གཟའ་ལྷག་པའི་ཉིན་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་པའི་སློབ་མའི་སྣེ་འཁྲིད་པའི་སློབ་མ་སྐོར་ཞིག་གིས། སྤིར་སུ་ཇཱ་སློབ་གྲྭ་ནས་ངྷ་ས་མེག་གྷན་བར་ཉིན་གསུམ་གྱི་ཞི་བའི་གོམ་བགྲོད་གནང་རྒྱུ་རེད།
སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་མའི་ལས་འགུལ་ཚོཊ་ཆུང་གིས་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། སྤིར་གཞིས་ཆཊ་ཉེ་འགྲམ་དུ་ཡོད་པའི་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་པའི་སློབ་མས་སྣེ་འཁྲིད་པའི་སློབ་མ་སྐོར་ཞིག་གིས། དགོས་འདུན་དོན་ཚན་གསུམ་ཅན་ཞིག་བཏོན་ཏེ། ཟླ་འདིའི་ཕྱི་ཚེས་ ༢༦ ནས་ ༢༨ ཉིན་བར་སུ་ཇཱ་བོད་ཁྱིམ་སློབ་གྲྭ་ནས་ངྷ་ས་གཙུག་ལག་ཁང་བར་ཞི་བའི་གོམ་བགྲོད་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་འདུག
སློབ་མའི་དགོས་འདུན་དོན་ཚན་དེ་དག་ནིི། དང་པོ། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་རྗེས་དྲན་བྱ་རྒྱུ། གཉིས་པ། བཙན་བྱོལ་བོད་མི་རྣམས་རྨོངས་གཉིད་ནས་སེལ་དགོས་རྒྱུ། གསུམ་པ། བོད་ཕྱི་ནང་གཉིས་ཀྱི་སློབ་མ་ཚོས་སྐྱིད་སྡུག་མཉམ་མྱོང་དགོས་རྒྱུ་དང་། བོད་རིཊ་སེར་སྐྱ་མི་དམངས་ཚོས་རྒྱབ་སྐྱོར་དང་རང་རྟོཊ་དགོས་རྒྱུ་བཅས་ཡིན་འདུག
ཕྱི་ཚེས་ ༢༨ ཉིན་གྱི་ཕྱི་དྲོ་སློབ་ཕྲུག་དེ་དག་གིས་བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་པ་ཚོར་བསྔོ་སྨོན་མཆོད་འབུལ་གནང་རྒྱུ་དང་། ཉིན་དེའི་དགོང་མོར་ངྷ་སར་མར་མེ་ཁྲོམ་སྐོར་ཞིག་ཀྱང་གནང་རྒྱུ་ཡིན་འདུག
གསར་འགོད་པ། དཔལ་ལྡན།
རང་ཉིད་ཀྱང་སློབ་མ་ཞུག་ཡིན་པས་ཆ་ནས། སུ་ཇ་བོད་ཁྱིམ་གྱི་སློམ་མའི་ལས་འགུལ་བ་ཚང་མར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད་ལ། སྐབས་འདིའི་གང་མགྱོགས་རྫོགས་སོ་བ་ཡིན་ན། རང་ཉིད་ཀྱང་ལས་འགུལ་འདིེར་ཞུགས་རྒྱུ་ཡིན། གཅིག་ནས་རང་ཉིད་སློབ་མ་ཞིག་ཡིན་པ་དང་གཉིས་ནས་རང་ཉིད་ཀྱང་སུ་ཇ་སློབ་གྲའི་སློབ་ཕྲུག་ཟུར་བ་ཞིག་ཡིན་པས། གང་མགྱོགས་ལས་འགུལ་འདིར་ཞུགས་ངེས་ཡིན། གཞན་གོང་གི་འབོད་ཚིག་དོན་ཚན་གསུམ་དེ་ཡང་དུས་བབ་དང་མཐུན་པ་ཞིག་ཏུ་སྣང་བས་རྗེས་སུ་ཡི་རངས་ཞུ་ཞུ།