་རེད། ཐག་ཆོད་འདི་ལྟར་ཡོང་དགོས་དོན་ནི་རྒྱ་གཞུང་གིས་བོད་དུ་བཟུང་བའི་སྲིད་ཇུས་དང་དེང་གི་དྲག་གནོན་ལ་ཐུག་ཡོད། འདིའི་མཇུག་འབྲས་ཅི་བྱུང་དང་། རང་སྲེག་མཚམས་ཇི་ལྟར་འཇོག་མིན་ཡང་རྒྱ་གཞུང་གིས་བོད་དུ་ལས་ཀ་བྱེད་སྟངས་ཀྱིས་ཐག་གཅོད་གི་རེད།

བོད་མི་ཚོ་དོན་དམ་གྱི་འཐབ་རྩོད་ལ་ཞུགས་ཏེ། རང་སྲེག་གིས་རྒྱ་གཞུང་ལ་ཞི་རྒོལ་འཕྲོ་མཐུད་བཞིན་ཡོད། དེས་རྒྱ་གཞུང་གི་དྲག་གནོན་ལ་བཟང་ཕྱོགས་ཀྱི་གཡོ་འགུལ་ཐེབས་རྒྱུའི་ཚབ་ལ། ཇེ་སྡུག་ཇེ་ངན་དུ་གཏོང་བཞིན་ཡོད། འོན་ཏེ་འདིས་བཙན་བྱོལ་དུ་བོད་མི་སྐོར་ཞིག་ལ་གཡོ་འགུལ་ཐེབས་བཞིན་ཡོད་དེ།༼ད་རང་སྲེག་མཚམས་འཇོག་དགོས་འདུག༧ གོང་ས་མཆོག་གིས་དེའི་ཐད་གསུང་གི་མི་འདུག༽ཅེས་སྐད་ཤོད་ཀྱིན་འདུག་ཅིང་། སྐད་ཆ་འདི་དག་ནི་རྒྱ་གཞུང་གིས་རང་སྲེག་གི་རྒྱབ་ན་༧གོང་ས་མཆོག་དང་། བཙན་བྱོལ་བོད་མི་ཡོད་རབས་བཤད་པ་དང་ཐག་ཉེ་བོ་རེད། རང་སྲེག་གིས་ཞི་རྒོལ་མཚམས་འཇོག་མིན་ནི་རྒྱ་གཞུང་གིས་བོད་མི་ཚོར་དྲག་གནོན་མཚམས་འཇོག་མིན་དང་། བོད་མི་ཚོར་དགོས་པའི་ཐོབ་ཐང་སྤྲོད་མིན་ལ་ཐུག་ཡོད་པ་ལས་༧གོང་ས་མཆོག་དང་བཙན་བྱོལ་བོད་མི་ཚོ་ལ་ཐུག་པ་ཞིག་མ་རེད། ༧གོང་ས་མཆོག་དང་བཙན་བྱོལ་བོད་མི་ཚོ་ནི་བོད་ནང་གི་བོད་མི་ཚོའི་རྗེས་འབྲང་བ་ཞིག་དང་། ཁོང་ཚོའི་རེ་བ་རྒྱལ་སྤྱིར་གསལ་བོ་བཟོ་མཁན་ཞིག་རེད།

༧གོང་ས་མཆོག་དང་བཙན་བྱོལ་བོད་མི་ཚོས་རང་སྲེག་བྱེད་དགོས་ཀྱི་འདུག་ལ། དེ་འགྲིག་འདུག་ལབ་མཁན་ཞིག་ཡོད་རྒྱུ་མ་རེད། འོན་ཏེ་ཕྱོགས་གཞན་ནས་བཤད་ན། རང་སྲེག་མཚམས་འཇོག་དགོས་འདུག་ཟེར་ན། བོད་མིའི་རྩ་དོན་ཆེད་དུ་འཐབ་རྩོད་མཚམས་འཇོག་དགོས་འདུག་ཟེར་བ་རེད། འདི་ནི་རྒྱ་གཞུང་ལ་དགོས་པ་ཨ་མ་དེ་ཡང་རེད། ད་ལྟའི་རང་སྲེག་འདི་ནི་བོད་ནང་བོད་མི་ཚོ་དོན་དམ་གྱི་འཐབ་རྩོད་ལ་ཞུགས་ཏེ་ཡོད་ཚད་བློས་གཏོང་གི་རྒྱུ་ཕྱོགས་ཤིག་རེད། འདིས་བོད་མི་ཚོའི་སྙིང་སྟོབས་དང་ཆོད་སེམས་མཚོན་པ་མ་ཟད། ཞི་རྒོལ་གྱི་ས་ཁྱོན་ཀྱང་ཆེ་རུ་འགྲོ་བཞིན་ཡོད།

ཕྱོགས་གཞན་ནས་བལྟས་ན། རང་སྲེག་གི་ཞི་རྒོལ་རེ་བྱུང་བ་ན། དེ་མ་ཐག་རྒྱ་གཞུང་གིས་ས་ཁུལ་དེར་དམ་དྲག་དང་བཙན་གནོན་ཚད་ལས་བརྒལ་བ་བྱེད་བཞིན་ཡོད། དེས་བོད་མི་ཚོ་བཟོད་མི་ཐུབ་པའི་གནས་སུ་བསྐྱལ་ཏེ། ཡང་ནས་བསྐྱར་དུ་ས་གནས་དེ་རང་ལ་རང་སྲེག་འབྱུང་གི་ཡོད། གལ་ཏེ་རྒྱ་གཞུང་གི་བཙན་གནོན་དེ་དག་མེད་ན། རང་སྲེག་དེ་དག་ཡང་ནས་བསྐྱར་དུ་འབྱུང་གི་མ་རེད།

ང་ཚོ་རྫིག་པོ་དང་སྤམ་པོ་བྱས་ནས་སྡོད་སྐབས་མ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་དུ་རང་སྲེག་ཐད་ཤེས་ཡོན་ཅན་གྱི་བགྲོ་གླེང་ངེས་པར་དུ་བསྡུ་དགོས་ལ། འདིས་བཀའ་ཤག་གི་ལས་ཀ་བྱེད་སྟངས་ལ་ཕན་ཐོག་ཡོང་གི་རེད། བོད་རྒྱ་དབྱིན་གསུམ་གྱི་ཤེས་ཡོན་པ་དག་སྡེ་ཚན་སོ་སོར་ཚོགས་ཏེ། བོད་དུ་འབྱུང་བཞིན་པའི་རང་སྲེག་ཐད་དགོངས་ཚུལ་ཅི་ཡོད་དང་། བཙན་བྱོལ་བོད་མི་ཚོས་ཅི་ཞིག་བྱེད་དགོས་མིན་གྱི་བསམ་ཚུལ་ལ་ཉན་དགོས་པ་མ་ཟད། དགོངས་ཚུལ་གྱི་ཆེད་རྩོམ་དག་བཀའ་ཤག་གི་དཔྱད་ཡིག་ཏུ་ཉར་དགོས། འདི་ལྟར་བྱས་ན། བཀའ་ཤག་གིས་གསར་ལམ་ཁག་གི་སྐད་ཆ་ཙམ་མ་ཡིན་པར་རང་སྲེག་ཐད་གཏིང་ཟབ་ས་ནས་སྐད་ཆ་བཤད་ཐུབ་ཀྱི་རེད་ལ། སྲིད་ཇུས་འཛིན་ཕྱོགས་ལའང་ཕན་ཐོགས་ཡོང་གི་རེད། འདི་དགོས་ངེས་ཅན་ཞིག་སྟེ། འདི་ལྟར་མ་བྱས་ན། ད་ལྟའི་བཀའ་ཤག་ཏུ་བོད་ནང་གི་གནས་སྟངས་དངོས་ལ་རྒྱུས་མངའ་ཡོད་མཁན་ཞིག་མེད་ལ། གསར་ལམ་ཁག་གི་གནས་ཚུལ་ཙམ་གྱིས་བོད་ཀྱི་གནས་སྟངས་ལ་གཞིགས་ཏེ་སྲིད་ཇུས་རན་པ་ཞིག་འཛིན་མི་ཐུབ་ལ། རྒྱ་གཞུང་གིས་རང་སྲེག་ཐད་ལོག་འགྲེལ་དག་ལ་གནད་འཁེལ་ལན་འདེབས་ཞིབ་ཚགས་ཤིག་དེ་བས་བྱེད་མི་ཐུབ་པ་རེད།

ཚང་མས་ཤེས་གསལ་ལྟར། ཉེ་ཆར་ཨ་རིའི་གཞུང་གིས་བོད་དུ་རང་སྲེག་བྱེད་མཁན་སྐོར་ཞིག་གི་གཉེན་འབྲེལ་ལ་ཐུག་འཕྲད་བྱས་པ་རེད། འདི་ཡང་བྱེད་ཐབས་ཤིག་རེད་ལ། བྱེད་ཐུབ་ས་ནས་ལས་དོན་ཞིག་བྱས་པ་རེད། བོད་གཞུང་གིས་ཀྱང་བོད་དུ་རང་སྲེག་བྱུང་ས་གཙོ་བོ་རྔ་པ་དང་རེབ་གོང་། བླ་བྲང་། དཀར་མཛེས་སོགས་ཀྱི་རང་སྲེག་བྱེད་མཁན་གྱི་གཉེན་འབྲེལ་ཕྱི་ལོགས་ལ་ཡོད་ན་དེ་དག་གཙོས་ས་ཁུལ་དེ་དག་གི་མི་སྣ་བསྡུ་སྐོང་བྱས་ཏེ། ཁོང་ཚོར་གུས་བརྩི་དང་ཆེ་མཐོང་བྱེད་དགོས་ལ། ཁོང་ཚོའི་སེམས་ཀྱི་སྐད་ཆར་ཉན་དགོས། ཁོང་ཚོ་བརྒྱུད་དེ་བོད་དུ་རང་སྲེག་བྱེད་མཁན་གྱི་ནང་མི་གཉེན་འབྲེལ་དག་ལ་སེམས་གསོ་བྱེད་འོས། འདིས་འགྱུར་བ་ཆེན་པོ་ཞིག་གཏོང་མི་ཐུབ་ཀྱང་། རྒྱ་གཞུང་གིས་རང་སྲེག་བྱེད་མཁན་དག་ཁེ་རྐྱང་དུ་ཕུད་བཞིན་པའི་སྐབས་སུ། ཁོང་ཚོ་ལ་མ་མཐའ་ཡང་ཁེ་རྐྱང་མིན་པའི་ཚོར་བ་ཞིག་བསླེབ་ངེས་རེད།

བོད་དུ་རང་སྲེག་མུ་མཐུད་དུ་འབྱུང་གི་ཡོད། ཁོང་ཚོའི་གནས་ཚུལ་རེག་ཚད་དང་། ཁྱབ་སྒྲོག་གི་ཐད་ནས་བསམས་ན་བསླེབ་དགོས་ས་དེར་བསླེབས་མི་འདུག་ལ། ད་བར་གནས་ཚུལ་རོབ་ཙམ་རེ་རག་པ་དག་ནི་མི་སྒེར་བས་ཐབས་ཤེས་བྱས་པ་རྐྱང་རེད། གནས་ཚུལ་བོད་གཞུང་ལ་ཐད་ཀར་རག་པ་ཞིག་མེད་ཚོད་རེད། མི་སྒེར་བ་དག་གིས་འབད་བརྩོན་མ་བྱས་ན་ད་ལྟའི་གནས་ཚུལ་འདི་དག་ཀྱང་ཡོད་རྒྱུ་མ་རེད། ང་ཚོ་ལ་གནས་ཚུལ་རག་པ་དེས་འདང་གིས་མི་འདུག་ལ། བོད་གཞུང་གིས་ངེས་པར་དུ་མི་རྒྱུ་གཉིས་ཀྱིས་གནས་ཚུལ་བསྡུ་རུབ་བྱེད་མཁན་དག་ལ་མཐུན་འགྱུར་ཚད་མཐོ་གནང་དགོས་ལ། གནས་ཚུལ་ཁྱབ་བསྒྲགས་ཐད་གོ་རིམ་པ་ཡོད་པ་དང་། བོད་པའི་གསར་ལམ་དག་ལས་རྒྱལ་སྤྱིར་ཤུགས་རྐྱེན་སྤྲོད་ཐུབ་པའི་གསར་ཁང་དག་ཏུ་གནས་ཚུལ་སྔོན་ལ་སྤྲོད་དགོས། དེ་ལྟར་མ་བྱས་ན་གསར་ཁང་ཆེ་བ་དག་གིས་གསར་ལམ་གཞན་དུ་བཀོད་ཟིན་པ་ཞིག་ཡང་སྐྱར་འགོད་རྒྱུ་ཉུང་ཉུང་རེད་ལ། གསར་ཁང་ཆེ་བ་དག་གིས་འདྲེན་བཀོད་ལས་རང་གི་གསར་འགྱུར་གཙོ་འདོན་གནང་གི་རེད།

བོད་ཀྱི་ལོ་རྒྱུས་སུ་ཆོས་དང་འབྲེལ་བའི་རང་ལུས་མཆོད་མེར་ཕུལ་བ་བྱུང་འདུག་ལ། འོན་ཏེ་ཆབ་སྲིད་དང་འབྲེལ་བའི་རང་ལུས་མེར་སྲེག་གཏོང་བ་བོད་དུ་ལོ་འགའི་སྔོན་ནས་མགོ་བརྩམས་ཡོད། དེང་གི་བོད་ནང་གི་རང་ལུས་མེར་བསྲེགས་ཀྱིས་རྒྱ་རྒོལ་ལ་ང་ཚོས་རང་ལུས་མཆོད་མེར་ཕུལ་བ་རེད་ཅེས་བརྗོད་ན་དགེ་སྦྱོང་ཞིག་གི་ངོ་བོ་འགྱུར་འགྲོ་ལ། རང་སྲེག་གཏོང་མཁན་ཚོའི་བློས་གཏོང་དང་རང་སྲེག་གི་ལྕི་ཁོག་ཆུང་དུ་གཏོང་བཞིན་ཡོད། དེ་བས་རང་ལུས་མེར་བསྲེགས་ཞེས་ཚིག་འདི་སྤྱད་ན་ཆབ་སྲིད་ཀྱི་ཚིག་ཡིན་པར་མ་ཟད། དོིན་གྱི་ལྕི་ཁོག་ཏག་ཏག་སྟོན་ལ་ཁྱད་པར་འདུག་སྙམ།

འདི་ནས་སྨྲ་མཚམས་འཇོག་གི་ཡིན། དེ་རིང་ཁ་སང་ནི་རྒྱལ་སྤྱིའི་ཁྲོད་ནས་བོད་ནང་གི་གནས་སྟངས་ཐད་ཕྲན་བུ་ཁ་གྲག་བཞིན་ཡོད། བོད་ཕྱི་ལོགས་སུ་བོད་དུ་རང་སྲེག་བྱས་པའི་གནས་ཚུལ་མ་གོ་བར་བདུན་ཕྲག་ཁ་ཤས་འགྲོ་སོང་། འོན་ཏེ་རང་སྲེག་བྱུང་ཡོད་ཀྱང་གནས་ཚུལ་མ་གོ་བའང་ཡིན་སྲིད། འདས་པའི་ཉིན་འགའི་རིང་གོ་བ་ནི་བོད་མི་ཚོ་རྒྱ་གཞུང་གིས་སྡེབ་འཛིན་བྱེད་བཞིན་པའི་གནས་ཚུལ་འདི་རེད། སང་ཉིན་བོད་དུ་ཅི་ཞིག་འབྱུང་གི་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༣ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༣ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༣ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༤ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 2

  1. རིགས་བུ། says:
    ལོ་ 13 སྔོན།

    བློ་གྲོས་རབ་བརྟན་ལགས་ཀྱིས་ཧ་ཅང་གནས་ལུགས་ཅན་གྱི་རྩོམ་ཡིག་མང་པོ་ཚིག་སྤེལ་སོང་། ཐེངས་འདིར་ཡང་བོད་ནང་རང་རང་ལུས་མེར་བསྲེགས་དེར། སྐུ་ལུས་མཆོད་འབུལ་སོགས་ཀྱི་ཚིག་བེད་སྤྱོད་བཏང་ཚེ། ཆབ་སྲིད་ཀྱི་ནུས་པ་ཉམས་ཏེ་ཆོས་ཚིག་དང་དགེ་སྦྱོང་གི་ངོ་བོར་འགྱུར་ཉེན་ཡོད་སྐོར་ཞིག་གསུངས་དེར་རྒྱུ་མཚན་ཆེན་པོ་འདུག

    Reply
  2. བསྟན འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    ཧ་ཅང་ལེགས། ཁོ་བས་གང་མང་གླེང་མྱོང་། རྒྱུད་ལམ་སྣ་ཚོགས་ནས་བྱུང་བའི་གནས་ཚུལ་རྣམས་གཞི་གཅིག་ལ་སྤོང་དེ་བོད་གཞུང་ལ་སྤྲད། དེས་གསར་ལམ་སི་ཨན་དང་རྦིས་རྦིས་སི་སོགས་ཆེ་ཁག་ལ་སྤྲད།་དེ་རུ་བཀོད་རྗེས་གཞིས་ནས་བོད་གཞུང་དྲ་གནས་སོགས་ལ་ཚུར་བཀམ་ན་ལེགས་པ་ངེས་ཅན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese