མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ཨུ་རུ་སུར་ཆིབས་བསྒྱུར་གྱི་ཐོངས་མཆན་སྤྲོད་རོགས།

བོད་ཀྱི་དུས་བབ།
༢༠༡༢/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་མཆོག་གི་གསུང་ཆོས་ཞུ་བཞིན་པའི་ཏེ་ལོ་རིན་པོ་ཆེ་གཙོས་ཨུ་རུ་སུའི་ནང་པའི་ཆོས་ཞུ་བ་ ༨༠༠ ལྷག་གིས། དེང་སྐབས་རྒྱ་གར་རྒྱལ་ས་ལྡི་ལིར་འཚམས་གཟིཊ་གནང་བཞིན་པའི་ཨུ་རུ་སུའི་སྲིད་འཛིན་པུའུ་ཊིན་ལཊ་སུ། ༸གོང་ས་མཆོག་ལ་ཨུ་རུ་སུར་ཆིབས་བསྒྱུར་གྱི་ཐོངས་མཆན་སྤྲོད་དགོས་པའི་སྙན་ཞུ་འབུལ་རྒྱུ་རེད།

ཁ་སང་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཀེན་བྷི་སིའི་གསོལ་མགྲོན་ཁང་དུ། ༸གོང་ས་མཆོག་གིས་ཨུ་རུ་སུའི་མངའ་ཁུལ་ཁཱལ་མུག་དང་བྷོ་རི་ཡཱ་ཐི། ཐུ་ཝ་བཅས་ཀྱི་དད་ལྡན་ ༡༢༠༠ ཙམ་དང་། བོད་ནས་ཕེབས་པའི་གསར་འབྱོར་བ། ཧི་མ་ལ་ཡའི་རི་རྒྱུད་བཅས་ཀྱི་ཆོས་ཞུ་བ་ ༡༥༠༠ བརྒལ་བར། དུས་ཡུན་ཉིན་ ༤ རིང་གི་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི༼སྤྱོད་འཇུག་ཆེན་མོ༽བཀའ་ཁྲིད་གནང་མགོ་བཙུཊ་ཡོད།

ཨུ་རུ་སུའི་ཆོས་ཞུ་བ་ཐུན་མོང་གིས་ཐེངས་འདིར། དེང་སྐབས་རྒྱ་གར་རྒྱལ་ས་ལྡི་ལིར་གཟིཊ་སྐོར་གནང་བཞིན་པའི་ཨུ་རུ་སུའི་སྲིད་འཛིན་པུའི་ཊིན་(Putin)ལཊ་སུ། ༸གོང་ས་མཆོག་ཨུ་རུ་སུར་ཆིབས་བསྒྱུར་གྱི་ཐོངས་མཆན་སྤྲོད་དགོས་པའི་སྙན་ཞུ་ཞིག་འབུལ་རྒྱུ་ཡིན་འདུག་ལ། དེའི་ཐད་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་དབུ་ཁྲིད་དང་ཨུ་རུ་སུའི་ནང་པའི་མཐུན་ཚོཊ་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་མཆོག་གིས་བརྒྱུད་ལམ་ཁག་ཏུ་བརྗོད་པ་ལྟར་ན། དེང་སྐབས་ཨུ་རུ་སུར་ནང་པ་ས་ཡ་གཅིག་དང་ཕྱེད་ཀ་ཙམ་ཡོད་ཅིང་། འདས་པའི་མི་ལོ་༨ ཙམ་རིང་ཨུ་སུ་རུ་ཁལ་མུག་དང་བྷོ་རུ་ཡཱ་ཐུ། ཐི་ཝ་གཙོས་ནང་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ཨུ་རུ་སུར་ཆིབས་བསྒྱུར་ཐད་གསོལ་འདེབས་ལན་མང་བཏབ་ཀྱང་སྲིད་འཛིན་པུའུ་ཊིན་གྱིས་ཐོངས་མཆེན་སྤྲད་མེད་པ་དང་། ཨུ་རུ་སུའི་ནང་པ་ཚོར་སོ་སོའི་ཆོས་ལུཊ་ལག་བསྟར་དང་ཡར་རྒྱས། ངོ་སྤྲོད་བྱ་རྒྱུའི་རང་དབང་དང་ཐོབ་ཐང་ཡོད་དགོས་པ། ཆོས་དང་ཆབ་སྲིད་གཉིས་མཉམ་བསྲེས་མ་བྱས་ན་ཕན་ཚུན་བར་དཀའ་ངལ་གང་ཡང་མེད་ཅིང་། ༸གོང་ས་མཆོག་གིས་ནང་ཆོས་ཙམ་མིན་པར་ཆོས་ལུཊ་ཡོངས་རྫོཊ་འཆམ་མཐུན་མཉམ་གནས་དང་ཡར་རྒྱས། འགྲོ་བ་མིའི་རིན་ཐང་དང་འཛམ་གླིང་ཞི་བདེའི་སྐོར་གྱི་བཀའ་སློབ་བསྩལ་བ་ཁག་ཨུ་རུ་སུའི་མང་ཚོཊ་ལ་ཕན་ཐོགས་ཆེན་པོ་ཡོད་སྐོར་སོགས་བརྗོད་འདུག

ཐེངས་འདིའི་གསུང་ཆོས་ཐོག་༸ གོང་ས་མཆོག་གིས་ཆོས་ཞུ་བ་ཚོར། ཕ་མེས་ཆོས་ལུཊ་ལ་བརྗེ་སྒྱུར་མ་བྱས་ན་ཡག་པོ་ཡོད་པའི་ཐད་བཀའ་སློབ་བསྩལ་དོན། “དེ་རིང་ཁྱེད་ཚོ་རཱ་ཤི་ཡའི་ཁོངས་ཀྱི་ནང་པའི་རྒྱལ་ཕྲན་ཁལ་མུག་དང་བྷོ་རི་ཡཱ་ཐུ། ཐུ་ཝ། དེ་མིན་ཕྱིས་སུ་རཱ་ཤི་ཡའི་ནང་གི་མི་རིགས་དཀར་པོའི་ནང་ནང་ཆོས་ལ་དོ་སྣང་བྱེད་མཁན་ཕྲན་བུ་ཡོང་གི་ཡོད། ཁྱེད་ཚོར་ལོ་གཅིག་གཉིས་གོང་ནས་ཆོས་འབྲེལ་བྱ་རྒྱུ་བྱས་པ་ལྟར་དེ་རིང་ཆོས་འབྲེལ་བྱ་རྒྱུ་བྱུང་བ་རེད། ཁྱེད་ཚོ་ཕ་མེས་ནས་ནང་པ་ཡིན་མཁན་ཚོས་སོ་སོའི་ཕ་མེས་ཀྱི་རིན་ཐང་ལ་གཞི་ནས་དོ་སྣང་གསར་པ་བྱེད་པ་དེ་ཧ་ཅང་ཡག་པོ་རེད། དེ་སྔ་ནང་ཆོས་ལ་འབྲེལ་བ་མེད་མཁན་མོ་སུ་ཁོ་སོཊ་སུ། དེང་སྐབས་ནང་ཆོས་ལ་དོ་སྣང་བྱེད་མཁན་གང་འཚམ་ཡོང་གི་འདུག དེ་མིན་ས་ཁུལ་གཞན་ནས་ཀྱང་ཡོད་ཀྱི་རེད། དེ་དག་ཕ་མེས་ནས་ཡེ་ཤུའི་ཆོས་བྱེད་མཁན་ཡིན་པ་ལས་ནང་པའི་ཆོས་བྱེད་མཁན་ཆཊ་ཡོད་པ་མ་རེད། ངོས་ཀྱིས་ནམ་རྒྱུན་སོ་སོའི་ཕ་མེས་ཆོས་ལུཊ་རྒྱུན་འཛིན་བྱས་ན་བརྟན་པོ་ཡོང་གི་རེད་ཅེས་བཤད་ཀྱི་ཡོད། ཆོས་ལུཊ་ལ་འགྱུར་བ་གཏོང་རྒྱུའི་ཐོག་བསམ་བློ་ཡག་པོ་གཏོང་དགོས་པ་རེད།  དེང་སྐབས་ནུབ་ཕྱོགས་རྒྱལ་ཁབ་ཡུ་རོབ་དང་ཨ་མི་རི་ཀ་ལྷོ་བྱང་གཉིས་ནང་། དེ་སྔ་ནང་པའི་ཆོས་ལ་འབྲེལ་བ་མེད་ཀྱང་། སྤྱིར་ནང་ཆོས་དང་ཡང་སྒོས་བོད་ཀྱི་སངས་རྒྱས་པའི་ལྟ་གྲུབ་སྐོར་ལ་དོ་སྣང་གསར་པ་ཞིག་ཡོང་གི་འདུག ཁྱེད་ཚོ་ཡང་ཕ་མེས་ནས་ནང་པའི་ཆོས་བྱེད་མཁན་ཆཊ་མེད་ཀྱང་། ནང་ཆོས་ལ་དོ་སྣང་གསར་པ་སླེབས་སྐབས་དེའི་ཐོག་བསམ་བློ་ཡག་པོ་གཏོང་དགོས། སངས་རྒྱས་ཀྱི་ལྟ་གྲུབ་དེ་སོ་སོའི་ཁམས་དང་མོས་པར་རན་པོ་ཞིག་དང་། སོ་སོའི་སེམས་ལ་ཕན་ཐོཊ་ཡོད་པ་ཞིག་ཡིན་ན་སོ་སོའི་རང་དབང་རེད། སོ་སོའི་ཕ་མེས་ཀྱི་ཆོས་ལས་ཆོས་གཞན་ཞིག་ལ་དོ་སྣང་གསར་པ་བསླེབས་པ་ཡིན་ནའང་། སོ་སོའི་ཕ་མེས་ཀྱི་ཆོས་ལ་བརྩི་བཀུར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རིཊ་ཁག་གཅིག་གིས་ཆོས་ལུཊ་བརྗེ་བསྒྱུར་བྱས་པ་དེས་ཡང་དག་པ་ཡིན་པའི་རྒྱུ་མཚན་དུ་བྱས་ཏེ། ཆོས་ལུཊ་རྙིང་པ་དེར་བརྩི་བཀུར་མ་བྱས་ན་ཡག་པོ་ཡོད་པ་མ་རེད། ”ཅེས་གསུངས་འདུག  

 ༸གོང་ས་མཆོག་གིས་བོད་ནས་ཕེབས་པའི་ཆོས་ཞུ་བ་སྐོར་ཞིག་ལ། ཁྱེད་ཅག་ལ་སོ་སོའི་མི་རིགས་ཀྱི་ཞེན་ཁོག་དང་སངས་རྒྱས་བསྟན་པར་དད་གུས་ཆེན་པོ་ཡོད་ཀྱང་། དེང་སྐབས་བོད་ནང་ཆོས་འཆད་ཉན་གྱི་གོ་སྐབས་ཁག་པོ་ཆགས་ཡོད་སྟབས། དེ་རིང་འདིར་ཐེངས་གཅིག་བསླེབས་པ་ཡིན་དུས་ཧ་ཅང་གཟབ་ནན་གྱིས་ཉན་དགོས་ཚུལ་སོགས་གསུངས་འདུག

ཡང་༸གོང་ས་མཆོག་གིས་འཛམ་གླིང་ཐོག་ཆོས་དང་མ་འདྲེས་པའི་བཟང་སྤྱོད་ཡར་རྒྱས་གཏོང་ཕྱོཊ་གསུངས་དོན། “ཆོས་ཡོད་ན་བྱམས་བརྩེ་ཉམས་ལེན་བྱ་རྒྱུ་ཡོད་པ་དང་། ཆོས་མེད་ན་བྱམས་བརྩེ་ཡོང་མི་སྲིད་པ་དེ་འདྲ་རྩ་བ་ནས་མ་རེད། ཆོས་ལ་དད་པ་བྱེད་མིན་ལ་ཁྱད་པར་གང་ཡང་མེད་ཀྱང་། སོ་སོ་སྐྱིད་པ་དང་མི་ཚེ་རིང་བ། གཟུཊ་པོ་བདེ་བ་ཞིག་འདོད་ན་ངེས་པར་དུ་སེམས་ལ་ཞི་བདེ་དགོས་ཀྱི་ཡོད། སེམས་ལ་ཞི་བདེ་ཡོང་རྒྱུ་དེ་གཙོ་བོ་བྱམས་བརྩེ་ལ་ཐུག་བསྡད་ཡོད། གནས་སྟངས་དེའི་ཐོག་དེང་སྐབས་ཚན་རིག་པ་དང་བསམ་བློ་བ་མང་པོ་ཞིག་གིས་ཀྱང་དེ་ལྟར་བཤད་ཀྱི་འདུག དེའི་སྟབས་ཀྱིས་ང་ཚོས་བྱམས་བརྩེ་གོང་སྤེལ་གཏོང་རྒྱུའི་ཐོག་འབད་བརྩོན་བྱ་རྒྱུ་ཧ་ཅང་གལ་ཆེན་རེད། བྱམས་བརྩེ་ནི་ཆོས་ལུཊ་ཚང་མའི་སྙིང་པོ་ཡིན་པ་ལས། ཆོས་དད་ཡོད་ན་བྱམས་བརྩེར་དོ་སྣང་བྱ་དགོས་པ་ཞིག་དང་། ཆོས་དད་མེད་ན་བྱམས་བརྩེར་དོ་སྣང་བྱ་མི་དགོས་པ་དེ་འདྲ་མ་རེད། ང་ཚོས་འཛམ་གླིང་འདིའི་མི་དུང་ཕྱུར་ ༧༠ ཀུན་ལ་ཁྱབ་ཐུབ་པའི་ཆོས་དང་མ་འདྲེས་པའི་བཟང་སྤྱོད་ཅིག་ཡོང་ཐབས་ལ་བསམ་བློ་གཏོང་དགོས། ཆོས་པ་ཚོས་ཀྱང་ཆོས་དང་མ་འདྲེས་པའི་བྱམས་བརྩེ་གལ་ཆེན་ཡིན་པ་ངོས་འཛིན་བྱུང་ན། ཆོས་པ་མིང་དོན་མཚུངས་པ་ཞིག་ཡོང་གི་རེད། ང་ཆོས་པ་ཡིན་ཞེས་རྗོད་ཀྱི་ཡོད་ཀྱང་ཆོས་དང་མ་འདྲེས་པའི་བཟང་སྤྱོད་མེད་ན། ཆོས་དེ་མ་རབས་བྱ་རྒྱུའི་ཐོག་ལ་བེད་སྤྱོད་བྱེད་ཀྱི་རེད། ”ཅེས་གསུངས་འདུག

གསུང་ཆོས་དེ་སྐུ་སྒེར་དྲ་ཚིཊ་བརྒྱུད་ཨུ་རུ་སུའི་སྐད་དང་བོད་སྐད། རྒྱ་སྐད། དབྱིན་སྐད། སོག་སྐད་བཅས་ཀྱི་ནང་ཐད་གཏོང་གནང་བཞིན་ཡོད་འདུག སང་ཉིན་ཕྱི་ཚེས་ ༢༦ ཉིན་༸གོང་ས་མཆོག་ལྡི་ལི་བོད་སྒར་བསམ་ཡས་གླིང་གཞིས་ཆཊ་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོར་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣

མཆན། 2

  1. ཤག་སྒང་པ། says:
    ལོ་ 13 སྔོན།

    འོ་་་་་མདུན་གྱི་མེ་ཏོག་ཚུན་པོས་བསྟར་བསྒྲིགས་པའི་མཆོད་པ་དེ་ལའང་སྣང་བ་ཞིག་འགྲོ་སོང་།

    སླར་ཡང་དགེའོ།།

    Reply
  2. ཤག་སྒང་པ། says:
    ལོ་ 13 སྔོན།

    ༧གོང་ས་མཆོག་བཞུག་སའི་བཞུགས་བཏེགས་དེར་སྣང་བ་དམིགས་བསལ་ཞིག་འགྲོ་སོང་།

    གོ་སྒྲིག་པར་བསྟོད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese