མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་མགོ་ཁྲིད་འཕོ་འགྱུར་དང་སྲིད་བྱུས་སྐོར་ལ་བགྲོ་གླེང་ཚོཊ།

བོད་ཀྱི་དུས་བབ།
༢༠༡༢/༡༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

ད་ནང་གངས་སྐྱིད་སྤྱི་ཐབས་ཚོགས་ཁང་དུ་རྒྱ་ནག་མགོ་ཁྲིད་འཕོ་འགྱུར་གྱིས་རྒྱ་ནག་མི་མང་དང་བོད་སོགས་ལ་ཤུགས་རྐྱེན་གང་འདྲ་ཐེབས་རྒྱུ་ཡིན་མིན་སྐོར་ལ། རྒྱ་ནག་ཆེད་མཁས་པ་དང་སྲིད་དོན་དབྱེ་ཞིབ་པ་མང་པོ་ལྷན་ཞུགས་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་མགོ་འཛུགས་གནང་སོང་།

དེ་རིང་ཞོགས་པའི་ཆུ་ཚོད་ ༩།༣༠ སྟེང་། གངས་སྐྱིད་སྤྱི་ཐབས་ཚོགས་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ཚེས་ ༣༠ པར་ཉིན་གསུམ་རིང་ཕྱི་ནང་གི་རྒྱ་ནག་མཁས་པའི་ལྷན་ཚོགས་༼ རྒྱ་ནག་མགོ་ཁྲིད་འཕོ་འགྱུར་གྱིས་རྒྱ་ནག་མི་མང་དང་བོད་སོགས་གཞན་ལ་ཤུགས་རྐྱེན་ཇི་ཐེབས་སྐོར་གྱི་རྒྱ་ནག་མཁས་པའི་བགྲོ་གླེང་ཚོགས་འདུ་༽ཞེས་པ་ཞིག་འཚོགས་ཡོད་ལ། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། གཞན་ལྷན་ཁག་གི་བཀའ་བློན་རྣམ་པ་དང་དྲུང་ཆེ་རྣམ་པ། སྤྱི་འཐུས་ཁག་ཅིག་དང་སྡེ་ཚན་ཁག་གི་འགན་འཛིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། གདན་ཞུའི་གཏམ་བཤད་པ་རྣམ་པ་བཅས་མི་ ༡༠༠ ཡས་མས་མཉམ་ཞུགས་གནང་འདུག

མཛད་སྒོ་དབུ་འཛུགས་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་མཆོག་གིས་ཉམས་ཞིབ་ཁང་ངོ་སྤྲོད་དང་། མ་འོངས་པར་མི་སྣ་གསོ་སྐྱོང་གིས་ཉམས་ཞིབ་ཁང་ཚད་ལྡན་ཞིག་ཡོང་ཐབས་ལ་འབད་བརྩོན་གནང་རྒྱུ་ཡིན་སྐོར་དང་། དེ་བཞིན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་མཁས་པ་རྣམ་པ་དང་། དམིགས་གསལ་གཏམ་བཤད་པ་ཁག་ཅིག་མིང་འདོན་གྱིས་སྔོན་མ་ནས་བོད་དང་བོད་མིར་རྒྱབ་སྐྱོར་གྱིས་རྩོམ་ཡིག་དང་གཏམ་བཤད་སྤེལ་མཁན་དག་ལ་བསྔགས་བརྗོད་གནང་སོང་ལ། ཐེངས་འདིའི་ཉིན་གསུམ་རིང་གི་དབྱེ་ཞིབ་རང་བཞིན་གྱི་བགྲོ་གླེང་བརྒྱུད་དེ། བོད་མིའི་སྒྲིག་འཛུགས་ཀྱི་མ་འོངས་ལས་དོན་བྱེད་ཕྱོགས་དང་སྲིད་ཇུས་འཛིན་སྟངས་ཐོག་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་སྐོར་བཅས་གསུངས་ཡོད།

སྲིད་སྐྱོང་མཆོག་གིས་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱི་ཕ་རྒན་༧གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ལ་འབྲེལ་བ་ཡག་པོ་འཛིན་མཁན་ཞིག་ཡིན་དང་། དབུས་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་བདུན་དང་། ལྷག་པར་དུ་བོད་དང་ཐད་ཀར་འབྲེལ་བ་ཡོད་པའི་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་ལེན་ཅི་ཧྭ་སོགས་རྒྱ་ནག་གི་མགོ་ཁྲིད་རྒན་པ་དག་གི་ཕྱོགས་ཁག་གང་དུ་གཏོགས་མིན་དང་། ལོ་རྒྱུས་དང་སྲིད་བྱུས་ཀྱི་རྒྱབ་ལྗོངས་གནས་ཚུལ་ལ་གཞིགས་ཏེ་བོད་དོན་ལ་ཕན་གནོད་གང་འདྲ་འབྱུང་མིན། མ་འོངས་པར་ཁོ་ཚོས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་འགྲོ་མིན་བཅས་ལ་དབྱེ་ཞིབ་བྱ་དགོས་པ་དང་། དེ་བཞིན། ཨ་རིའི་སྲིད་འཛིན་ཨོ་བྷ་མས་དེང་སྐབས་ཨེ་ཤ་ཡའི་མངའ་ཁུལ་དུ་བཟུང་པའི་སྲིད་བྱུས་ཐད་ནས་བོད་ལ་འབྲེལ་བ་ཆགས་སྲིད་མིན་སོགས་ལ་བགྲོ་གླེང་དང་དབྱེ་ཞིབ་གཏིང་ཟབ་བྱ་དགོས་པའི་འབོད་སྐུལ་གནང་སོང་།

སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་བབ་ཧ་ཅང་སེམས་སྐྱོ་པ་ཞིག་ཏུ་གྱུར་ཡོད་པ། ད་སྔ་བོད་བོད་མི་དགུ་བཅུ་ལྷག་ཅིག་གིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། དེ་སྔའི་ཟླ་བ་རེ་རེའི་རང་ལུས་མེར་བསྲེགས་ཀྱི་གྲངས་འབོར་མང་ཤོས་འདི་ལོའི་ཕྱི་ཟླ་ ༡༡ པའི་ནང་བྱུང་ཡོད་པ་དང་། དེ་ནི་ཨ་རིའི་སྲིད་འཛིན་འོས་བསྡུ་དང་རྒྱ་ནག་གི་སྐབས་ ༡༨ པའི་ཚོགས་ཆེན། དེ་བཞིན་བཙན་བྱོལ་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་པའི་དམིགས་བསལ་ཚོགས་ཆེན་ཚོགས་པ་བཅས་ལ་འཁེལ་སྟབས། བོད་ནང་གི་བོད་མི་ཚོས་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱིས་རང་ལུས་མེར་བསྲེགས་མི་གནང་པའི་འབོད་སྐུལ་ཞུ་བཞིན་ཡོད་ཀྱང་། རང་ལུས་མེར་བསྲེགས་ཀྱི་རྒྱུ་རྐྱེན་ལ་ངེས་པར་དུ་དོ་སྣང་བྱ་དགོས་སྐོར་སོགས་གསུངས་སོང་།

གསར་འགོད་པས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱ་ནག་ཆབ་སྲིད་ཉམས་ཞིབ་པ་བསྟན་འཛིན་ཚེ་བརྟན་ལགས་སུ། ཐེངས་འདིའི་མཁས་པའི་བགྲོ་གླེང་ཚོགས་འདུའི་སྐོར་ལ་བཅར་འདྲི་གནང་སྐབས་ཁོང་གིས། ཚོགས་འདུ་དེ་ནི་གཙོ་བོ་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚོར་དམིགས་པ་ཞིག་ཡིན་པ་དང་། ཉམས་ཞིབ་ཁང་གི་དམིགས་ཡུལ་ཧ་ཅང་ཡག་པོ་ཡོད་ཚུལ། གཏམ་བཤད་པ་ཁག་ཅིག་གིས་རྒྱ་ནག་འཐོར་རྒྱུ་ཡིན་པར་བཤད་པ་དང་ཡང་ཁག་ཅིག་གིས་རྒྱ་ནག་འཕེལ་རྒྱས་འགྲོ་རྒྱུ་ཡིན་སྐོར་བཤད་དེ་ཁོང་ཚོའི་དབྱེ་ཞིབ་ཀྱི་ལྟ་ཚུལ་མ་མཐུན་པ་ཡོང་གི་ཡོད་ཀྱང་། ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚོར་མཚོན་ན་ཕྱི་ལོགས་ཀྱི་མཁས་པ་ཚོ་དང་འབྲེལ་ལམ་ཡར་རྒྱས་དང་ཉམས་མྱོང་སྤེལ་རེས་བཅས་ནི་ཁེ་ཕན་ཞིག་ཏུ་མཐོང་གི་ཡོད་སྐོར་བརྗོད་བྱུང་།

ཐེངས་འདིའི་ཉིན་གསུམ་རིང་གི་བགྲོ་གླེང་ཚོགས་འདུའི་ཐོག ཨ་རིའི་ཉམས་ཞིབ་པ་སློབ་དཔོན་ཆེན་མོ་ཆཱང་(Dr. Gordon G. Chang)ལགས་ཀྱིས་༼འཐོར་ལ་ཉེ་བའི་རྒྱ་ནག་དང་དེས་བོད་ཀྱི་གནད་དོན་ལ་ཤུགས་རྐྱེན་གང་འདྲ་ཡོང་༽ཞེས་པའི་བརྗོད་གཞི་དང་། ཐའེ་ཝན་ཊམ་ཁཱང་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལཱེན་(Prof. Chong-Pin-Lin) ལགས་ཀྱིས་༼ཞཱི་ཅིན་ཕེན་སྒེར་གྱི་ཁེ་ཕན་དང་རྒྱལ་ཁོངས་གདོང་ལེན ༽ཞེས་པ། ཨ་རིའི་རྒྱལ་སྤྱིའི་ཕྱི་འབྲེལ་དང་ཁྲིམས་ལུགས་ཆེད་མཁས་པ་དགེ་རྒན་ཆེན་མོ་མཱའེ་ཁཱེལ་(Michael)ལགས་ཀྱིས་༼བོད་རྒྱའི་དཀའ་རྙོག་སེལ་ཐབས༽ཞེས་པ། ལྡི་ལི་གཙུག་ལག་སློབ་ཆེན་གྱི་རྒྱ་ནག་ཉམས་ཞིབ་པ་སློབ་དཔོན་ཆེན་མོ་ལྕམ་བྷལ་ལཱ་(Prof. Madhu Bhalla)ལགས་ཀྱིས་༼ རྒྱ་ནག་གི་དཔལ་འབྱོར་གནས་བབ ༽ཅེས་པ། རྒྱ་ནག་གྲངས་ཉུང་མི་རིགས་སྲིད་ཇུས་ཆེད་མཁས་པ་ལྡི་ལི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྕམ་ཨ་བྷན་ཊེ་(Abanti Bhattacharya)ལགས་ཀྱིས་༼བོད་དང་གྲངས་ཉུང་མི་རིགས་གཞན་དག་ལ་རྒྱ་ནག་གིས་མ་འོངས་པར་སྲིད་ཇུས་འཛིན་ཕྱོགས༽ཞེས་པ། ཕྱི་སྡོད་རྒྱ་རིགས་རྩོམ་པ་པོ་ལྕམ་ཊོའུ་རུའེ་(Xhu Rui)ལགས་ཀྱིས་༼རང་ཉིད་བོད་དོན་ལ་དབྱིངས་ཇི་ལྟར་ཞུགས་པའི་སྐོར༽ སོགས་ཀྱི་ཐོག་ནས་གཏམ་བཤད་སྤེལ་རྒྱུ་ཡིན་འདུག

གཞན། ཐེངས་འདིའི་བགྲོ་གླེང་ཚོགས་འདུར་དེ་སྔའི་༧གོང་ས་མཆོག་གི་དམིགས་སྐུ་ཚབ་ཟུར་པ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ལས་བྱེད་རྣམ་པ། སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་དང་ཐའེ་ཝན་དོན་གཅོད་ཟླ་བ་ཚེ་རིང་བཅས་ཀྱང་མཉམ་ཞུགས་ཀྱིས་བགྲོ་གླེང་གི་ཆ་ཤས་ལེན་རྒྱུ་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༦ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 2

  1. ཤར་ཕྱོགས་རྒྱལ་སྲས། says:
    ལོ་ 13 སྔོན།

    སྲིད་བྱུས་ཉམས་ཞིབ་ཁང་ཟེར་བ་དེ། ཁང་པའི་རྩི་བཟོ་བཅོས་རྒྱབ་པ་ཙམ་གྱིས་ག་ལ་ཡོང། དེ་རིང་བདེ་སྐྱིད་ཆོས་དབྱིངས་འགན་འཛིན་གཞོན་པ་ཡིན་ཟེར། བསམ་འཕེལ་ག་རེ་བྱས་ནས་མ་སླེབས་པ་རེད་དམ། ཉེ་སྔོན་བསམ་འཕེལ་བཙན་བྱོལ་སྒྲིག་འཛུགས་དང་དེའི་སྲིད་བྱུས་ལ་སྐྱོན་བརྗོད་གྲོས་རྭ་ལྷ་བཟང་ཚེ་རིང་གི་དེབ་དབུ་འབྱེད་སར་ཕྱིན་པས། གནས་སྐབས་འགན་འཛིན་ནས་ཕྱིར་འཐེན་བྱས་པ་ཡིན་སྲིད། དེ་མིན་ཨ་ཏི་ཤས་གློ་བུར་རྩ་དགོངས་ཞུས་པ་ཕྱི་དྲིལ་ལས་ཁུངས་ལ་ས་ཡོམས་ཆེན་པོ་ཞིག་རྒྱབ་ཡོད་པ་བཅས། གངས་ཅན་སྐྱིད་གཤོངས་ཀྱི་གས་སྒྲ་ཙག་སྒྲ་འདི་དག་དེ་རིང་སྲིད་བྱུས་ཉམས་ཞིབ་ཁང་གི་བགྲོ་གླེང་ལས་ཀྱང་མཐོང་ཐུབ་པ་ཞིག་རེད

    Reply
  2. Tenzindakpa says:
    ལོ་ 13 སྔོན།

    རྒྱ་ནག་སྐོར་ལ་བགྲོ་གླེང་ཚོགས་འདུ་ཚོགས་པ་ཧ་ལས་པ་ཡག་པོ་རེད། ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་རེད། ཡིན་ནའང་བཀའ་བློན་ཁྲི་པའི་དུས་ཡུན་ལོ་ལྔ་རེད། ད་བར་ལོ་གཅིག་དང་ཟླ་ལྔ་འགྲོ་ཚར་རེད། ལོ་གཅིག་འགྲོ་ལ་ཉེ་སྐབས་ཤིག་ལ་”བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང”ཟེར་བ་དེ་གཞི་ནས་བཙུགས་སོང་། ལོ་གཅིག་དང་ཕྱེད་ཀའི་རྗེས་སུ་རྒྱ་ནག་གི་སྐོར་ཟེར་ན་འདྲ། གང་ལྟར་ཉམས་ཞིབ་ཁང་དེའི་ཚོགས་བགྲོ་གླེང་ཚོགས་འདུ་དང་པོ་ཚོགས་པ་རེད།
    སྲིད་སྐྱོང་མཆོག་གིས་སྔོན་མ་དམ་འབུལ་སྐབས་དང་གྲོས་ཚོགས་ནང་ཐོག་མ་བཀའ་ཤག་གསར་པའི་ལས་དོན་སྙན་སྒྲོན་ཞུ་དུས་སྒང་ལ། གང་མགྱོགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་བཙུགས་ཏེ་ཟླ་བ་བཞི་རེ་དང་། ཡང་ན་དྲུག་རེའི་མཚམས་སུ་བགྲོ་གླེང་ཚོགས་འདུ་སྐོང་སྟེ་རྒྱ་ནག་དང་རྒྱལ་སྤྱི། བོད་ནང་དང་བཙན་བྱོལ་བཅས་སུ་སྲིད་བྱུས་གཏན་འབེབས་དང་ལས་དོན་འཆར་འགོད་བྱེད་རྒྱུ་ཡིན་སྐོར་བཤད་ཡོད་པ་རེད།
    ད་དུང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དེའི་ཉམས་ཞིབ་པ་ཟེར་ན་འདྲ། ལས་བྱེད་ཟེར་ན་འདྲ་གངས་སྐྱིད་ཁུལ་གྱི་ལས་བྱེད་རྙིང་པ་ཀླད་པ་ལྗང་ཁུ་རྐྱང་རྐྱང་ཡིན་པ་ཞིག་གོ་སོང་། གཞོན་སྐྱེས་གསར་པ་འགའ་རེ་བླངས་ཡོད་པའང་ཕྱིན་ཚར་བ་རེད་ཟེར། དེ་སྔའི་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་སྒོ་བརྒྱབ་པ་ཟེར་ན་འདྲ། གང་ལྟར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ཟེར་བ་འདི་དང་ཁུད་སྡུད་བྱས་པ་རེད་ཟེར་བ་ཞིག་གོ་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese