མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀྲུས་ཀྱང་མི་དག་པའི་བོད་མི་ཞིག་ཡིན་པ་གཏིང་ཟབ་པོས་ངོ་འཕྲོད་པ་བྱོས།

བོད་ཀྱི་དུས་བབ།
༢༠༡༢/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བཙན་བྱོལ་གྱི་འཛིན་རིམ་བཅུ་གཅིག་གི་སློབ་མ་ཚོར་བཙན་བྱོལ་བོད་མིའི་དམངས་གཙོ་དང་བོད་ནང་གི་གནས་སྟངས་སྐོར་ལ་ཟབ་སྦྱོང་ཞིག་ངྷ་སར་མགོ་འཛུགས་གནང་སོང་།

དེ་རིང་ཕྱི་ཚེས་ ༢༥ ཉིན་གྱི་ཞོགས་པ་ཆུ་ཚོད་ ༡༡ དང་ཕྱེད་ཀའི་སྟེང་ངྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག རྒྱ་གར་དང་བལ་ཡུལ་ནང་གི་བོད་པའི་སློབ་གྲྭ་ཁག་ ༢༡ གི་འཛིན་རིམ་བཅུ་གཅིག་གི་སློབ་མ་ ༡༠༥ ལ། ཉིན་དགུའི་རིང་༼ བཙན་བྱོལ་བོད་མིའི་མང་གཙོ་དང་བོད་ནང་གི་དངོས་ཡོད་གནས་སྟངས ༽ཞེས་པའི་ཐད་ཟབ་སྦྱོང་ཐེངས་དགུ་བ་མགོ་འཛུགས་གནང་ཡོད་ཅིང་། ཟབ་སྦྱོང་དབུ་འབྱེད་ཀྱི་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཕེབས་འདུག 

ཟབ་སྦྱོང་དབུ་འབྱེད་ཀྱི་ཐོག་མར་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་འཆར་འགན་འཛིན་སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ཟབ་སྦྱོང་ངོ་སྤྲོད་གནང་པ་ལྟར་ན། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ནི་འཇར་མན་གྱི་རོགས་ཚོགས་ཤིག་གི་རྒྱབ་སྐྱོར་འོག བོད་ཀྱི་འཐབ་རྩོད་དང་དམངས་གཙོའི་ལྟ་གྲུབ་དར་སྤེལ་ཆེད་ལས་གཞི་སྣ་ཚོགས་སྤེལ་བཞིན་ཡོད་པའི་ཁྲོད། ༢༠༠༤ ཙམ་ནས་དགུན་ཁའི་གུང་སེང་དང་བསྟུན་རྒྱ་གར་དང་བལ་ཡུལ་ནང་གི་བོད་པའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཅིག་གི་སློབ་མ་དང་། དབྱར་ཁའི་གུང་སེང་སྐབས་མཐོ་སློབ་ཀྱི་སློབ་མ་ཚོ་བཅས་ལ་ལོ་ལྟར་བཙན་བྱོལ་བོད་མིའི་དམངས་གཙོ་དང་བོད་ནང་གི་དངོས་ཡོད་གནས་སྟངས་ཐད་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ་དང་། ཐེངས་འདིའི་ཟབ་སྦྱོང་ནང་སློབ་གྲྭ་ཁག་ ༢༡ ནས་སློབ་ཕྲུག་ ༡༠༥ དང་། དགེ་རྒན་ ༡༨ བཅས་མཉམ་ཞུགས་བྱུང་ཡོད་འདུག

དེའི་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སློབ་ཕྲུག་ཚོར་མ་འོངས་པར་སོ་སོའི་ཤེས་ནུས་དང་འབྲེལ་བོད་ཀྱི་རྩ་དོན་ལ་འགན་འཁུར་དང་མགོ་ཁྲིད་གནང་ཕྱོགས་ཐད་གསུང་བཤད་གནང་སྐབས། ཐོག་མ་༧གོང་ས་མཆོག་གཙོས་བོད་མི་མང་པོ་བཙན་བྱོལ་དུ་ཡོང་དགོས་ཆགས་པ་དང་། བཙན་བྱོལ་དུ་བསླེབས་རྗེས་དཀའ་ངལ་གང་འདྲ་འཕྲད་ཡོད་པ། སྐབས་དེའི་བོད་མི་ཚོས་ཕྱིར་བོད་དུ་ལོག་རྒྱུར་རེ་བ་བཟུང་སྟེ་ཡོང་ཡོད་ཅིང་། མི་རབས་རྒན་པ་ཚོའི་འགན་དེ་ད་ཆར་མི་རབས་གསུམ་པ་དང་བཞི་བའི་སྟེང་བབ་ཡོང་གི་ཡོད་སྟབས། ཇི་སྲིད་བཙན་བྱོལ་བོད་མི་ཚོ་ཕྱིར་བོད་དུ་ལོག་རྒྱུ་མ་བྱུང་པར་དུ་བཙན་བྱོལ་བོད་མི་ཚོས་མི་རབས་རིམ་བརྒྱུད་ཀྱིས་རྩ་དོན་ལ་འགན་འཁུར་དགོས་པས། སློབ་ཕྲུག་ཚོས་ཐེངས་འདིའི་ཟབ་སྦྱོང་བརྒྱུད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་དེའི་ལས་ཁུངས་ཁག ལས་དོན་བྱེད་ཕྱོགས་སོགས་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ་མ་འོངས་པར་སོ་སོས་ལས་དོན་གང་འདྲ་ཞིག་གི་ཐད་ནས་བོད་ཀྱི་རྩ་དོན་ལ་འགན་འཁུར་དགོས་པའི་ཁ་ཕྱོགས་འཛིན་ཐུབ་པ་བྱ་དགོས་པ་བཅས་ཀྱི་ལམ་སྟོན་གནང་སོང་།

ཡང་ཁོང་གིས། བོད་ཀྱི་བདེན་མཐའ་མ་སེལ་པར་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་སྲ་བརྟན་གནས་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་དང་། དེང་སྐབས་རྒྱལ་སྤྱིའི་ནང་བོད་དང་བོད་ཀྱི་དཀའ་རྙོག་ཅེས་པ་ཞིག་ཡོད་པ་ཚང་མས་ཤེས་ཀྱི་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད་སྐོར་སོགས་གསུངས་ཏེ། སློབ་ཕྲུག་ཚོས་ཨང་དང་པོ་སོ་སོ་སུ་ཡིན་པ་ངོ་འཕྲོད་རྒྱུ་གལ་ཆེན་པོ་ཡིན་ཞིང་། རང་ཉིད་བཀྲུས་ཀྱང་མི་དག་པའི་བོད་མི་ཞིག་ཡིན་པ་གཏིང་ཟབ་པོས་ངོ་འཕྲོད་པར་བྱས་ཏེ། སོ་སོའི་ཕ་མ་ནང་མའི་གནས་སྟངས་དང་བོད་ཀྱི་གནས་བབ་ལ་ཤེས་རྟོགས་ཐུབ་པའི་སྟེང་། ཆུང་ས་ནས་ཕ་མ་ནང་མི་དང་ཆེ་ས་ནས་བོད་ཀྱི་རྩ་དོན་ལ་འགན་འཁུར་མཁན་རེ་ཡོང་དགོས་པ། རྒྱ་གཞུང་གིས་མི་རིགས་མཉམ་སྲེ་དང་བོད་མིའི་ངོ་བོ་རྩ་མེད་གཏོང་པའི་སྲིད་ཇུས་འོག རང་ལུས་མེར་བསྲེགས་ཀྱིས་མཚོན་བོད་ནང་གི་གནས་བབ་ཧ་ཅང་ཛ་དགྲ་ཆགས་ཡོད་པའི་སྐབས་འདིར་བོད་ཕྱི་ནང་གཉིས་མཉམ་རུབ་ཐོག་དཀའ་ལས་རྒྱག་དགོས་སྐོར། ད་སྔ་རྒྱལ་སྤྱིའི་སྟེང་གྲོས་ཚོགས་འཐུས་མི་དང་ཆབ་སྲིད་མི་སྣ། རང་དབང་ཅན་གྱི་ཚོགས་སྡེ་དང་མི་སྒེར་བཅས་ནས་བོད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་ཡོང་གི་ཡོད་ཀྱང་། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་དབྱིན་ཇིའི་སྲིད་བློན་ཌ་ཝེ་ཌི་སོགས་གཞུང་གི་མགོ་ཁྲིད་ཁྲོད་བོད་ཀྱི་གནད་དོན་ལ་སྐད་ཆ་བཤད་མཁན་ཡོང་གི་མེད་སྐོར་སོགས་གསུངས་ཡོད།

གཞན་ཁོང་གིས་ལས་འགུལ་ཟེར་པ་དེ་གཞུང་ལམ་སྟེང་ཐོན་ཏེ་སྐད་འབོད་ཁྲོམ་སྐོར་བྱེད་རྒྱུ་ཙམ་མ་ཡིན་པར། ཕྱོགས་དང་ཟུར་སྣ་ཚོགས་ནས་ཤུགས་རྐྱེན་དང་ནུས་པ་ཐོན་ཐབས་བྱ་དགོས་པ་དང་། སློབ་ཕྲུག་ཚོས་ད་ལྟའི་སློབ་སྦྱོང་གི་མཐུན་རྐྱེན་བེད་སྤྱོད་ཡག་པོ་བཏང་སྟེ་མ་འོངས་པར་སོ་སོ་ནུས་པ་ལྡན་པའི་བོད་མི་རེ་བྱ་དགོས་པའི་སྐུལ་འདེད་གནང་སོང་།

གསར་འགོད་པས་ཟབ་སྦྱོང་ནང་མཉམ་ཞུགས་བྱེད་མཁན་བལ་ཡུལ་རྣམ་རྒྱལ་མཐོ་སློབ་འཛིན་རིམ་བཅུ་གཅིག་གི་སློབ་མ་ཀརྨ་བསྟན་འཛིན་ལགས་སུ་ཐེངས་འདིའི་ཟབ་སྦྱོང་ལ་རེ་བ་གང་འདྲ་ཞིག་བཟུང་ཡོད་མེད་དྲིས་པར། རང་ཉིད་ཀྱིས་བོད་ནང་ཛ་དྲག་ཆགས་ཡོད་པ་རེད་ཟེར་པ་ཙམ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ངྷ་སར་ཡོད་པ་ཙམ་ལས་ཤེས་ཀྱི་མེད་སྟབས། ཐེངས་འདིར་བོད་ནང་གི་དངོས་ཡོད་གནས་སྟངས་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སོགས་ལ་ཤེས་རྟོགས་ཡག་པོ་ཞིག་ཡོང་གི་རེད་དྲན་ཚུལ་བརྗོད་བྱུང་།

ཡང་ཐེངས་གཉིས་ཙམ་སློབ་མ་ཚོ་ཁྲིད་དེ་ཟབ་སྦྱོང་ལ་ཡོང་མཁན་ཧ་པཱ་པུར་སློབ་གྲྭའི་བོད་དགེ་དགེ་བཤེས་བློ་ལྡན་ལགས་ལ། ཐེངས་སྔོན་མ་དག་གི་ཉམས་མྱོང་ཐད་ནས་ཟབ་སྦྱོང་འདིས་སློབ་ཕྲུག་ཚོར་ཕན་ཐོགས་ཡོང་གི་ཡོད་མེད་དྲིས་པར་ཁོང་གིས། ཐེངས་སྔོན་མར་མཚོན་ན་ཟབ་སྦྱོང་རྗེས་སུ་ཕྱིར་སློབ་གྲྭར་ལོག་རྗེས་ཟབ་སྦྱོང་ལ་ཡོང་མཁན་སློབ་ཕྲུག་ཚོའི་ཉམས་མྱོང་དང་གང་ཤེས་པ་དག་སློབ་གྲྭའི་ནང་བཤད་བཅུག་ཡོད་ཀྱང་། འཕྲལ་དུ་ཕན་ཐོགས་འདི་འདྲ་ཡོང་གི་འདུག་ཅེས་བཤད་རྒྱུ་ཁག་པོ་ཡིན་ཚུལ་དང་། དེང་སྐབས་ཧ་པཱ་པུར་སློབ་གྲྭ་མཚོན་པའི་བོད་པའི་སློབ་གྲྭ་མང་པོ་ཞིག་གི་ནང་བོད་པ་ལས་རྒྱ་གར་སློབ་ཕྲུག་མང་པ་ཆགས་ཡོད་པ་དང་། དགེ་རྒན་ཡང་ཕལ་ཆེ་བ་རྒྱ་གར་བ་ཡིན་སྟབས། བོད་པའི་སློབ་ཕྲུག་ཚོའི་བསམ་བློའི་འཁྱེར་ཕྱོགས་དང་བྱ་སྤྱོད་འཛིན་ཕྱོགས་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ། བོད་པ་རང་གི་འདུ་ཤེས་དང་མི་རིགས་ཀྱི་ལ་རྒྱ། སྐད་ཡིག་གི་རིན་ཐང་སོགས་ཡལ་བཞིན་པའི་གནས་སྟངས་ཤིག་ཆགས་ཡོད་ཚུལ་བརྗོད་བྱུང་།

ཐེངས་འདིའི་ཉིན་དགུའི་རིང་གི་ཟབ་སྦྱོང་སྐབས་སློབ་ཕྲུག་རྣམས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཅས་ལ་ལྟ་སྐོར་དང་། གནད་ཡོད་མི་སྣ་ ༣༥ ཙམ་གྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་དམངས་གཙོ། བོད་ནང་གི་དངོས་ཡོད་གནས་སྟངས་སོགས་བརྗོད་གཞི་མ་འདྲ་བ་ ༢༢ ཙམ་གྱི་ཐད་གསུང་བཤད་དང་དྲི་བ་དྲིས་ལན་གནང་རྒྱུ་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༦ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 1

  1. ཚེ་རིང་། says:
    ལོ་ 13 སྔོན།

    ཚོགས་གཙོ་སྤེན་པ་ཚེ་རིང་འདི་སྔོན་ཆད་སྐད་ཆ་ཡག་པོ་ཤོད་ཐུབ་མཁན་ཞིག་མིན་ཡང་། དེང་སྐབས་འོ་ཙམ་ཤོད་ཀྱི་འདུག མ་གཞི་རྡ་རམ་ས་ལའི་ཆབ་སྲིད་པ་སྤྱི་ཡོངས་ལ་སྐད་ཆ་དོན་སྙིང་ཅན་ཞེ་དྲག་བཤད་རྒྱུ་མེད། ད་རེས་སྤེན་པ་ཚེ་རིང་གིས་བཙན་བྱོལ་བོད་མིའི་མི་རབས་རྒན་པའི་ལས་འགན་དེ་མི་རབས་གསར་པ་ཚོར་བརྒྱུད་སྤྲོད་བྱེད་ཕྱོགས་ཤིག་བཤད་ཡོད་པ་དེ་ཧ་ཅང་སྙིང་རྗེ་བོ་མཐོང་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese